སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་ཉེར་གཉིས་པ། གཉེན་པོ་ཆ་བྱད་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་ཉེར་གཉིས་པ། གཉེན་པོ་ཆ་བྱད་བསྟན་པ།

དེ་ནས་དཔྱད་བུ་ཁྲི་ཤེས་ཀྱིས་འདི་སྐད་ཅེས་ཞུས་སོ། །འཚོ་མཛད་སྨན་གྱི་རྒྱལ་པོ་ཆེན་པོ་ལགས། །ཆ་བྱེད་(བྱད་)དཔྱད་ཀྱི་གནས་ལ་ཇི་ལྟར་བསླབས་(བསླབ་)པར་གྱི(བགྱི)། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། སྟོན་པས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ནད་ལ་གསོ་བར་བྱེད་པའི་གཉེན་པོ་ནི། །ཆ་བྱད་དཔྱད་ཀྱི་གནས་ལ་བསླབ་པ་ནི། །དཔྱད་དང་དཔྱད་ཀྱི་ཆ་བྱེད་(བྱད་)རྣམ་པ་གཉིས། །ལུས་ཀྱི་ཕྱི་ནད་(ནས་)ནད་རྣམས་འབྱིན་པ་དང༌། །ཞི་བར་བྱ་བ་གང་ཡིན་དཔྱད་ཡིན་ཏེ། །དེ་ཡང་འཇམས་(འཇམ་)དང་རྩུབ་དང་དྲག་པོ་གསུམ། །འཇམ་པོའི་དཔྱད་ལ་དུགས་ལུམས་བྱུག་པ་གསུམ། །རྩུབ་མོའི་དཔྱད་ལ་གཏར་བསྲེག་འབུག་པ་གསུམ། །དྲག་པོར་འདྲལ་གཅོད་འདྲུད་དང་འབྱིན་པ་བཞི། །

དེ་ཡི་ཆ་བྱད་ཟུག་རྔུ་བརྟག་པ་དང་། །སྐམ་པ་བཙག་(གཙགས་)བུ་ཐུར་མ་ཕྲན་བུའོ། །དེ་ལ་དང་པོ་ཟུག་རྔུ་བརྟག་པའི་དཔྱད། །རྩ་(རྩེ་)ཞབས་མེད་པའི་ཟླུམ་བུ་སྲིད་སོར་དྲུག །དེའི་ཆ་བྱད་ཁབ་མགོ་ཞེས་བྱ་མགོ་བོའི་རུས་ཆགས་(ཆག་)བརྟགས།མགོ་ཟླུམ་བྲ་ལོ་(བོ་)རྩེ་ཀྱོག་དང་། །སྦྲུལ་མིག་ཟངས་དུ་(དུང་)ཁ་འདྲེས་སོར་བཅུ་གཉིས། །ཕྲ་ལ་འཇམ་པ་ཡན་ལག་ཟུང་(ཟུག་)རྔུ་བརྟག །སོར་བརྒྱད་དབལ་ལྡན་རྩེ་མོ་སྐོར་(སྐར་)ཁུང་ཅན། །སྐྲང་པ་རྣག་ཏུ་སྨིན་ནམ་མ་སྨིན་བརྟག །སྦུབ་ཅན་བ་ནུ་འདྲ་བ་སོར་གསུམ་པ། །སྦོམ་(སྦོམ་)སོར་ཕོ་ལ་ལྔ་སྟེ་མོ་ལ་དྲུག །ནད་ལྟ་བ་ལ་བུ་ག་གཉིས་པ་བྱ། །ལས་(ལུས་)ལ་བུ་ག་གཅིག་པ་གློ་དཀར་ཅན། །དེ་འདྲ་གཞའ་(གཞང་)འབྲུམ་ལྟོ་(བལྟ་)དང་གཅོད་ལ་བྱ། །ཟུག་རྔུ་འབྱིན་པ་སྐམ་པའི་སྡེ་ཚན་ནི། །སེང་གེ་ཁ་དང་ཀང་ཀ་བྱ་རོག་མཆུ། །སྲིད་སོར་བཅོ་བརྒྱད་འབྲེལ་མཚམས་གཟེར་གདབ་པ། །རྩ་བ་ལྕགས་ཀྱུའི་དབྱིབས་ལྡན་ཨ་ལོང་བཏགས། །རུས་པར་ཟུག་པའི་ཟུག་རྔུ་འབྱིན་ལ་སྦྱར། །དེ་འདྲ་སོར་བརྒྱད་ཐིང་(མཐིང་)རིལ་མཆུ་འདྲ་བ། །ཤིན་ཏུ་ཕྲ་བས་ཤ་རྒྱུད་(རྒྱུས་)་ཟུག་རྔུ་བྱུང་(དབྱུང་)། །སྦུབས་ལྡན་སྲིན་(སྲིད་)སོར་བཅུ་གཉིས་སྲབ་ལ་(གསང་)མཁྲོང་(མཁྲང་)། །ནང་ནས་སྡོམ་པ་འདམ་བུའི་མཆུ་འདྲ་བ། །རྨ་གཏིང་ལུས་པའི་ཟུག་རྔུ་འབྱིན་ལ་སྦྱར། །སོ་འཕྲ་(ཕྲ་)རྩ་བ་གདུག་(གདུ་)བུས་བསྡམས་པ་ནི། །ཙུ་མོ་ཏི་སྟེ་དཔྱད་རོ་རྒྱུས་པ་དབྱུང༌། །ཤ་འབྲེལ་(འདྲལ་)ཁྲག་དབྱུག་(དབྱུང་)བཙག་(གཙགས་)བུའི་སྡེ་བསྟན་པ། །བྱིའུ་སྦུ་གུའི་སྒྲོ་འདྲ་སོར་དྲུག་པ། །ཤ་གསེབ་ཁྲག་རྩ་རྐྱང་པ་འདེབས་ངས་(ལ་)སྦྱོར། །ལྟག་ཉལ་རྩེ་རྣོ་སྣོད་ཁ་རྩེ་ཆུང་(སྟེར་)གཏར། །སྟ་རེ་ཁ་འདྲ་རུས་སྟེང་རྩེ་(རྩ་)ལ་གཏར། །ཆུ་གྲི་འདྲ་བས་སྐྲངས་ལ་ཞལ་ཞལ་བྱ། །སོར་བརྒྱད་ཟོང་(ཟོར་)བའི་དབྱིབས་ཀྱིས་ལྕེ་སྐྲངས་གཤག །བཙགས་(གཙགས་)འདྲ་བྲང་བ་ཅན་གྱིས་མགོ་རྨ་འདྲ། །བུག་པའི་ཐུར་མ་སྲིད་སོར་དྲུག་པ་ལ། །མགོ་འོག་ལུས་ཤོང་ཐུར་ཞབས་སྡིག་(ལྡིག་)པར་བྱ། །སྦུབས་ཐུར་སྦལ་མགོ་གློ་སྐར་(དཀར་)ཡོད་པ་ཡིས། །རླུང་(རླངས་)འཁྱིམས་གསིང་(གསང་)དང་སྙིང་ཆུ་མཆིན་ཆུ་བཙག(གཙག) །སྦུབས་ཐུར་སྨྱུ་གུ་ཁ་ཡིས་དམུ་ཆུ་བཙག(གཙགས།) །བྱིད་པོའི་མཆུ་འདྲ་བྱང་ཁོག་རྣག་གསང་དབྱེ། །ནས་འདྲའི་ཐུར་མས་སྒལ་ཚིག་(ཚིགས་)སྐྲན་ལ་སྦྱོང་། །གློ་སྙིང་རྒྱུ་ལོང་མཁལ་མར་སྦལ་མགོ་བསྔགས། །ཟངས་ཐུར་བྲ་བོ་འདྲ་བས་མིག་སྤྲིན་དབུག །མཐོ་གང་འབྲི་ལྕེ་ཁ་རྩ་ཡིས་བཅུར་(ཅུར་)འབྱིན་བྱ། །མདུང་རྩེ་སོ་ཡིས་ཡན་(ལག་)རྣག་ཆུ་དབུག །གཞན་དང་ཆ་བྱེད་ཕྲན་བུའི་སྡེ་བསྟན་པ། །སྟ་ཁ་སོར་(སོ་)གཉིས་པ་དང་བོ་ལོ་(བེ་ལེ་)ཁ། །ཀོ་(རྐོ་)མའི་མཆུ་འདྲ་སོར་དྲུག་ཡུ་བ་ཅན། །ལྕགས་བཟང་ངར་ལྡན་མགོ་ཡི་རུས་པ་འབྲུད། །སོག་ལེ་ཞེང་དུ་སོར་གཉིས་སོ་ཞིབ་པ། །སྲིད་སོར་བཅུ་གཉིས་རུས་པ་ལྷག་པ་དྲེག(འབྲེག) །ཆན་པ་རྣོ་བས་རྨ་ཡི་རྩ་རྒྱུས་གཅོད། །སྦུབས་ཅན་སོར་ལྔ་སོག་ལེན་(ལེའི་)ཁ་འདྲ་བ། །འཁོར་ལོ་འདྲ་བས་རུས་པ་འབུག་པའི་གསོར། །སོར་བཅུ་བེ་ལོ་(ལེ་)ཁ་འདྲ་རྩེ་གུག་པ། །རྣོ་(རྣ་)བ་སྣ་དང་གྲེ་བའི་འབྲུམས་(འབྲུམ་)པ་གཅོད། །མངལ་ཐུར་མཐོ་གང་རྩེ་དགུ་(གུག་)བུ་ཤི་དབྱུང༌། །ཆ་དཔྱད་སྦྲུལ་མགོས་རྡེའུ་དབྱུང་བར་བྱ། །གྲོ་སོག་འབྲིང་ཚད་མཁྲང་གསང་འཇམ་པ་ལ། །སྲིད་སོལ་(སོར་)བཅུ་གཉིས་ཕྲལ་དུ་ཆུག(ཆུ་)འགགས་བཙག(གཙག) །རྩེ་སྐྱོག་སྲིན་(སྲིད་)སོར་བཅུ་པས་སོ་སྲིན་བསྲེག །སོར་བཅུ་རྩ་ཡི་བུ་གར་སོར་མོ་ལྔ། །རྩིབ་(རྩེ་)མོ་(ཁ་དབྲག་)ཁ་སྣར་དུ་བ་རྔུབ། །སྦུབས་ཅན་སོར་བཅུད་(བཅུ་)ཐེམ་བུ་ལྟ་བུའི་ཁ། །གྲེ་བར་སྨན་བཏབ་ལྕེ་ཆུང་བསེག་(བསྲེག་)ལ་སྦྱར། །རྩ་བའི་སྦུབས་ལ་མཐེ་བོང་ཤོང་བ་དང་། །རྩེ་བུགས་(བུག་)སྲན་(མ་)མོ་ཤོང་ཙམ་སོར་བརྒྱད་པ། །རྐེད་པ་རྩ་བ་འཁོར་ལོ་དཀྲིས་པ་ཡིས། །གཅེའུ་ཞེས་བྱ་འཇམ་རྩི་ནི་རུ་སྦྱར། །དེ་འདྲ་འཕྲ་(ཕྲ་)མོ་རྨ་དྲུག་(འདྲུབ་)བ་ལ་སྦྱར། །རྔབས་ར་(རྭ་)དཔངས་སུ་སོར་ལྔ་ཁ་སོར་གསུམ། །རྩེ་པུག་(བུག་)ཡུངས་ཀར་ཤོང་ཙམ་ཆུ་སེར་དྲང༌། །བུམ་པ་འཁྱིད་(འཁྱུད་)འཁོར་སོར་ནི་བཅོ་བརྒྱད་པ། །སྲིད་སོར་བཅུ་གཉིས་ཁ་ཟླུམ་སོར་བཞི་པ། །ཕྱི་སྐྲན་འཇུ་ཞིང་འདྲེན་ལ་སྦྱར་བར་བྱ། །མེ་ལོང་སྤུ་གྲི་ཟླ་ཚེས་ལྟ་བུ་ཡིས། །མགོ་ཡི་སྐྲ་བཞར་ཡོག་ཐོད་མགོ་ལྟ་བུ། །སྲིད་སོར་བཅུ་པ་ཏེལ་པ་ཞེས་བྱ་སྟེ། །འབྲས་དང་ལྷོག་པ་སྐྲངས་ལ་བསྲེག་པར་བྱ། །དབལ་ལྡན་ཕྲ་འཇམ་གུག་པོ་ཤ་ཡི་ཁབ། །ཤ་དང་ལྤགས་(པགས་)པ་རལ་བ་བཙེམས་པར་བྱ། །དེ་ལྟར་ཆ་བྱད་ནད་ལ་གོང་(གང་)མཁོ་སྤྱད། །ཅེས་གསུངས་སོ། །

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་གཉེན་པོ་ཆ་བྱད་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།





 

མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 10:38 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།