སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ང་བདུན་པ། གཅིན་འགགས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ང་བདུན་པ། གཅིན་འགགས་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །གཅིན་འགག་[འགགས་]ནད་ལ་རྒྱུ་རྐྱེན་དབྱེ་བ་དང་། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན། །རྒྱུ་ནི་ལྒང་པའི་ཁ་ནི་མཐུར་[ཐུར་]བལྟས་པའི། །ངོས་གཉིས་ཆུ་ལམ་རྕ་ཡོད་རྒྱུ་མར་འབྲེལ། །དེ་ལ་ཟས་སྤྱོད་གདོང་[གདོན་]གྱིས་འདུ་བ་འཁྲུགས། །ལྒང་པའི་རྕར་ཞུགས་གཅིན་ནད་བསྐྱེད་[སྐྱེད་]པར་བྱེད། །གསུམ་པ་དབྱེ་བ་གཅིན་དང་སྲི་བ་འགགས་པ་གཉིས། །སྲི་བ་རླུང་མཁྲིས་བད་ཀན་འདུས་པ་བཞིན་[བཞི]། །འགགས་པ་ཁ་མཆུས་[འཆུས་]རླུང་འཁྱིལ་ཁྲག་ཤ་སྤུ། །བཤང་སྐྲངས་ཁུ་བ་བཤལ་[བཤང་]པ་འགག་[རྡེ་འགགས་]དང་བརྒྱད། །གསུམ་པ་དེ་རྟགས་རླུང་གྱུར་ཡང་རྩུབ་ཟས་སྤྱོད་ཀྱིས། །ཆུ་སྔོ་ལྒང་པ་ཕོ་མཚན་ན་ལ་གཟེར། །འཁྲིས་[མཁྲིས་]གྱུར་དམར་སེར་ཚ་བ་འཕེལ་ནས་ན། །བད་ཀན་བསིལ་ཞིང་སྐའ[སྐ་]འབྱར་ཡུན་དུ་འཐོག་[ཐོགས]། །འདུས་པ་ཀུན་གྱི་རྟགས་དང་ལྡན་པ་ཡིན། །གཅིན་བསྡམས་ལྒང་པ་རྒྱས་ཏེ་ཁ་འཚུས་[འཆུས་]པས། །རྒྱུ་ཞབས་ལྒང་[སྒང་]ཞིང་བཅུགས་[གཅུས་]སྙམ་བཙིར་ན་འབྱུང༌། །ཐུར་སེལ་གྱེན་དུ་འཁྱིལ་བས་ཆུ་སེང་[སོར་]ཟུག །ཉུང་ཤས་གཤང་གཅི་[བཤང་གཅི་]གཏོང་བའི་དུས་སུ་འབྱུང༌། །མཁལ་མ་བསམ་པའི་[སེའི་]རྩ་འགྲམས་ཁྲག་འཁྲུགས་པས། །ཆུ་དམར་ཁྲག་བཅས་འབྱུང་ཞིང་རྒྱུ་ཞབས་གཟེར། །ཁ་ཟས་སྤུ་འདྲེས་ལྒང་པའི་རྩར་འགྲིམས་པས། །ཟུག་ཆུང་ལ་[སྙི་]ལ་འཛིན་[འཛིམ་]སྤུ་ཉག་འབྱུང༌། །ཁུ་བ་ནང་དུ་འགྲིམ་[འགྲིམས་]ནས་འགག་པ་དེ། །ལྒང་པའི་ཁ་འམ་བཤང་ལམ་བར་དུ་སྐྲངས། །སྲ་ཞིང་ན་ལ་བཤང་ལྕི་[གཅི་]ཕྱེན་དབུགས་སྡོམས། །ཚོས་[ཚངས་]སྤྱོད་པ་འམ་གཅིན་བྲོ་ཉལ་པོ་བྱས། །ཁུ་བ་གཅིན་འདྲེས་ཐལ་ཁུ་འདྲ་བ་འབྱུང༌། །བཤང་བ་འགགས་ལ་རྟུལ་[རྟུག་]པ་གཅིན་འགགས་སམ། །བཤང་ལྕི་[གཅི་]འདྲེས་ནས་གཅིན་ལ་བཤང་ལྕི་[དྲི་]མནམ། །རྡོལ་འགག་[རྡེ་འགགས་]བད་འཁྲིས་[མཁྲིས་]ཁུ་ཆུ་ཁྲག་ཅན་སྤུ། །བད་ཀན་ལ་བརྟེན་ཆུ་བཙོས་རླུང་གིས་སྒྲིལ། །སྔོན་[མངོན་]ཚུལ་གཞང་ཁ་ཕོ་མཚན་བར་རྣམས་ན། །གཅིན་འགགས་སྲེ་[སྦྲེ་]མནམ་ལྒང་པ་སྦོས་པར་བྱེད། །ནད་རྒྱས་གཅིན་འབྱུང་དུས་ན་སོ་འཆའ་འདར། །འཁུན་ཞིང་ཁུ་ཚུར་འཆང་དང་མཚན་མ་ཉེད། །དེ་ལ་འཕྲོ་རྡོལ་[འཆོལ་རྡེལ་]ཟུག་རྡེལ་གཉིས་སུ་སྲིད། །འཕྲོ་རྡོལ་[འཆོལ་རྡེལ་]གཅིན་ཡང་བར་མཚམས་གཅད་ཅིང་འོང༌། །རྟ་ཞོན་དྲག་ཤུལ་རྗེས་ལ་ཁྲག་ཅན་འོང་། །ཟུག་རྡེལ་ལྒང་པའི་ཁ་ལ་ཐིག་ཐིག་སྡོམ། །གཏིང་དུ་ཟུག་ན་ན་གཟེར་ཆུ་མིག་[མི་]འགགས། །བཞི་པ་བཅོས་ཐབས་རླུང་གྱུར་གཅིན་སྲི་ལ། །རྒྱ་ཚྭ་སྡིག་སྲིན་སུག་སྨེ་[སྨེལ་]ཁ་རུ་ཚྭ། །ཉི་ལྒ་[དགའ་]བུ་རམ་ཆང་དང་སྦྱར་ནས་བླུད། །ལུས་ཀུན་ཏིལ་དམར་[མར་]སྐུ་[བསྐུ་]བྱུག་སྣུམ་དུགས་བྱ། །ལུག་ཤ་ཞུན་མར་ཁ་རུ་ཚ་དང་བུར་ཆང་དང་། །དྲོད་བཅུད་ཟས་ཀྱིས་ཡུན་དུ་བསྟེན་ནས་བཅོས། །འཁྲིས་[མཁྲིས་]གྱུར་ཉེ་ཤིང་གཟེར་[གཟེ་]མ་སུ་[པུ་]ཤེལ་ཙེ། །རྒུན་འབྲུམ་དུར་བ་འབྲས་དང་བ་ད་ར། །བསྐོལ་ཁུར་ཀ་ར་སྦྲང་རྩི་བཏབ་ལ་བླུད། །གླ་རྩི་སྐྱུ་རུ་བྲག་ཞུན་ཅིག་ཐོང་[ཆིག་ཐང་]བཏང༌། །བད་གྱུར་རྒྱ་ཚྭ་སུག་སྨེ་[སྨེལ་]ཚ་བ་གསུམ། །སྡིག་སྲིན་ལྕམས་[ལྕམ་]པ་ཆང་དང་སྦྱར་ལ་བཏང༌། །བྱ་རྒོད་རུས་པ་སུག་སྨེལ་ཚ་བ་གསུམ། །གཟེ་མ་སྦྲང་བླུད་འདུས་པ་ཀུན་གྱིས་གསོ། །འཆུས་པ་ཕོ་བ་རྐང་ནས་སྤྲུག་ནས་སྲང་། །རླུང་འཁྱིལ་དུགས་དང་བྱུག་པ་འཇམ་རྩི་བྱ། །ཁྲག་འགགས་ཆུ་ཚན་ནང་བཅིང་[སྤྱིང་]ལོང་རྩ་གཏར། །དམར་པོ་བཞི་སྦྱར་མཁྲིས་སྣ་ཐང་བཏང༌ངོ་། །སྤུ་འགགས་ལྒང་པའི་ཁ་ནས་མཉེ་ཞིང་བཞོ། །སྐྲངས་འགགས་ཆུ་ལུམ་[ལུམས་]དུགས་དང་གཏར་བར་བྱ། །མས་བཏང་སྒོང་[གོང་]མས་སྐྲངས་པ་བཞུ་བར་བྱ། །ཁུ་བ་ཆགས་པ་སྤྱད་ཅིང་མཉེས་ལ་བཞི་[བཞོ]། །བཤང་བ་འགགས་པ་ནི་རུ་ཧ་ཡིས་དྲངས། །གང་ཡང་ཐོན་དཀའ་ཆུ་ཐུར་གསང་བ་ལ། །ཕོ་ལ་མཐོ་གང་སྦོམ་ཕྲ་གྲོ་སོག་ཙམ། །མོ་ལ་སོར་བཞི་སྦོམ་འཕྲད་[ཕྲ་]ནས་སོག་ཙམ། །རྒྱུས་འདྲེས་[བལྡད་]ཁ་དྲིལ་གསང་བར་བཅུག་ལ་དྲང་། །རྡེའུ་འགགས་ལ་སྨན་བཤིག་དཔྱད་ཀྱིས་བྱུང་[དབྱུང་]། །རྡོ་སྨན་ཀྲུང་ཀྲུང་རྔ་མོང་བོང་རུས་དང༌། །དབྱི་མོང་གཟེ་མ་ལྒ་སྨན་ཆང་སྦྱར་བཏང༌། །རྣོན་པོ་གསུམ་དང་ཉི་དགའ་གླ་རྩི་དང༌། །སོ་བྱའི་སྒྲོ་བཞོབ་[གཞོབ་]ལྒང་ཆུ་[ཆུ་ངན་]སྦྱར་བ་བཏང༌། །ཟེ་ཚྭ་རྒྱ་ཚྭ་ཚ་སྦྱོར་ཆེན་མོ་བྱ། །གསེར་གྱི་བྱེ་མ་སྡིག་སྲིན་འབྲས་བུ་གསུམ། །ཉི་དགའ་སུག་སྨེ་[སྨེལ་]གླ་རྩི་ཚ་བ་གསུམ། །སྤོས་དཀར་འབུ་སྐྱོགས་བུར་དཀར་ཆང་བཏང༌ནས། །ཡང་ན་བ་ཚྭ་ནག་ཚུང་[ཚུར་]སྦངས་པའི་ཁུ་བ་དེ། །འབྲིང་[འབྲི་]ཡི་འོ་མ་མར་ལ་བསྡུས་པའི་མར། །ཁ་ཚར་བཏབ་བཏང་ཟས་དྲོད་བཅུད་དུ་བསྟེན། །ཆུ་འགགས་ཀུན་སེལ་ཁྱད་པར་རྡེལ་བུ་བཤིག །རྒྱ་ཚྭ་སུག་སྨེ་[སྨེལ་]གླ་རྩི་སྡིག་སྲིན་དང༌། །བོང་རྨིག་བྱིང་བྱིང་ཕུ་[ཐུ་]ལུ་ཆང་སྦྱར་ལ། །ཨཱོ་[ཨོཾ་]རཾ་རཾ་ཤིག་ཤིག་[ཤག་ཤག་]ཙིར་ཙིར་ཙེར་ཙེར་[ཚེག་ཚེག་]རྦད་སྙིལ་སྭ་[སྭཱཧཱ]། །སྨྲ་བཅད་རྒྱུན་དུ་སྔགས་དེ་བཟླས་ལ་སྦྱིན། །དཔྱད་ཀྱིས་དབྱུང་བ་རྡེལ་ཕྲན་གྱིས་ལམ་འགགས་ན། །སྦུབས་ནས་བཀྲལ་[དྲལ་]ཏེ་མས་ཡར་དབྱུང་བ་ཡིན། །སྨན་གྱིས་མ་ཤིག་[བཤིག་]་རྙིངས་ཤིང་རྒྱས་པ་ལ། །སྣུམ་བཀུ་[བསྐུས་]དུགས་བྱ་བརྡབ་[རྟ་]ཤིང་ལ་བསྐྱོན་ལ། །ནད་པ་ཁ་ཟས་མ་ཟོས་ཉམས་སྨེད་[སྨད་]དེ། །པུས་མཉམ་ནས་ཀྱི་ཁྲི་ལ་རྐང་[པང་]པས་བསྟེན་[བརྟེན]། །སྒྱིད་ཁུང་བཀུག་ལ་གཡོག་བཅས་རས་ཀྱིས་བཅིང༌། །སྨན་པའི་ལག་གཡས་སོར་མོས་ལྟེ་འོག་གི། །གཡོན་ནས་འཕོང་[འཕོངས་]སུ་རྡོལ་[རྡེལ་]བུ་བཙིལ་[བཙིར]། །གཡོན་པའི་སེན་མོ་བྲེག་ནས་འཕོངས་སུ་བཅུག །གུང་མོར་[མོས་]གཞང་པར་[ཁར་]རྡོལ་[རྡེལ་]བུ་འབུར་གྱིས་བཀུག[བསྒུག] །དེ་ཡང་ཆུ་རྩ་རྩུབ་[དབུས་]ལ་སྲོག་རྩ་གཡས། །སྲིད་རྕ་གཡོན་ལས་བྱོལ་བའི་བར་གསང་སྟེ། །ཨ་ལོང་ཁ་ནས་མདུན་ཚང་[གྱེན་ཚོན་]གང་ནི་མདུན་གྱི་གསང་། །དེ་ནས་གཡོན་དུ་ཚོན་གང་གཅལ[བཅལ་]བའི་ས། །དེ་ནས་ཕྱིར་ལ་ཚོན་གང་བཅལ་བ་རུ། །རྒྱབ་གསང་ཡིན་ཏེ་གསང་ས་གར་ཞུགས་པ། །རྡོལ་[རྡེལ་]བུ་བལྟ་ལ་བཙག་[གཙག་]བུས་ལེགས་བཀྲལ་[དྲལ་]ཏེ། །ག་ལེ་རིམ་པས་ལྤགས་བཤའ་ལྒང་པ་རྣམས། །བུ་[བུད་]མེད་བུ་སྣོད་ལེགས་པར་བརྟག་བྱས་ནས། །ཚ་སྤྱད་[ཆ་བྱད་]སྦྲུལ་མགོ་ལྟ་བུར་[བུས་]ཕྱུང་བར་བྱ། །དེ་རྗེས་ཆུ་དྲོན་རྨ་སྨན་སྦྲང་རྕི་བྱུག །ཤིང་མངར་སེང་ཕྲོམ་ཏིལ་འབྲུན་[འབྲུ་]དར་ཡ་ཀ་[ཀན་]ཡིན་ནོ། །བུ་རམ་འགྲང་[སྦྲང་]སྦྱིན་ནས་ཐུག་མར་སྦྱར་བླུད། །ཞག་བདུན་འདས་ནས་གཅིན་ལམ་མ་འགྱུར་ན། །རྨ་དེ་སྤྲ་ནས་[བས་]བསྲེག་ལ་རྡོ་འཕྱིང་[ཕྱིང་]སྣུམ་ལྡན་བདུག །རྟ་ཞོན་ཉལ་པོ་རི་ཤིང་འཛེག་པ་དང་། །ཆུ་དང་རླན་གྱི་ལས་ཀ་ལོ་དུས་སྤང་། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་ཆུ་འགགས་གསོ་བའི་ལེའུ་སྟེ་ལྔ་བཅུ་བདུན་པའོ།། །།





མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།