སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་སོ་གཉིས་པ། སྟོན་པ་ལ་བསྟོད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.08.2023
སྨན་འབུམ་དཀར་པོ། >>



ལེའུ་སོ་གཉིས་པ། སྟོན་པ་ལ་བསྟོད་པ།

དེ་ནས་ཡང་གསོའ་(གསོ་)བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ལ་སོགས་འཁོར་གྱི་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་སྟོན་པ་ལ་བསྟོད་པ། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ནི།། སྐུ་ལ་ཉེས་པའི་སྐྱོན་བྲལ་མཚན་དཔེ་རྫོགས།། འོད་ཟེར་འཕྲོས་པས་འགྲོ་བའི་བར་(ཆད་)སེལ།། ཉེས་པའི་སྐྱོན་བྲལ་སྐུ་ལ་ཕྱག་འཚལ་བསྟོད།། ཚངས་པའི་གསུང་གིས་འཁོར་བའི་སྡུག་བསྔལ་སེལ།། འཕྲུལ་ངག་བདེན་པ་གསོལ་རྒྱུད་བོན་རྣམས་འཆད།། ལོག་རྟོག་(རྟོགས་)བདུད་དཔུང་འདུལ་བའི་གསུང་ལ་བསྟོད།། སྟོང་གསལ་ཐུག་(ཐུགས་)ལ་མཁྱེན་པའི་རྩེ་བ་མངའ།། འགྲོ་བ་འཁྲུལ་པའི་ཐ་རམ་འབྱེད་པ་བྱེད།། མཉམ་ཉིད་འཁྲུལ་མེད་ཐུགས་ལ་ཕྱག་འཚལ་བསྟོད།། ལེག་(ལེགས་)པའི་ཡོན་ཏན་ཉེས་པའི་སྐྱོན་དང་བྲལ།། ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པའི་གཏེར།། ཡོན་ཏན་ཕུན་སུམ་ཚོགས་པའི་རྒྱུད་ལ་བསྟོད།། མཛད་པའི་འཕྲིན་ལས་སྟོང་གསུམ་འཁོར་ལོ་བསྒྱུར།། འཕྲིན་ལས་སྟོབས་ཀྱིས་འཁོར་བའི་སེམས་ཅན་འདྲེན།། མ་རིག་མུན་སེལ་སྟོན་པའི་སྐུ་ལ་ཕྱག་འཚལ་བསྟོད།། ཅེས་དཔྱད་བུ་ལ་སོགས་ཀྱིས་བསྟོད་པ་ཕུལ་ནས་ཀུན་གྱིས་ཕྱག་འཚལ་ལོ།། རྗེས་སུ་ཡིད་(ཡི་)རང་འབུལ་ལོ།། མངོན་པར་བསྟོད་དོ།།

རྒྱུད་གསུམ་འདུས་པའི་མདོའ་(མདོ་)འབུམ་རྩ་བ་འདི།། དཔྱད་བུ་ལ་སོགས་འཁོར་རྣམས་ཀུན་ལ།། འཛམ་གླིང་བསྟན་པའི་ཞིང་ལ་ཕན་ཕྱིར་དུ།། རྒྱུད་འདི་བསྟན་པ་དུས་མཐར་རྒྱས་པའི་ཕྱིར།། གཡུང་དྲུང་སེམས་དཔའ་རྣམས་ཀྱིས་སྤྱོད་བསྒྱུར་ནས།། གང་ཟག་འགྲོ་རྣམས་ཀུན་གྱིས་སྤྱོད་པའི་ཡུལ།། གསོ་བྱེད་རྣམས་(རྣམ་)རྒྱལ་སྨན་འབུམ་དཀར་པོ་འདི།། མ་འོང་(འོངས་)སྡུག་བསྔལ་ཀུན་གྱི་བདུད་རྩིར་ཤོག ཅེས་གསུངས་རྣམས་འཁོར་རྣམས་ཀུན་(ལ་) བསྟན་ནོ།།

སྡུག་བསྔལ་ཞི་བྱེད་གསོའ་(གསོ་)བྱེད་སྨན་འབུམ་དཀར་པོ་ལས་འཁོར་རྣམས་ཀུན་གྱིས་བསྟོད་པ་ཕུལ་བའི་ལེའུ་སྟེ་སུམ་བཅུ་(ཅུ་)རྩ་གཅིག་(གཉིས་)པའོ།།

རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩ་བ་ལ་(ནས་)དཔྱད་བུ་ལ་སོགས་འཚོ་གཞོན་རྣམས་ཀྱི་དོན་ལ་གཏན་ལ་ཕབ་པའོ།། རྟེན་འབྲེལ་འགྲིག་པའི་དུས་སུ་བསམ་ཡས་རྩེ་ནས། བན་དྷེ་མི་གསུམ་གྱིས་བཏོན་པའོ།། དེ་ནས་ལྷ་རྗེ་གཡུའ་(གཡུ་)ཐོག་པས་ཞུས་སོཧཱ།། བཀྲ་ཤིས་པར་ཤོག། ཞུས་སོ།། །།



མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 10:10 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།