སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་བདུན་ཅུ་པ། གཞང་འབྲུམ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་བདུན་ཅུ་པ། གཞང་འབྲུམ་གསོ་བ། 

དེ་ནས་ཡང་འཚ་[འཚོ་]མཛད་སྨན་པའི་རྒྱལ་པོས་བཀའ་སྕལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །གཞང་འབྲུམ་གསོ་བ་འདི་ཡི་རྒྱུ་རྐྱེན་དབྱེ་བ་དང་། །རྟགས་དང་བཅོས་ཐབས་རྣམ་པ་བཞི་བསྟན་ནོ། །རྒྱུ་རྐྱེན་འཁྲུལ་ཐབས་[ཁྲུས་དྲགས་]གཞང་ལམ་གཅེས་དུས་[གཅེའུས་]བཙན། །བདན་[སྟན་]སྲབ་ཙོག་འདུག་གཤང་ལྕི་[བཤང་གཅི་]མཆིན་བཀའ་[ཕྱེན་འགག་]བཙིར། །བུ་[བུད་]མེད་བུ་བཙས་འགྲམ་[འགྲམས་]ཏེ་འོང་བ་དང་། །རྟ་མི་སྲུང་[སྲུན་]པས་ཐར་[ཐུར་]སེལ་རླུང་འཁྲུག་[འཁྲུགས་]རྒྱུ་དང་རྐྱེན། །གཉིན་[གཉིས་]པ་དབྱེ་བ་རླུང་ཁྲག་མཁྲིས་སྐམ་གཤེར་བུ། །གསུམ་པ་རྟག་[རྟགས་]ནི་འབྲུམ་པས་གཞང་བཀག་ཐུར་སེལ་ལོག །ཉེས་གསུམ་འཁྲུག་[འཁྲུགས་]དང་དོ་[དྲོད་]ཆུང་ཡན་ལག་འཁྱུག །རླུང་འཁྱིམ་ཁོང་སྦོས་མགོ་འཁོར་ཡི་ག་འཆུས། །ནད་རྒྱས་མ་ཞུ་དམུ་རྫིང་མཁལ་ནད་ཡོང་བར་སྙམས་[སྙམ]། །སྟོབས་ཆུང་ཤ་སྐམ་མཆིལ་མ་[མང་]རུས་ཚིག་[ཚིགས་]ན། །གཅིན་མང་བཤང་བ་ཉུང་ཞིང་འཁྲུ་སྐབ་[སྐམ་]སེར། །ཆུ་སྲི་མཚན་མ་ན་འབྲས་[འབྲབ་]གཞང་ཁ་གཟེར། །དྲི་མ་ཁྲག་བཅས་སྲུལ་ལ་[སུལ་ལས་]གྲང་[གྲངས་]ཕྱོགས་དཔག །ཁྱེད་[ཁྱད་]པར་བད་འགྱུར་[གྱུར་]སྦོས་ཤིང་མེ་དྲོད་ཆུང་། །སྐྱུག་ལོག་འཆམ་[ཆམ་]འདེབས་ཁ་ཆུ་མཆིལ་མ་མང་། །གཅིན་སྲི་ཆུ་སེར་[སོར་]ཟུག་འོང་ན་ལ་གཟེར། །འཁྲུ་མདོག་སྐྱ་ལ་བད་ཀན་བད་[བེ་]སྣབས་མང་། །ཁྲག་དང་ཆུ་སེར་མི་འཛག་འབྲུམ་པ་དཀར། །གཡའ་ཞིང་འཕྲུག་འདོད་ཚོར་བ་ཆུང་བ་ལ། །ལྤགས་[པགས་]པ་མིག་སྤྲིན་སེན་མོང་[མོ་]གདོན་[གདོང་]པ་སྐྱེ[སྐྱ]། །རླུང་གྱུར་དྲི་མ་བཤང་སྐམ་ཚ་ལ་འཚག །སྒྲ་དང་བཅས་ཏེ་དཀའ་[སྐ་]སླ་འདྲེས་པར་འཁྲུ། །མདོག་[མགོ་]དང་ཕྲག་པ་བརླ་དང་རྩིབ་ལོགས་དང༌། །ཆུ་སོ་ན་ལ་དབུགས་རྒོད་ལུས་དྲོད་ཆུང༌། །ལྤགས་[པགས་]པ་སེན་མོ་གདོན་[གདོང་]མིག་འབྲུམ་པ་ནག །ཁྲག་གྱུར་འབྲུམ་པ་ཕྱི་[བྱི་]རུ་འོམ་[འོལ་]སེ་འདྲ། །ཤིན་ཏུ་ཚ་ཞིང་ན་ལ་ཁྲག་མང་འཛག །འཁྲིས་[མཁྲིས་]གྱུར་ཚ་བ་སྐྱེ་བ་སྐོམ་དད་ཆེ། །ལུས་རྔུལ་གཞང་སྣག་[ནག་]དམར་སེར་དྲི་བཅས་འཁྲུ། །འབྲུམ་པ་དམར་སེར་སྔོ་ལ་ཁྲག་སླ་འཛག །ལྤགས་[པགས་]པ་མིག་ཆུ་སེན་མོ་སྔོ་སེར་ལྗང༌། །གཞང་པོར་[སོར་]ཕྱེད་དང་ལྔ་ལས་གཉེར་[མ་]གསུམ། །ཕྱིར་འབྱུང་གསར་པ་གསོ་བ་བླ་[སླ་]བ་ཡིན། །གཉེར་མ་བར་བྱུང་ལོ་གཅིག་འདས་གསོ་དཀའ། །གཉེར་མ་ནང་འདུས་ལོ་གཉིས་སོང་བ་ཅི་[མི་]འཚོ་སྤང་། །རྐང་ལག་ལྟེ་བ་གཞང་མཚན་ཁ་སྐྲང་དང་། །ལུས་སྐྲངས་གཞང་རྣག་བླ་གཉེན་[གཉན་]རིམ་[རིམས་]སྐྱུག་འཛག །སྙིང་ག་རྩིབ་ལོགས་ན་དང་ལྷན་སྐྱེས་སྤང༌། །བཞི་པ་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །དང་པོ་ཨ་རུ་ར་དང་བྱི་ཏང་ཀ །དུག་ཉུང་ཙི་ཏྲ་ཀ་ཡི་ཕྱེ་མ་རྣམས། །དར་བ་སྦྱར་བཏང་ཕོ་བའི་མེ་སྲུང་ཡིན། །ཨ་རུ་ར་དང་ཀན་དྷ་[ཀཎྜ་]ཀ་རི་ཙི་ཏྲ་ཀ ། ཤིང་ཀུན་སྤ་འབྲུ་དར་བ་སྦྱར་[ལ་]བཏུང་། །གང་རུང་མདེའ་[ལྡེ་]གུ་རྫ་མར་ཞག་གཅིག་བསྙལ། །གཞང་གཟེར་ཛ་[ཛཱ་]ཏི་རུ་ཏ་[རྟ་]སླེ་ཁྲེས་[ཏྲེས་]ཨ་རུ་ར། །ཤུ་ཏི་བསེ་ཡབ་ཐང་ཤིང་རོ་སྨད་བྱུག །བཤང་ལྕི་[གཅི་]འགགས་ན་འོ་མ་མར་བསྐོལ་བྱུག །གཟེ་མ་བ་སྤྲུ་ཐང་ཤིང་ཁུ་བ་བྱུག[བླུད་]། །ཆུ་ཚན་ལུམ་[ལུམས་]བཅིང་སྤང་[སྤ་]འབྲུམ་ཞུན་མར་བྱུག །ཁྱིམ་བྱའི་བླུན་[བྲུན་]དང་པི་ལིང་འོལ་མོ་སེ། ། ཡོང་[ཡུང་]བ་བ་གཅིན་བྱུག་དང་རིང་[རེང་]བུ་གཞུག །མི་སྐྲ་བྱི་ལ་སྦྲུལ་ལྤགས་མོན་ཅ་[ཆ་]ར། །མར་སྦྱོར་དུད་པས་བདུག་པས་གཞང་འབྲུམ་འཇིག །ཐོར་པ་བླུད་[བྲུད་]དང་གཏར་བ་བྱིང་[བྱིན་]ལོང་གཏར། །མི་ཤིག་ལྟོར་སྦྱང་ཉི་མ་སྙོམས་པའི་བར། །རྡེལ་བུའི་བཅོས་ཐབས་ལུས་གནད་དེ་བྱས་ལ། །གཅིག་གིས་ནད་པ་གན་རྐྱལ་ལང་པས་བཟུང་། །བླ་དང་གཉེན་བར་[གཉན་སར་]རས་ཀྱིས་ལེགས་པོར་བཅིང་། །ཕྱི་འཕོང་[འཕོངས་]ཉི་བསྟན་བཤང་སྒོར་སྣུམ་བྱུག་བྱ། །ལྟ་དང་ཆད་པའི་ལགས་[ལག་]ཆ་ཚད་ལྡན་ནི། །སྲིད་སོར་ལྔ་པ་བུ་ག་གཅིག་གམ་གསུམ། །དལ་བུར་དྲང་བཅུག་ཐོད་པ་ཚུད་པ་དེས། །ཐོར་པ་བཞར་ཞིང་ལྕགས་བསྲེག་མར་གྱིས་བྱུག །དེ་རྗེས་རོ་སྨད་ཀུན་ལ་མར་ཞུན་བྱུག །འབྲུ་[འབྲུམ་]པ་མང་ན་དང་པོ་ཁོང་བསལ་ན། །དེ་འོག་གཡས་གཡོན་མདུན་རྒྱབ་རིམ་བཞིན་དུ། །ཞག་བདུན་བར་བཅད་འབྲུམ་པ་རིམ་བཞིན་བསལ། །ཞ་[ཞོ་]དར་འོ་མར་ཙི་ཏྲ་ཀ་བཏབ་བཏུང་། །ཤ་ཁུ་དར་བ་ཡོས་ཕྱེ་སྐྱོ་མ་བཞིན་[བྱིན]། །དར་བ་ལེར་བཅུག་བཀོལ་[བསྐོལ་]བ་དྲོད་སྙམས་[སྙོམས་]བཏང་། །གཞང་འབྲུམ་ནད་འདོན་མ་ལྡོག་ཟས་ཡིན་ནོ། །གཉིས་པ་གཞོང་[གཞང་]འབྲུམ་བྱེ་བྲག་ཏུ་བཅོས་པ། །བད་གྱུར་རྒོད་མ་ཁ་བྱེ་སོ་ཆ་དུད་པ་དང་། །པི་ལིང་ཉུངས་ཀར་མར་གྱི་རིང་[རེང་]བུའམ། །བ་གཅིན་འབྲུ་མར་སྦྱར་བ་མས་ཡར་བཏང་། །རླུང་གྱུར་སེལ་[སེ་]འབྲུ་ཟི་ར་ཀར་[དཀར་]གན་གཉིས། །ལ་ལ་ཕུད་དང་པ་ཏྲ་སྒང་[སྒ་]ཁུར་བཏང་། །ཨ་རུ་བ་ཆུ་བཙོས་ནས་སྐེམ་པའི། །ཕྱེ་མ་བུ་རམ་སྦྱར་བྱིན་རྟུག་ཀམ[སྐམ་]སེལ། །པི་ལིང་སོ་འཆའ་[ཆ་]བིལ་བ་ཤུག་[ཤུ་]ཏི་ཤི་ར་[ཤིང་མངར་]དང་། །ཤུ་དག་ཤུ་ཟུར་རུ་རྟ་མ་ནུ་དང་། །ཐང་ཤིང་ཙི་ཏྲ་ཀའི་སྨན་མར་བསྣན། །འཇམ་རྩི་བཏང་པས་གཞང་རྟུག་སྐམ་པ་དང་། །རླུང་འཁྱིག་[འཁྱིགས་]གཅིན་སྲི་ལྟོ་སྦོས་གཟེར་བ་ཞི། །ཁྲག་གྱུར་ཆུ་སེར་ཡང་ན་ཁྲག་ནད་ཡིན། །དྲི་མ་མནམ་པས་ལུས་ཟུང་[ཟུངས་]བསྲུང་མི་བཅད་བཞག །མཚལ་འདྲ་བཅད་དགོས་ཤལ་མ་ལི་ཤི[ཡི་]ཤུན། །སེང་ཕྲོམ་བཙོད་དང་ཧུང་[ཧོང་]ལེན་དུང་[དུག་]མོ་ཉུང༌། །ཙནྡ་[ཙན་དན་]ཤིང་མངར་པུ་ཤེལ་ན་[ནཱ་]གེ་སར། །ཞིབ་བཏག་[བཏགས་]འབྲས་བུ་གསུམ་བཀྲུས་སྦྱར་བ་བླུད། །དུག་མོ་ཉུང་ཤུན་འབྲས་བུ་ཨ་ཕྱག་[བྱག་]དང༌། །གེ་སར་ཨུ་དཔལ་[ཨུཏྤལ་]སེང་ཕྲོམ་སྨན་མ་[མར་]བཏང༌། །སྟང་[སྟོང་]ཟིལ་ཙན་དན་པུ་ཤེལ་ར་ཁྲག་དང༌། །ཀ་ར་འབྲས་ཆུ་བླུད་ལ་ཏིལ་ནག་ནི། །ལྔ་འགྱུར་ཤ་ཁ་ར་དང་འོ་མ་སྦྱར་བ་བླུད། །འཁྲིས་[མཁྲིས་]གྱུར་ཁྲག་འཁྲུ་བཅད་དགོས་ཨིན་ཏྲའི་[དྲའི་]ཐང་། །དུག་ཉུང་བོང་ང་སྐྱེར་ཞུན་[ཁཎ་]སྦྲང་སྦྱར་བཏང་། །སྤོས་དཀར་ཏོང་ཏྲ་[དོང་གྲ་]ཨ་རུ་ཁྲོན་བུས་སྦྱར་[སྦྱང་]། །ཁྲག་མཆིས་གཞང་འབྲུམ་རློན་ལ་དུག་ཉུང་མཆོག །གཞང་འབྲུམ་རྙིང་ནས་ཞག་ལོན་བསེ་འབྲས་མཆོག །དྲི་སྐམ་ཁྲག་མི་འཛག་ན་དར་བ་མཆོག །བླ་གཉན་གཟེར་སྦོས་ནད་བཞིའི་[གཞི་]གང་འབྱུང་བརྟག །མི་ནོར་རིག་ལྡན་སྐྱོན་ཡོན་ལྟ་ཞིང་བཅོས། །དྲི་མ་ཤུག་[ཤུགས་]ཀྱིས་བཙིར་དང་སྟན་སྲབ་དང་། །ཙོག་འདུག་བུད་མེད་རྟ་ལ་ཞོན་པ་དང་། །རླན་གྲང་མེ་ཉི་ཡུན་བསྟན་[བསྟེན་]གནོད་པ་སྤང་། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་གཞོང་[གཞང་]འབྲུམ་གསོ་བའི་ལེའུ་སྟེ་བདུན་ཅུ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 3:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།