སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་བཅོ་ལྔ་པ། མ་སྨིན་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་བཅོ་ལྔ་པ། མ་སྨིན་ཚ་བ་བཅོས་པ།

དེ་ནས་ཡང་འཚོ་བྱེད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །མ་སྨིན་ཚ་བའི་རིགས་པ་བསྟན་གྱིས་ཟུངས། །འདི་ལ་རྒྱུ་རྐྱེན་ངོ་བོ་མིང་དང་ཅིག །དབྱེ་བ་རྟགས་དང་བཅོས་ཐབས་བདུན་གྱིས་བསྟན། །མ་སྨིན་ཚ་བའི་རྒྱུ་ནི་བད་རླུང་ཡིན། །མ་སྨིན་རྐྱེན་ལ་གསུམ་སྟེ་རང་བཞིན་དང་། །ནད་ཀྱི་ཁམས་དང་རྐྱེན་གྱིས་མ་སྨིན་པའོ། །དང་པོ་རང་བཞིན་རྒྱུ་ཡིས་མ་སྨིན་པར། །དེས་བད་རླུང་སྡོང་པ་ཅི་ཞེས་[ཞེ་]ན། །དཔེར་ན་རླུང་འཁྲིས་[མཁྲིས་]བད་ཀན་ཕ་སྤུན་འདྲ། །གཅིག་ལ་རྐྱེན་འབྱུང་གསུམ་ཀ་མི་བདེ་བཞིན། །རྐྱེན་བཞི་འཁྲིས་[མཁྲིས་]ལ་ཕོག་པས་འཁྲིས་[མཁྲིས་]སླང་བས། །ཞོར་ལ་བད་རླུང་གཉིས་ཀྱང་མི་བདེ་འཁྲུག །དེས་ན་བད་ཀན་རླུང་དང་སྡོང་པ་ཡིན། །མ་སྨིན་པའི་ཚ་བ་འབྱུང་བ་ཡིན་པས། །དེ་ཡང་ཁྱེད་[ཁྱད་]པར་གཞན་རིམས་མི་འབྱུང་མེད། །ནད་ཀྱི་ཁམས་ཀྱིས་མ་སྨིན་ཡུལ་དུས་སུ། །ད་[ངད་]སླན་[རླན་]ཅན་དང་བད་རླུང་ན་སོ་དང་། །སྟོད་སྨད་ཤ་རུས་དང་ནི་བད་རླུང་ཁམས། ཟས་སྤྱོད་དེཌྷི་དབང་གིས་བསྐྱེད་པའི་[པ་ཡི]། །ཚ་བ་བད་ལྡན་རླུང་ལྡན་དེ་སྨིན་པ་དཀའ། །རྐྱེན་ནི་མ་སྨིན་ཚ་བ་འབྱུང་དུས་སུ། །བསིལ་ཡང་ཟས་སྤྱོད་གཉེན་པོ་བསྟེན་སྔས་པས། །བད་རླུང་བསྐྱེད་ནས་ཚ་བ་བྱེར་བ་ཡིན། །གསུམ་པ་རྒྱུ་རྐྱེན་དེས་བསྐྱེད་མ་སྨིན་ངོ་བོ་ནི། །ཚ་བ་བད་རླུང་སྡོང་ཟླར་བཅས་པ་ཡིས། །རླུང་གིས་ཚ་བ་ཟུངས་ལ་ཁྱབ་པ་སྟེ། །བད་ཀན་ཚ་བའི་མགོ་མནན་སྐྱེར་མ་བཅུག །བཞི་པ་ཤིང་རླན་[རློན་]བུས་པས་དུ་བ་སྔོན་འབྱུང་ལྟར། །སྡོང་ཟླ་མ་ཕྱེད་ནད་ཤུགས་མ་ཟློག་[རྫོགས་]པས། །ཚ་བ་སྐྱེ་འཕྲོ་མ་རྫོགས་མ་སྨིན་ཟེར། །འདི་དུས་ཚ་བ་ཟུངས་དང་དབྱེར་མེད་འདྲེས། །ནད་ཁྲག་ཟུངས་ཁྲག་འོ་མ་ཆུ་འདྲེས་འདྲ། །ཏིལ་མར་བཞིན་དུ་ཚ་བས་[བ་]ལུས་ཀུན་ཁྱབ། །ལྔ་པ་དབྱེ་ན་རང་ཉིད་སྨིན་པའི་སྟོབས་ཆུང་མེད་པའོ། །སྨིན་ལོང་མེད་ཚ་བ་སྟོབས་ཆེ་ནི། །སྨིན་ན་དོན་ལ་བབས་པས་སྨིན་ལོང་མེད། །སྨིན་[སྨན་]དཔྱད་ལོག་པས་སྨིན་ལོང་མེད་པ་གཉིས། །ཚ་བ་སྨིན་དུ་མི་འདོད་རྐྱེན་གསུམ་ནི། །རླུང་དང་བད་ཀན་རྐྱེན་གྱིས་བྱེར་བའོ། །རྐྱེན་གྱིས་བྱེར་བ་གཉེན་པོ་བསྟེན་སྔས་པས། །བྱ་ཤོར་བྱེར་སྡིགས་སྙིགས་[རྙོགས་]པ་བཞིན་[བཞི་]རུ་འགྱུར། །མ་སྨིན་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །འཕྱིང་[ཕྱིས་]ནས་འབྱུང་ཚུལ་ཁ་དམར་སྨན་[སྨིན་]རྟགས་བཞི། །སྤྱི་རྟགས་རྩ་རྒྱུད་འཕྲ་[ཕྲ་]ཞིང་གཡོ་ལ་མགྱོགས། །ཆུ་མདོག་དམར་སེར་ཀ་[སྐ་]ལ་སྙོགས་པ་ཅན། །ལྕེ་སྐྱ་སྟེང་ན་རླུང་འབྲུམ་དམར་ཙམ་འབྱུང་། །ལུས་དྲོད་མི་སྙོམས་སྲོད་ལ་ཤ་དྲོད་ཆེ། །གཡལ་མང་སྒྱིད་པ་སྐྱུར་ལ་བྱ་སྙིང་[རྨྱང་]བྱེད། །ཁ་ཁ་མགོ་དང་བྱིན་ཉ་[ཉྭ་]ཚིགས་བཞི་[གཞི་]ན། །རླུང་ཤེལ་མེ་ཉི་འོད་[འདོད་]ལ་གྲང་ཤུམ་བྱེད། །རྨི་ལམ་ཟ་ཟིང་[ཟི་]མང་ལ་སེམས་ལས་ཆེ། །དེ་རྟགས་མ་སྨིན་ཚ་བ་ཀུན་ལ་འབྱུང་བ་ཡིན། །གཉིས་པ་བྱེ་བྲག་རང་ཉིད་སྨིན་པའི་ཚ་བ་ནི། །ནད་ཁམས་ཁྲག་འཁྲིས་[མཁྲིས་]ཤས་ཆེའི་མི་རྣམས་ལ། །ཚ་བ་ཁྲག་འཁྲིས་[མཁྲིས་]དངུལ་[རྔུལ་]གནས་བབས་པ་སྟེ། །ཟས་དང་སྤྱོད་ལམ་ཚ་གྲང་མ་ལོགས་[ལོག་]པས། །ཆེ་ཆུང་ལུགས་བྱུང་[འབྱུང་]རྐྱང་པའི་ཚ་བ་ཡིན། །མཁྲིས་པ་ཆེན་པོ་ཞག་གསུམ་བད་ཀན་བདུན་དུས་སྨིན། །རྩ་ཆུ་དང་ཁ་སྙོགས་དང་མི་སྙོགས་དང་། །མགོ་དང་ཚིགས་མགོ་བདེ་དང་མི་བདེ་ན། །གྲང་ཤུམ་ཆེ་ཆུང་ནད་སྟོབས་ཆེ་ཆུང་ཚད། །གནད་དུ་བབས་པའི་སྨིན་ལོང་མེད་པ་ནི། །འགྲམ་[འགྲམས་]འཁྲུགས་རིམས་དུག་ཉེ་བར་དོན་སྣོད་བབས། །དོན་སྣོད་འདུལ་[འདྲུལ་]བས་སྨིན་ནས་བསྡད་ལོང་མེད། །སྦྱོར་བ་ལོག་པས་སྨིན་ལོང་མེད་པ་ནི། །ཚ་བ་བད་རླུང་གཉིས་ལ་བབས་ན་སྨན་[སྨིན་]མི་འདོད། །ཤ་ཆང་སོང་དང་དྲག་ཤུལ་འདོམ་པ་ཡིས། །སྨིན་པའི་ལོང་མེད་སྲོག་ལ་མྱུར་དུ་རྒོལ། །གཉིས་ཀའི་རྟགས་ནི་ལུས་སྟོབས་གཟི་མདངས་འཆོར། །ན་མ་ཐོག་ནས་ཟུག་ཆེ་ཅེར་[ཅར་]ཐེབས་ཀྱང་། །ཉལ་དང་མཉེས་[སྙེས་]དང་ཙོག་པུར་འདུག་ལ་སོགས། །གང་ཡང་བདེ་མེད་སྨིན་ལོང་མེད་པ་ཡིན། །རླུང་གིས་ཕུལ་དུས་ཚ་བ་མ་སྨིན་སོགས། །སྨིན་དུ་མི་འདོད་པའི་རྟགས་རྣམས་ནི། །མགོ་ཡི་རྩ་འཁྲུག་ལུས་པོ་བརྡུང་བ་འདྲ། །སྟོང་སྐྱུགས་བྱེད་ཅིང་གསལ་བ་མ་ལུས་འདར། །མིག་འཕང་[དཔངས་]མཐོ་ལ་མཆིལ་[མཆི་]མ་འཛག་པའོ། །ཚ་བ་བད་ཀན་ཡུལ་དུས་རང་བཞིན་སོགས། །རྐྱེན་གྱིས་བྱེར་བས་མ་ལུས་སེམས་སྟོབས་ཆུང་། །གྲང་ཤུམས་[ཤུམ་]རིས་[རེས་]ཡོད་རིས་[རེས་]མེད་མེ་ཉི་འདོད། །དེ་ཡང་རླུང་ཤས་ཆེ་ན་ཚ་བ་བྱ་འཆོར་ཏེ། །བཅོས་སུ་མི་འདོད་ལམ་ནས་འཁྱོག་རྟགས་ལ། །ཚུ་[ཆུ་]དམར་རྩ་རྒྱུད་འཕྲ་[ཕྲ་]གྲིམས་སྟོང་ལ་མགྱོགས། །གློ་སོར་གཡལ་མང་གཉིས་ཆུང་རུས་ཚིགས་ན། །བྱ་ཤོས་[ཤོར་]མ་བླན་[གླན་]སྟོང་འགྲོ་མུན་ལྟར་འཚུབ་ན། །ཁྲག་མཁྲིས་ཤས་ཆེའི་ཚ་བ་བྱེར་འགྱུར་བརྟག །རྩ་རྒྱུད་འཕྲ་[ཕྲ་]མགྱོག་[མགྱོགས་]ཆུང་[ཆུ་]དམར་ཚིགས་བཞི་[གཞི་]ན། །གློ་འབུད་ལྤགས་[པགས་]པ་བརྩེ་ལ་རྔུལ་ཁ་རྙི་[སྙི]། །བྱེར་བ་མ་བདུད་[བསྡུས་]རྙིང་[རྙིངས་]ཚད་འདི་ལ་འོང་། །རྩི་ལྟར་ཞེན་ནས་འགོག་[བཀོག་]པ་དཀའ་བ་ཡིན། །བད་ཀན་ཆེ་བས་ཚ་བའི་མགོ་སྡིགས་རྟགས། །ཕོ་མཆིན་མཁལ་བསྐོར་མགོ་དང་ཚིགས་བཞི་[གཞི་]ན། །དང་ཀ་[ག་]མི་བདེ་འཇུ་ཀ་[དཀའ་]སྟོང་སྐྱུག་བྱེད། །སྡིགས་པ་མ་བསྲིངས་[བསེང་]གབ་ཚད་མུན་ལྟར་འཐིབ་[འཐིབས]། །ཆུ་སེར་ཤས་ཆེ་ཚ་བ་རྙོགས་འགྱུར་རྟགས། །རྩ་རྒྱུད་འཕྲ་མགྱོག་[ཕྲ་མགྱོགས་]ཆུ་མདོག་དམར་ལ་སྨུག །སྙིང་སྤྲུག་མིག་ལྕིབས་རྐང་བོལ་ཅུང་ཟད་གཡོ། །གློ་ཆུང་འདེགས་ནས་རོ་སྟོད་གཟེར་ཕྲན་འོང་།  །རྙོགས་པ་མ་བསལ་འོར་ལྷུང་ཆུ་ལྟར་འཕྱོ། །མ་སྨིན་ཚ་བ་འཕྱིས་[ཕྱིས་]ཀྱི་འབྱུང་ཚུལ་ནི། །ནད་སྟོབས་ཆེ་ལ་སྨིན་དཀའ་ཕལ་ཆེ་[ཆེར་]འཆི། །སྨིན་དཀའ་ནད་སྟོབས་ཆུང་ཡང་ཡུན་དུ་སྦྱོང༌། །སྟོབས་ཆེ་སྨིན་སླ་འཚོ་མགྱོགས་འཆི་རྐྱེན་[སྐྱེན་]ནད། །སྟོབས་ཆུང་སྨིན་པ་སླ་ན་མྱུར་འཚོ་གྱུར། །དེ་བཞིན་ཚ་བའི་ཡུལ་དུས་སྟོན་དང་དཔྱིད། །མཁྲིས་པ་རང་བཞིན་ན་སོ་དར་མ་དང་། །ནད་ཁམས་ཁྲག་མཁྲིས་ཅན་ལ་བཅོས་ལོགས་[ལོག་པ]།  །ཤ་ཆང་ཟས་སྤྱོད་སྤྱོད་ལམ་ལོག་དྲག་[དྲགས་]པ། །ཚ་སྟོབ་[སྟོབས་]ཚུང་[ཆུང་]ན་རྐྱེན་དེས་སྨིན་འགྱུར་ཏེ། །སྟོབས་ལྡན་ཚ་བ་རྒྱས་ན་ཕལ་ཆེར་འཆི། །དེ་བཞིན་བད་རླུང་གྲང་བའི་ཡུལ་དུས་དང་། །ནད་ཁམས་གཞི་མ་ལ་སོགས་བསིལ་སྦྱར་བ།  །ཟས་དང་སྨན་དཔྱད་སྤྱོད་ལམ་བཞི་བསྟེན་པས། །ཚ་བ་མི་སྨིན་རྐྱེན་འགྲོ་ཡུན་དུ་སྦྱོངས། །དེ་ལ་ཡུལ་དུས་ལ་སོགས་བད་རླུང་འཇོམ་[འཛོམས]། །ཤ་ཆང་དྲག་ཤུལ་ཉིན་གཉིད་ཤོར་པ་ཡི། །ནད་སྟོབས་ཆུང་ན་སྨིན་པར་སླ་འགྱུར་ཏེ། །སྟོབས་ཆེན་སྨིན་ལོང་མེད་པའི་ཚ་བར་འགྱུར། །སྨིན་རྟགས་ལྕེ་སྟིང་[སྟེང་]དཀར་སེར་རླུང་འབྲུམ་མེད། །རྩ་སྟོད་རྒྱུག་ཅིང་རྩ་སྨད་དམའ་ལ་གྲིམས། །ཆུ་མདོག་དམར་སེར་ཀུ་ཡ་དཀྱིལ་དུ་འདྲིལ། །ཟས་སྤྱོད་བསིལ་འདོད་རྔུལ་འབྱུང་དབང་པོ་གཡུང༌། །ཁྱད་པར་གྲང་ཤུམས་[ཤུམ་]ཆད་ནས་སྨིན་པ་སྟེ། །འབུད་བྱེད་འབུད་ཤིང་ཟད་པའི་མེ་དང་འདྲ། །གསོ་བ་དུས་ལ་བབས་པོ་[སོ་]དེ་ལས་ཐལ་ན་དཀའ། བཅོས་པའི་ཚུལ་ལ་རྣམ་པ་གཉིན་[གཉིས་]ཡིན་ཏེ། །རིམ་[རིམས་]ཀྱི་ཚ་བ་ཆང་ལྟར་སྨིན་པར་བྱེད། །འགྲམ་[འགྲམས་]འཁྲུགས་ཚ་བ་ནད་ཟུག་[ཟུངས་]ཁྲག་གཉིན་སོ་[གཉིས་པོ]། །དགྲ་ཟན་[ཟིན་]འདྲེས་པ་དབྱེ་བ་བཞིན་དུ་གསོ། །བཅོས་པའི་གཉེན་པོ་སྨན་དཔྱོད་[དཔྱད་]ཟས་སྤྱོད་བཞི། །དང་པོ་བད་རླུང་ཤེས་[ཤས་]ཆེ་སླེ་ཁྲོས་[ཏྲེས་]འབྲས་བུ་གསུམ། །སྨན་དུ་མ་ནུ་བཞི་ཐང་བསྡུས་འཇམ་བསྟེན། །ཚ་བ་མི་འཕེལ་བད་རླུང་ཞི་བར་བྱེད། །ཁྲག་མཁྲིས་ཤེས་ཆེན་[ཤས་ཆེ་]སླེས་[སླེ་ཏྲེས་]འབྲས་བུ་གསུམ། །བསྡུས་འཇམ་བསྟེན་པས་ཚ་བ་དང་[དངས་]སྙིགས་འབྱེད། །ཡུན་དུ་སྨིན་དཀའ་བིག་པན་ཐལ་བ་དང༌། །བཟང་པོ་གསུམ་དང་སླེ་ཁྲེས་[ཏྲེས་]སུ་[པུ་]ཤེལ་རྩེ། །ད་ལིས་བྱི་ཚེར་ཕྱེ་མ་རུས་ཁུས་འབུལ་[དབུལ]། །གཉིས་པ་དཔྱད་ནི་ཕོ་བར་དུགས་དང་མཐིལ་བཞི་མར་གྱིས་བྱུག །གཉིས་[གསུམ་]པ་ཟས་བཅོས་ཕྱེད་ཚོད་དྲལ་ཐུག་བསྐོར་[བསྐོལ་]གྲང་ཆུ། །དེ་སོགས་བཅུད་མེད་འཇུ་སླ་དྲོད་འཇལ་[འཇམ་]བསྟེན། །ནང་ནུབ་དུས་སུ་ཆུ་བསྐོར་[བསྐོལ་]ཚན་མོ་བཏུང༌། །བཞོ་པ་སྤྱོད་ལམ་གོས་དྲོ་ཉི་གྲིབ་མཚམས་སུ་བསྡད། །དྲག་ཤུལ་མེད་[མེ་]ཉིས་གདུང་དང་ཉིན་གཉིས་[གཉིད་]སོགས། །ཤ་ཆང་དྲོད་བཅུད་འཁྲིས་[མཁྲིས་]ཚད་སྐྱེ་བས་སྤངས། །གྲིབ་འཁྱག་བསིར་[བསེར་]བུ་རླན་པ་གྲང་བ་དང༌། །ཞོ་དར་ཆུ་གྲང་རྗེན་ཟས་འཇུ་དཀར་[དཀའ་]རྣམས། །བད་རླུང་གྲོགས་ལ་འཕོག་པས་སྤངས་[སྤང་]བར་བྱ། །བཤལ་གཏར་རྔུལ་དབྱུང་བསིལ་ཐང་ཕྱེ་མ་རྣམས༌།  འདི་དུས་མི་བརྟེན་[བསྟེན་]ཚ་བ་ལམ་ནས་འཁྱོག །དེ་ལྟར་སྨིན་བྱེད་སྦྱོར་བ་མ་ཤེས་པར། །ཁ་ཞག་[ཅིག་]སྨིན་པ་སླ་ཟེར་དྲོད་སྦྱོར་བསྟེན། །ནད་ཀྱི་སྟོབས་བསྐྱེད་སྲོག་ལ་ངེས་པར་རྒོལ། །ཁ་ཅིག་མ་སྨིན་ཚ་བ་བསིལ་འཇོམས་ཟེར། །ཁ་དྲག་སྐྱེལ་མའི་འགྲོན་པོ་བཅོས་[བཅོམ་]པ་བཞིན། །གཉེན་པོ་བད་རླུང་གྲོགས་སུ་སོང་བ་དེས། །མཁྲིས་ཚད་མི་སོད་བད་རླུང་བསྐྱེད་པར་བྱེད། །གྲོགས་འཕེལ་སྟོབས་ཀྱིས་ཚ་བ་སླར་ལ་འཕེལ། །དེ་ཕྱིར་སྨིན་བྱེད་བསིལ་དྲོད་སྣོམས་[སྙོམས་]པར་བསྟེན། །ཚ་བ་ཕྱི་ནང་[ནས་]མི་སྐྱེ་སྔར་སྐྱེས་འབྱེད་ཅིང་སེལ། །གཉིས་པ་བྱེ་བྲག་རང་ཉིད་སྨིན་པའི་ཚ་བ་ལ། །སྟོབས་ཆེན་སྨིན་བྱེད་གཉེན་པོ་ཚུལ་བཞིན་བརྟེན་[བསྟེན]། །སྟོབས་ཆུང་ནད་ལ་ཚ་བ་བྱེ་[བྱ་]ལྟར་སྤུར། །འབྲས་བུ་གསུམ་དང་ཏིག་ཏ་ལི་ག་དུར། །བ་ལ་[ལེ་]ཀ་དང་ཨུད་དཔལ་[ཨུཏྤལ་]སླེ་ཁྲེས་[ཏྲེས་]བསྐོལ། །ཕུལ་ཕྱེ་[ཕྱེད་]རྩེ་འཇམ་གཏང་ལ་དྲོད་པར་[སར་]སྐམས། །སྨན་ཞུ་ལུས་རྔུལ་གྱུར་ནས་གདོང་པ་བྱབས་[བྱིབས]། །རྔུལ་ཐོན་རོ་མ་ཐལ་བ་བལ་དང་ཕྱེས། །ཕྱིས་པས་རླུང་གནོན་རྟ་ཤ་ཚ་བ་བཏང་། །གལ་ཏེ་ཐོན་དཀའ་སྣེའུའི་སླངས་དུག་[རླངས་དུགས་]བྱ། །ཁ་ཅིག་སྨན་མ་ཞུ་བར་གདོང་པ་བྱབས་[བྱིབས]། །སྨན་གྱིས་[ཀྱི་]ནུས་པ་མ་ཐོན་སྡུག་སྲན་ཟེད་[ཟད]། །རྔུལ་མེད་ནད་འཁྲུགས་ཉེན་པ་ཕྱིར་ལ་ཆེ། །དེ་ལྟར་རྔུལ་དབྱུང་ཀུན་ལ་ཤེས་པར་གྱིས། །དེ་ལྟར་ཉི་མ་གསུམ་ལ་རྔུལ་གཏོན་[བཏོན་]ལ། །དེ་རྗེས་སྐར་ཆུ་རྗེའུ་[རྫེའུ་]གང་དོ་གསུམ། །རིམ་པས་ནང་མ་གསུམ་དུ་ལུས་ལ་བྲན། །དེ་ནས་གྷི་ཝང་གསུམ་གྱི་[བསིལ་གསུམ་]ཕྱེ་མ་བསྟེན། །དེ་ཡིས་ཚ་བ་མི་རྒྱས་ལམ་ནས་བཟློག །སྨིན་ལོང་མེད་པའི་ཚ་བ་བཅོས་པ་ནི། །སྲོད་དང་སྔ་གྲོ་[དྲོ་]ཐོ་རངས་དགོངས་ཀ་ལ། །བད་རླུང་རྒྱུ་དུས་སྨིན་བྱེད་ཐང་བསྟེན་ནས། །གུང་གཉིས་མཁྲིས་དུས་བསིལ་གྱི་གཉེན་པོས་བསད། །སྨིན་དུས་བསྒུགས་པས་ལ་ཟླ་[འདའ་]སྲོག་འཕྲོག་འགྱུར། །དེས་ན་བྱིར་[བྱེར་]ཞིང་རྙོགས་ལ་མི་ལྟ་བར། །ནད་དང་སྨན་པས་[དཔྱད་]སྲོག་ལ་ཐོབ་ཤ་བྱ། །བད་ཀན་མ་སྨིན་སེལ་[སེ་]འབྲུ་སྐྱུ་རུ་ར། །ལྒ་སྐྱ་པུ་ཤེལ་རྩིའི་[རྩེའི་]བསྡུས་ཐང་བཏང༌། །ཡང་ན་སེར་[སེ་]འབྲུ་སྐྱུ་རུ་བྱི་ཚེར་ཐང་། །ཡང་ན་རྒྱམ་ཚ་གསུམ་གྱི་བསྡུས་ཐང་བཏང༌། །རླུང་གིས་མ་སྨིན་སླེ་ཏྲེ་[ཏྲེས་]བུར་རྙིང་ཐང༌། །ཡང་ན་རུས་བཅུད་གསུམ་གྱི་བསྡུས་ཐང་བཏང༌། །རྐྱེན་གྱིས་བྱེར་ན་བིག་པན་ཆང་སྦྱང་བཏང་། །གྲུ་མོ་པུས་མོ་མན་ཆད་ཆུ་ཡིས་བྲན། །དེ་ཡི་ཕྱིར་[ཕྱི་]ནང་དཔྱི་དཔུང་མན་ཆེད་[ཆད་]བྲན། །དེ་ཡི་ཕྱིར་[ཕྱི་]ནང་ལུས་པོ་ཀུན་ལ་བྲན། །དེ་ནས་འབྲས་བུ་གསུམ་དང་ཏིག་ཏའི་ཐང་ཅིག་བཏང་། །བཅོས་ཐབས་མ་སྨིན་ཚ་བ་བྱི་ཤོལ་[བྱ་ཤོར་]ན། །ཀྲེ་[སྲེ་]ལོང་ཐང་བཏང་མཐིལ་བཞི་རླུང་གསང་བྱུག །ཁོལ་བུར་ནའམ་གཟེར་པར་[སར་]སྤོས་ཀྱིས་བདུག །མ་ནུ་བཞི་ཡི་བསྡུས་ཐང་ཚན་མོ་བསྟེན། །ཤ་གསལ་[གསར་]མར་གསར་ཡོས་ཆང་བྱ་ཤོར་རླན་[གླན]། །མ་སྨིན་བྱེར་ལ་རུས་ཐང་ཀྲེ་[སྲེ་]ལོང་གཏང་། །དེ་ནས་འབྲས་བུ་གསུམ་གྱི་བསྡུས་ཐང་བཏང་། །དེ་རྗེས་བཟང་པོ་དྲུག་གི་ཕྱེད་[ཕྱེ་]མ་སྦྱར། །སྐྱེ་འཕྲོ་རྩད་[ཆད་]ནས་ཨ་རུ་ལྕིམ་[ལྕུམ་]རྩས་བསྦྱར་[སྦྱང་]། །ཁ་ཟས་བསིལ་བཅུད་བསྟེན་པས་བྱེར་བ་བསྡུ། །མ་སྨིན་མགོ་སྡིགས་སེལ་[སེ་]འབྲུ་བཞི་པ་བཏང་། །ཀྲེ་[སྲེ་]ལོང་པ་དང་སྒ་བསྲེགས་བསྡུས་པའི་ཐང་། །ཨ་རུ་ལྕིམ་ཚ་[ལྕུམ་རྩ་]རྒྱམ་ཚ་པི་པི་ལིང་། །གོང་གི་ཐང་བཏང་སྨན་འདིས་བཤལ་སྦྱོང་བྱ། །བཅུད་མེད་དྲོད་འཇམ་ཟས་བསྟེན་མགོ་སྡིགས་བསྲེངས་[བསེང༌]། །མ་སྨིན་རྙོགས་ལ་སླེ་ཁྲེས་[ཏྲེས་]པི་པི་ལིང༌། །འབྲས་གསུམ་ཐང་བཏང་ལ་རུ་ཐུང་གཏར། །དེ་ནས་ཙན་དན་གསི་[གི་]ཝང་གུར་གུམ་གསུམ། །ཚ་སྟོབས་སྦྱར་བས་འབྲས་བུ་གསུམ་དང་བ་ཤ་ཀ །སྤོས་དཀར་སྲོ་[སོ་]མ་ར་ཚ་[ཛ྄བྲག་ཞུན་ཕྱེ། །ཐན་[ཐུན་]སྐྱུང་ཡུན་བསྲིང་སེང་ལྡིང་[ལྡེང་]ཐང་གིས་ཕུལ།  །འབྲས་བུ་དང་གསུམ་དང་ལྕིམ་[ལྕུམ་]རྩ་སྔོན་བུ་དང་། །སྤོས་དཀར་ཆུའི་སྦྱང་བྱེད་བཤལ་བཏང་ལ། །སྙོགས་པ་བསལ་ཏེ་རྗེས་ལ་ཚིགས་པ་ནི། །དང་པོ་བཅུ་གསུམ་དགུ་པ་རྣམས་སུ་བསྲེག །དེ་ལྟར་(མ་)སྨིན་པའི་ཚ་བ་དེ། །ཚ་བ་ཀུན་གྱི་སྔོན་དུ་འདི་འོང་སྟེ། །ཁྱད་པར་རིམས་ལ་མ་སྨིན་ཤས་ཆེ་འབྱུང་། །མ་སྨིན་རྟགས་དང་གང་ལྡན་སྨིན་བྱ་གཅེས། །དུས་ནི་སྨིན་རྟགས་མ་བྱུང་བར་དུ་བསྟེན། །སྨིན་ལེགས་ཚ་བ་བཏུལ་སླ་འཚོ་བ་སྐྱེན། །བཅོས་ཉེས་རྒྱས་སྟོངས་གབ་རྙིངས་རྙིངས་[རྙོགས་]པར་འོང་།  །དེ་ནས་སྨིན་དང་མ་སྨིན་བཅོས་དུས་གཟོབ། །ཅེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་མ་སྨིན་ཚ་བ་བཅོས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:42 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།