སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་ཉེར་གསུམ་པ། མི་ན་བར་གནས་པར་བྱ་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་ཉེར་གསུམ་པ། མི་ན་བ་གནས་པར་བྱ་བ་བསྟན་པ

དེ་ནས་ཡང་དཔྱད་བུ་ཁྲི་ཤེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེེ་མཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། ནད་མེད་ཐ་མར་(མལ་)གནས་ལ་ཇི་ལྟར་བརླབ་(བསླབ་)པར་བགྱི། འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། ཞེས་ཞུས་པ་ལས། སྟོན་པས་གསུངས་པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །རྣམ་པར་མ་གྱུར་ཐ་མལ་ལུས་པོ་ལ། །མི་ན་གནས་དང་རིང་དུ་འཚོ་བར་བྱ། །དང་པོར་མི་ན་གནས་པར་བྱ་བ་ནི། །ནད་ཀུན་རྒྱུ་ལས་རྐྱེན་གྱིས་བསླང་ལས་འབྱུང༌། །རྐྱེན་མེད་རྒྱུ་ལས་འབྲས་བུ་འབྱུང་མི་སྲིད། །དེ་ཕྱིར་ནད་རྣམས་ཀུན་གྱི་རྐྱེན་སྤང་བྱ། །དུས་དང་དབང་པོ་སྤྱོད་ལམ་རོ་ནུས་རྣམས། །དམན་དང་ལོག་དང་ལྷག་པས་ནད་སྐྱེད་ལ། །ཡང་དག་སྦྱོར་བ་ནད་མེད་གནས་པའི་རྒྱུ། །དེ་ཕྱིར་སྤྱོད་ལམ་ཟས་སྨན་རྣམ་གསུམ་པོ། །ཡང་དག་བསྟན་(བསྟེན་)པས་ནད་མེད་བདེར་གནས་འགྱུར། །ལོ་ཟླ་འདས་ཏེ་ལུས་བཟངས་(ཟུངས་)སྟོབས་འགྲིབ་པས། །ཚེ་ཟད་རྒས་པའི་ནད་ལས་བསྲིང་བ་ནི། །བཅུད་ལེན་ཕན་ཡོན་གནས་བརྟེན་(རྟེན་)བྱ་ཐབས་བཞི། །ཕན་ཡོན་ཚེ་རིང་ན་སོ་དར་ལ་འཇོག །ལུས་མདངས་སྟོབས་སྐྱེད་དབང་པོ་གསལ་བར་བྱེད། །གནས་གཙང་དབེན་གནས་བར་ཆད་མེད་པ་དེར། །རྟེན་ནི་ཧ་ཅང་རྒས་པ་མ་ཡིན་པ། །ཆགས་སྤོང་བརྩོན་པས་གཟའ་སྐར་བཟང་ལ་འཇུག །བྱ་ཐབས་གཙོར་བླང་ཞོར་སྤྱད་རྣམ་པ་གཉིས། །གཙོ་བོའི་སྤྱད་སྔོན་འགྲོ་དངོས་གཞི་རྗེས་། །སྔོན་འགྲོ་སྣུམ་འཆོག་རྗེས་ལ་ཁྲུས་བྱས་ལ། །འབྲས་བུ་གསུམ་དང་རྒྱ་ཚྭ་པི་པི་ལི་(ལིང་)། །བཅའ་སྒ་ཤུ་དག་ཡུང་བ་བྱི་ཏང་ཀ།བུ་རམ་བ་ཆུ་སྦྱར་བས་ཁོང་པ་སྦྱང༌། །མ་སྦྱངས་དྲན་(དྲི་)ཅན་ཚོས་ལྟར་དོན་མེད་འགྱུར། །དངོས་གཞི་སྒོག་སྐྱ་ཞུན་དམར་(མར་)སྦྱར་བྱས་ལས(ལ)། །ནས་སྣོད་བདུན་གསུམ་བཞག་ལ་ཞག་གྲངས་བསྟེན། །རླུང་གི་ནད་སེལ་ཚེ་འཕེལ་བྱེད་པ་ཡིན། །བྲག་ཞུན་བརྟུལ་(བཏུལ་)ལེགས་གསེར་དངུལ་ཟངས་ལྕགས་དང་། །ལྕགས་སྣོད་འཕྲོང་(འཕྲོད་)སྨན་སྦྱར་ལ་རིམ་བསྐྱེད་བཟའ། །ནད་འཇོམས་ཚེ་འཕེལ་མོན་སྣེ་རྒྱ་སྲེན་(སྲན་)སྤང༌། །ཙི་ཏྲ་ཀ་དང་མར་སྦྲང་སྦྱར་བ་བསྟེན། །ཚེ་རིང་ལུས་རྒྱས་མེ་དྲོད་འབར་བར་བྱེད། །བ་གཅིན་སྦྱར་བསྟན་(བསྟེན་)ཤ་ཁྲག་མཛེ་ནད་སེལ། །ཨ་རུ་བར་སྐྱུར་འབྲས་བུའི་སྨན་མར་གྱིས། །དབང་པོ་གསལ་ཞིང་སྟོབས་བསྐྱེད་རྒས་ཁ་སྲ། །ཀུན་ལ་ནད་དང་གང་འཕྲོད་ཟས་སྤྱོད་བསྟེན། །རུལ་སྐྱུར་སྔོ་ངད་མི་འཕྲོད་སྤང་བར་བྱ། །ཟླ་བ་གསུམ་དྲུག་ལོ་ཡིས་འབྲས་བུ་འགྲུབ། །དེ་མ་ལྕོག་(ལྕོགས་)ན་ཞོར་ལ་སྤྱད་བྱས་ལ། །གནས་སྐབས་འབྲས་བུ་འབྱིན་པར་ནུས་པ་ཡིན། །ཞེས་གསུངས་སོ། །

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་མི་ན་བར་གནས་པར་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།




 

མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 10:35 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།