སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་སོ་གསུམ་པ། མགུལ་ནད་ལྦ་བ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་སོ་གསུམ་པ། མགུལ་ནད་ལྦ་བ་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོའ་[གསོ་]བ་འཛིན་པ་ཀུན། །མགུལ་ནད་ལྕ་[ལྦ་]བའི་བཅོས་ཐབས་བསྟན་གྱིས་བཟུང་[ཟུངས]། །འདི་ལ་རྒྱུ་རྐྱེན་དབྱེ་བ་བརྟག་ཐབས་དང༌། །བཅོས་པའི་ཐབས་དང་རྣམ་པ་བཞིས་བརྟན་[བསྟན་]གྱིས། །རྒྱུ་རྐྱེན་ཟས་སྤྱོད་གདོན་དང་འདུ་བ་འཁྲུག་[འཁྲུགས]། །རྐེའི་[སྐེ་ཡི་]རྩ་སྒོར་སྦ་[ལྦ་]བ་སྐྱེད་པར་བྱེད། །གསུམ་པ་དབྱེའ་[དབྱེ་]ན་རླུང་མཁྲིས་ཁྲག་དང་བད་ཀན་ཚིལ། །འདུས་པའི་སྦ་[ལྦ་]བ་གཡང་ལྦ་བྱུར་ལྦ་བརྒྱད། །དེ་རྟགས་རླུང་གྱུར་ཁོང་སྡོང་[སྟོང་]མགོ་བོ་མང་། །མཁྲིས་ལྦ་ཕུར་ཚེ་སྙིང་[སྙི་]ཞིང་ཆུང་བར་འབྱུང་། །ཁྲག་ལྦ་དྲོ་[དྲོད་]བཅུད་དྲག་ཤུལ་རྐྱེན་གྱིས་སྐྱེ། །བད་ཀན་འདྲ་ཁྲེགས་[སྲ་མཁྲེགས་]དལ་བུས་སྐྱེས་[སྐྱེ་]བར་བྱེད། །བཞི་པ་སྟག་སྒོ་བ་པ་རྟག་འོག་སྐྱེ། །ཚིལ་ལྦ་སྐད་འགའ་[སྐྱེ་འགག་]གྲེ་མགུལ་ཚེ་རྒྱས་ལེབ། །འདུས་པའི་ལྦ་བ་དབུགས་སུབ་ངར་ངར་འབྱུང༌། །གཡང་ལྦ་དབྱིབས་ལེགས་འབྱུང་ཕྱིན་[ཕྱིར་]ཟས་ནོར་འཕེལ། །བྱུར་ལྦ་མི་མི་བསྡུག་[སྡུག་]འབྱུང་ཕྱིན་[ཕྱིར་]བཀྲ་མི་ཤིས། །བཞི་པ་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་ཚ་བ་སྨིན་[སྨན་]ཆང་ཕྱེ་མ་དང༌། །དཔྱད་བརྟག་[དང་]སྔགས་དང་ལོག་གནོན་དྲུག་གིས་བཅོས། །དང་པོ་ཚ་ལྕེ་[བཅོས་]གཡག་རྒོད་ཨོལ་མདུན་[མདུད་]སྣ་ཚོགས་དང་། །ཚ་སྣ་སུག་སྨེ་[སྨེལ་]ཟི་ར་སླེ་ཁྲེས་[ཏྲེས་]རྣམས། །ཞིབ་བརྡུང་བཅོས་[བཙོས་]ཏེ་ལྟོ་རུ་བཏང་བས་འཇོམས། །གཉིས་པ་སྨན་ཆང་ཨོལ་མདུད་རྣམ་པ་སྣ་ཚོགས་དང༌། །སྨན་ལྒ་ཉ་ཤ་བཟང་དྲུག་ཤིང་ཚ་དང༌། །ལྦ་ཚ་རུ་རྟ་ཨུད་དཔལ་[ཨུཏྤལ་]ཆུ་ལ་གདུས། །ཆང་སྦྱར་མནན་ཏེ་ལངས་ནས་སྐོམ་དུ་བསྟེན། །གསུམ་པ་ཕྱེ་མ་ཨོལ་མདུད་སྣ་ཚོགས་བཟང་པོ་དྲུག །ཝ་ཚ་ཤིང་ཚ་རྒྱམ་ཚ་ཚ་བ་གསུམ། །ཨ་རུ་བུར་དཀར་[ཀར་]རྟས་བསྐྱུར་[བསྒྱུར་]ཆུ་བསྐོལ་དབུལ། །ཡང་ནད་[ན་]ཨོལ་མདུད་སྙིང་[རྙིང་]པ་སྣ་ཚོགས་རྒྱ་ཚ་རྒྱམ་ཚ་དང་། །ལྦ་ཚ་ཏིག་ཏ་སྤང་རྒྱན་བ་ཤ་ཀ །ཕྱེ་མ་ཀ་ར་ལྟོ་སྟོང་བསྟེན་པར་བྱ། །ཡང་ན་གོ་བོའི་སྟོད་ཁོག་གཡག་རྒོད་རྟ་དང་རྐྱང༌། །སྤྱང་ཁུ་སོ་བྱ་ལ་སོགས་གྲེ་བ་སྣ་ཚོགས་དང་། །ཚ་བ་གསུམ་དང་བྲག་ཞུན་ལྦ་ཚ་དང༌། །བུ་[བུར་]དཀར་སྦྱར་བའི་ལྟོ་སྟོང་ཆུ་བསྐོར་[སྐོལ་]དབུལ། །གདབ་ཁྲད་[ཟླ་ཕྱེད་]བསྟེན་པས་རྦ་[ལྦ་]བ་རྩེད་[རྩད་]ནས་འབྱིན། །བཞི་པ་དཔྱད་དུ་པུང་ཀེ་[དཔུང་སྐེ་]སྣ་[རྣ་]རྒྱབ་ལྦ་རྩ་གཏར། །སྣ་བཤལ་[ཤལ་]འོག་དང་རྦབ་[ལྦ་]མགོ་ཨེན་དོང་སྲེགས་[ཨན་སྟོང་བསྲེག]། །ལྔ་པ་སྔགས་བཅོས་སྨྲ་བཅད་བཟླས་ཏེ་ཕྱི་ནས་གདབ། །ཨཱོ་[ཨོཾ་]ན་[ནག་]ག་ཏ་རག་[ཏ་]པུས་པ་ཏ་སྭཱཧཱ། །ཆུ་ལ་བཟླས་ཏེ་ཁོག་ཏུ་བཏུང་བར་བྱ། །ཨཱོ་[ཨོཾ་]མི་ཏི་མི་ཏི་ཤུག་[ཤག་]ཀྲུག་སཱ་[སྭཱ་]ཧཱ། །ཨཱོ་[ཨོཾ་]ཁ་ཁུ་ག་མ་ལ་རག་ཏ་[རཀྟ་]ནན། །ཨཱོ་[ཨོཾ་]དམར་མོ་ཛིན་དུ་ཛིན་དུ་ཧཱུཾ་ཧཱུཾ་ཕཊ་ཕཊ་ས་[སྭཱ་]ཧཱ། །ཐོག་མར་དགུ་པ་ལྔ་བརྒྱ་[བརྒྱད་]དེ་རྗེས་སྦྲེལ། །བཟླས་ཤིང་བཏབ་པས་ལྦ་བ་ཐམས་ཅད་འཇོམས། །དྲུག་པ་ལོག་ནོན་ལྦ་བ་ཤིན་ཏུ་བཅོས་དཀའ་ལ། །ཚ་ཐུར་བཅད་[རྒྱབ་]ལ་རུལ་གཅོད་འབྲས་ལྟར་གསོའ་[གསོ]། །གཉིས་པ་བྱེ་བྲག་རླུང་ལྦ་མེ་བཙའ་སྣུམ་དུགས་བྱ། །འཁྲིས་[མཁྲིས་]པའི་ལྦ་བ་ཕུག་པས་འཚོ་བར་འགྱུར། །ཁྲག་ལྦ་གཏར་དང་བསིལ་གྱི་ཕྱེ་མར་[མ་]བསྟེན། །བད་ཚིལ་ལྦ་བ་སྐྱུག་འདྲེན་རྩུབ་བཅོས་བྱ། །འདུས་པ་གསོའ་[གསོ་]ཐབས་ཀུན་གྱིས་དེ་བཞིན་བཅོས། །གཡང་ལྦ་མི་བཅོས་གཡང་ལོན་བྱས་ན་ཤིས། །བྱུར་ལྦ་གདོན་བཅོས་རིམ་གྲོ་རྒྱ་ཆེན་བགྱི། །དེ་ནས་བཅོས་ཐབས་གང་འབྲོལ་[འབྲེལ་]གང་དང་བསྟུན། །ཞེས་གསུངས་སོ།།

གསོའ་[གསོ་]བྱེད་[བྱའི་]ནད་འབུམ་ནག་པོ་ལས་མགུལ་ནད་ལྦ་བ་བཅོས་པའི་ལེའུ་སྟེ་སུམ་བཅུ་[ཅུ་]སོ་གསུམ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:28 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།