སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་གྱ་གཉིས་པ། སྐེའི་རྨ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་གྱ་གཉིས་པ། སྐེའི་རྨ་གསོ་བ། 

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྕལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ཡན་ལག་ཁོག་པ་མགོ་ལས་[ལ་]མ་བཏོགས་[གཏོགས་]པའི། །མི་འདོད་ཤ་ལྷག་རྐེའི་[སྐེ་ཡི་]ལྦ་བ་ལ། །བཅོས་ཐབས་བསྟན་གྱིས་འདི་ཉིད་རིག་པས་ཟུངས། །རྐེ་[སྐེ་]ནི་རུས་པའི་མཁར་རྩེག་རྩེའི་[རྩ་ཡི་]འཕྲང་། །ཤ་དང་ཆུ་རྒྱུད་[རྒྱུས་]རྩ་ཡི་འགག་མིག་ཡིན། །རྒྱུས་གཉེན་[རུས་གཉན་]ལྷ་བ་བྱེད་པ་[བྱེར་བས་]གང་[མགོ་]དང་གཅིག །རྩ་གཉེན་[གཉན་]སོགས་[གསོག་]པ་བྱང་ཁོག་སྟོད་དང་འདྲ། །ཤ་དང་ཆུ་རྒྱུས་གཉིས་[གཉན་]སོགས་[གསོག་]པ་བྱང་ཁོག་སྟོད་དང་འདྲ། །ཤ་དང་ཆུ་རྒྱུས་གཉིས་[གཉན་]པས་ཡན་ལག་འདྲ། །དེ་ཕྱིར་སུམ་འགྱུར་རྐེའི་[སྐེ་ཡི་]བཅོས་ཐབས་སྟོན། །འདི་ལ་རུས་པའི་འཕང་ལོ་ལྔ་བར་བརྩེག །ལྟགས་[ལྟག་]པ་མཁར་དང་མཁལ་[མཁར་]མཚམས་བྱ་འདབས་[འདབ་]བཞིན[བཞི]། །ལྟག་པའི་མཁལ་མཚན་ས་[མཁར་མཚམས་]རྒྱུངས་པའི་གནད་ཡིན་ཏེ། །གཞུང་ལ་ཟིན་ན་ལྡག་[ལྟག་]པར་དགྱེས་[དགྱེ་]ནས་འགྲོ། །མགྲོན་ལྗི་[མགོ་ལྕི་]ཁ་ལྕེ་སྐམ་ནས་དྲི་ཆུ་སྡོམ། །མིག་འགྲིམ་[འགྲིབ་]སྟོད་གཟེར་སྒྱིད་འཁྲི་[འཁྲིལ་]ཡན་ལག་སྐེམ། །གསོ་ཐབས་མེད་དོ་བདུན་ནམ་དགུ་ལ་འཆི། །མཁར་དང་བྱ་འདབས་[འདབ་]རྩ་ཟིན་གསོ་དཀའ་སྟེ། །རུས་པའི་འདྲེན་རྩེར་[རྩིར་]རྒྱ་ཚ་བྱང་པ་དང་། །རུས་[རུ་]རྟ་བུ་རམ་སྦྱར་པའི་རིང་[རེང་]བུ་གཞགས[གཞུག]། །རྣག་ཞུན་[ཞུགས་]རུས་ལ་[པ་]བྲུང་[བྲུད་]ནས་ལྷ་ཁྲག་སྤྱད[སྤྲད]། །ཕྱིང་པ་བག་འདག་སྦྱར་ནས་རྨ་ཁ་སྡོམ། །མར་ཚིལ་སྒོང་[སྒོ་]ང་སྦྱར་བའི་ཁང་[ཁ་]ཞུན་བཏང་། །ཧུང་[ཧོང་]ལེན་བླ་[གླ་]སྒང་སེང་སྡིང་[ལྡེང་]གྲུས་[བགྲུངས་]ཐང་བཏང་། །ཡང་ན་སྟབས་[སྟབ་]སེང་ཤིང་མངར་བསྡུས་ཐང་བཏང༌། །སྐེ་ཡི་རྩ་ལ་ཕྱི་རྩ་ནང་རྩ་གཉིས། །ཕྱི་ཡི་རྩ་ལ་ཁྲག་རྩ་ཆུ་རྩ་གཉིས། །རླུང་ཁྲག་གཉིས་འདོམ་འཕར་བའི་རྩ་དང་གསུམ། །འཕར་རྩ་ཨོལ་ཁང་[གོང་]མྱིད་པའི་བར་ནས་ཡར། །གློ་བུར་སྙིང་རྩ་གསེར་གྱི་སྐུད་པ་ཡོད། །དེ་ཆོད་གནམ་བྱ་སྙིང་ལ་ཟིན་པ་འདྲ། །མི་འཆོར་ཞག་མ་བཅུ་གཅིག་ཚུན་ལ་འཆི། །ཨོ་ཁོང་[ཨོལ་གོང་]པ་ཡི་གཡས་གཡོན་འདབ་ནས་ཡར། །སྙིང་རྩ་གཉིད་མགོ་[ལོག་]རྩེའུ་འདྲ་བ་གཉིས། །རྩ་དེ་བཅད་ནས་[ན་]འཆི་བ་ལས་མིན་ཏེ། །བསྡབ་[བརྡབ་]བམ་བསྡབ་[བརྡབས་]ཀྱང་འགྱིལ་[འགྱེལ་]ཞིང་བརྒྱལ་བ་ཡོད། །དེ་ནས་མཐུར་[ཐུར་]ལ་ཚོན་རེ་གཅལ་[བཅལ་]བ་ན། །སྙིང་རྩ་སྣེ་སྣག་[རྩེ་ནག་]སྙམས་[རྣམ་]པ་གཉིས་ཡོད་དོ། །རྩ་དེ་མ་ཆོད་བཅོས་ཐབས་ཡོད་པ་ཡིན། །དེ་ནས་ཕྱིར་ལ་ཕུན་གང་གཅལ་སོ་[བཅལ་བ་]ན། །གློ་སྙིང་སྡོང་པའི་ཁྲག་རྩ་རྩེ་ཆུང་ཡོད། །དེ་ཆད་[ཆོད་]ཁྲག་མི་ཆོད་དེ་མོ་[མོད་]ནས་འགུམ། །དེ་དག་བཙན་བརྡུང་འཐེན་[འཐེམས་]ཆོད་གསོ་བའི་ཐབས། །དང་པོ་གང་[གོང་]འོག་མེ་རྒྱས་བསྐོར་བར་བྱ། །ཁྲག་ལ་ཐུལ་ན་[མ་ཐུབ་]རྨ་ལ་རྒྱ་ཁྱིམ་བཅའ། །མི་གླང་ཁྱི་འོག་རྩ་མོ་ཉ་ལས་[ལ་]སོགས། །དོམ་མཁྲིས་ཀ་ར་[དཀར་]པོ་སྦྱར་ལ་བཏང་། །རླུང་ཆེ་ནམ་ཟླ་གྲང་དུས་སྦང་ཀར་[གར་]དང་། །མར་ཞུན་སྤོད་བྱུག་བག་ཕྱེ་བོང་སྤུས་མནན། །རྨ་བུལ་[བུག་]ཁོལ་བཏོན་མཁྲིས་སྣ་ཞོ་སྦྱར་བཏོང་[གཏང་]། །ཚ་བ་རྒྱས་དང་དྲོ་དུས་བསྐོལ་ཞོ་དང་། །བག་ཕྱེ་ཤིང་མངར་བྱུག་ནས་གང་[གོང་]བཞིན་བྱ། །དེ་ནས་སྟག་[ལྟག་]ཆུ་གཡས་གཡོན་གཉིས་ནས་མར། །ཆུ་རྩ་སྦུ་གུ་ཅན་ཞེས་བྱ་བ་ཡོད། །དེའི་ཕྱིར་ཚོན་གང་ཆུང་[ཆུ་]རྩ་སྒྲིལ་མ་ཡོད། །དེ་གཉིས་བཅད་ན་གཡས་གཡོན་སྣེ་བསྣོལ་བྱེད། །གཉའ་རིངས་[རེངས་]སྨད་འཕྱེད་[འཕྱེས་]དྲི་ཆུ་འགགས་ནས་འཆི། །རྣ་རྩ་འོག་ན་ཆུ་རྩ་རིན་ཆེ་[ཆེན་]ཡོད། །དེ་ཆོད་ལགས་[ལག་]པ་བཤལ་སྦྲིད་འདུ་བྱེད་ཉམས། །དེ་རྣམས་བཅོས་ཐབས་གོང་འོག་མེ་རྒྱས་བཏབས[གདབ]། །རྨ་ལ་ཨ་པ་[ས་]སྣུམ་ནན་ཚན་དོས་བདུག །རྨ་[སྨད་]འཕྱེས་གླ་རིལ་བཙོས་པའི་ལུམས་སུ་བཞུགས་[གཞུག]། གཉའ་རིངས་[རེངས་]ལག་པ་ཞ་ནེ་[ན་]བདུད་རྩིའི་ལུམས། །དྲི་ཆུ་འགག་[འགགས་]ན་[ཆུ་]སྨན་ནི་རུས་ཏྲང་[དྲང་]། །ནང་རྩ་བཅུ་གསུམ་ཆོད་ན་དྲི་ཆུ་སྡོམས། །ཡན་ལག་བཅུད་[གཅུད་]ལ་འབོར་སྙོམས་[བོར་སྙམ་]ལོག་པར་འཛིན། །ཁ་[ཁ་]ལྕེ་སྐམ་གདོང་སྣུམ་མིག་སྤྲིན་སེར། །མགོ་འཁོར་ཟས་སྐྱུག་བཅོས་མེད་འབོར་[བོར་]བར་བྱ། །མདུན་གྱི་རྒྱང་ཤ་ལས་བྱོར་[བྱེད་]ཆོད་པ་ནི[ན]། །ཨ་པ་[ས་]འོལ་སྐོམ་མར་ཚིལ་དྲོད་ཕབ་མནན། །ཧྲིམ་[ཧྲེམ་]ན་ཨ་པ་[ས་]བས་ཚས་ལུམ་[ཚོས་ལུམས་]བྱ་སྟེ། །མ་ཧྲིལ་[ཧྲེམ་]སྐྲངས་ལ་གང་[གོང་]གི་ཆས་བྱས་འདྲ། །ཨོལ་ཁང་[གོང་]མེད་[མིད་]པ་རྐེད་དུ་བཅད་ན་འཆི། །གཤག་[གཤགས་]ནས་འཁྲིས་[མཁྲིས་]པ་བཏབ་ལ་ངར་གྱིས་བརྩེག[རྒྱུས་པས་བཙེམ]། །ཁྱི་དཀར་སྤུ་དང་བག་བདག་[འདག་]འཕྱིང་[ཕྱིང་]པས་བསྡམ། །ཟས་སྐོམ་བསིལ་ཁ་འཇལ་[འཇམ་]པའི་བུར་[ནུར་]ཐུག་བཏང་། །ཨོལ་ཁོང་[གོང་]རླུང་ཤོར་སྐྲང་ན་དཀར་ནག་མཚམས། །སྔོན་པོ་སྤྱི་གཙུག་གསེར་གྱིས་བསྲེག་པར་བྱ། །རྒྱབ་ཀྱི་མདུན་ཤ་ཆུ་བ་པིར་མགོ་འབྲེལ། །ལྟག་པའི་རུས་[ཆུ་]ལེབ་ཆོད་ནས་[ན་]ཨ་ཅད་[ཅང་]ཆེ། །གཤག་[གཤགས་]ཀྱང་ཕོག་སྔོན་[སྔ་]འགྱེལ་སྔར་འགྲོ་བ་ཡིན། །ལུས་པོ་ཐག་པས་ཀུན་ནས་བསྡམ་པ་འདྲ། །འཁྲིས་[མཁྲིས་]སྣ་ཆུ་དག་རྟོ་[རྡོ་]རྒྱུས་ཨ་རུའི་ཐལ། །ཁུར་ཞོ་ཁྱེད་[ཁྱེའུ་]འཐུང་ནུ་ཞོའི་འདི་[ལྡེ་]གུ་ཡིས། །ཆུ་བའི་ཉ་[ཉྭ་]གཡོག་སྐྱི་དཀར་སྤྱིན་བསྐུས་བསྟེན་[ལྟེམ]། །ཕྲུམ་སེང་[སེར་]འཇིབ་རྩི་རྨ་ལ་གཞག་པ་ཡིན། །ཉལ་འདྲེས་མི་བྱ་ཙག་བུར་[ཙོག་པུར་]འདུག་ལ་གསོ། །རུས་པ་བསྲེག་བྲུད་འཇིབས་[འཇིབ་]རྩི་འོག་ལྟར་བཅོས། །རྩ་གཉིས་[གཉན་]མེ་འསྡོར་[སྡོམ་]མགྱོག་[མགྱོགས་]མེ་ལ་སོགས་པ། །བྱང་ཁོག་བཅོས་དང་གཉིས་སུ་མེད་པར་བཅོས། །རྩ་[ཤ་]དང་ཆུ་རྒྱུས་དམར་སེར་སྐྱ་སྦྱོར་ནི། །ཡན་ལག་བཅོས་པའི་ཁོག་དང་གཅིག་ལ་བཅོས། །བསིལ་འཇིབ་དྲག་ནི་[དྲགས་ན་]དྲི་ཆུ་སྡོམ་པ་ལ། །དྲོད་ལུམས་དྲག་[དྲགས་]ན་ཙ་[རྩ་]ཁ་འབུ་[བ་]ཡིན། །མེ་བཙའ་དྲག་[དྲགས་]ན་ཆུ་རྒྱུས་འཁུམ་[འཁུམས་]པས་ལ་[ན]། །དེ་བས་གསུམ་འཇོམ་[འཛོམ་]བསིལ་དྲོད་སྙོམ་[སྙོམས་]པ་གཅེས། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་སྐེ་རྨ་གསོ་བའི་ལེའུ་སྟེ་རྒྱ་གཉིས་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 2:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།