སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་དགུ་བཅུ་པ། རྒྱུ་དང་མི་རྒྱུ་བའི་དུག་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུདགུ་བཅུ་པ།  རྒྱུ་དང་མི་རྒྱུ་བའི་དུག་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །རང་བཞིན་དུག་ལ་རྣམ་པ་གཉིས་ཡིན་ཏེ། །རྒྱུ་བའི་དུག་དང་མི་རྒྱུ་བའི་དུག་གཉིས་ནི། །སྔོན་དང་སྔོན་གྱི་དུས་དང་པོ་ལ། །སྣང་མུན་བསྟེན་པའི་ཁ་རུ་འཛིན་པ་ཡིན། །སྲིད་བུ་ལོག་པ་ལྕམས་དང་བྱུང་རེ་གཉིས། །བར་དུ་མུན་པ་ཟེར་ལྡན་སྤྲུལ་པ་བཞུག[བཞུགས]། །བདུད་ཆེན་རབས་པ་དུག་འགྱེད་བྱ་བ་བྱུང་། །འགྲོ་བ་ཀུན་ལ་དུག་གིས་ཆད་དམ་ཙམ། །སྐྲ་དང་བ་སྤུ་བུ་ག་སྒོ་དགུ་ནས། །དུག་གི་ཟེར་འཕྲོས་རྒྱ་དང་མི་རུ་[རྒྱུ་]བ། །རྕི་དང་སེམས་ཅན་འདུས་ཚད་འགའ་ལ་སྦྱར། །དེ་ཡིས་ཕོ་རོག་སྲོག་འཕྲོག་དུག་གནས་པ། །རྒྱུ་བའི་དུག་ནི་ཁྱི་སྦྲུལ་སྡིག་པ་དང་། །སྲིན་བུ་ཝ་ཡི་དུག་ལས་[ལ་]སོགས་པ་ཡིན། །མི་རུ་[རྒྱུ་]བ་ནི་བོང་ང་བཙན་དུག་དང་། །སྤྱང་དུག་ར་དུག་བསེ་ཤིང་ཐང་ཕྲོམས་[ཕྲོམ་]སོགས། །རྒྱུ་དང་མི་རུའི་[རྒྱུའི་]བཅོས་ཐབས་གཉིས་སྟོན་ཏེ། །དང་པོ་རུས་[རྒྱུ་]བའི་དུག་ལ་ལྔ་ཡིན་ཏེ། །ཕྱི་[ཁྱི་]སྦྲུལ་སྡིག་པ་སྲིན་བུ་ཝ་ཡི་དུག །དང་པོ་རུས་[རྒྱུ་]བའི་དུག་ལ་ལྔ་ཡིན་ཏེ། །ཕྱི་[ཁྱི་]སྦྲུལ་སྡིག་པ་སྲིན་བུ་ཝ་ཡི་དུག །དང་པོ་ཁྱི་དུག་མཚན་ཉིད་བརྟགས་པ་དང་། །གསོ་བའི་ཐབས་དང་རྣམས་[རྣ་]པ་གསུམ་ཡིན་ཏེ། །མཚན་ཉིད་ཀྱི་[ཁྱི་]ལ་དུག་ཡོད་པའི་རྟགས། །འོན་ལོན་[ལོང་]ཁ་ཆུ་འཛག་དང་འཁྱམ་དང་སྐོར། །ཁ་གདང་[གདངས་]མགོ་སྨད་འཇུག་ཕག་[མཇུག་ཕབ་]འཁྱམ་[འཁྱོམ་]ཅིང་གྷྲ[རྒྱུ]། །དེ་ཡི་མཆེ་དུག་ཟིན་རྟགས་གསར་བརྙིང་[རྙིང་]གཉིས། །གསར་དུས་རྨ་ནས་ཁྲག་ནག་འཛག་པ་དང་། །རྨ་མདོག་སྨུག་ནག་མ་[མི་]སྡུག་ཐིག་ལེ་རི་མོ་འོང་། །སྐྲངས་ཤིང་རྨ་ནང་རྨེན་བུ་ནག་ཧྲོམ་འོང་། །སྙིང་[རྙིངས་]ནས་མགོ་བོ་ན་ལ་གྲངས་[གྲང་]ཤུམ་བྱེད། །འཕྱོ་འདར་སྙིང་ཁ་ན་ལ་སྐབས་སུ་འབོག །མེ་ལོང་ཆུ་མཐོང་འཇིག་[འཇིགས་]ཤིང་ཁྱི་སྤྱོད་བྱེད། །ཟ་སྟོངས་[སྟངས་]ཟུགས་[ཟུག་]སྟངས་འདུག་སྟངས་འགྲོ་སྟངས་བྱེད། །དུག་རླངས་རྒྱས་ནས་ལོངས་[ལངས་]པའི་རྟགས་ཡིན་ནོ། །གསུམ་པ་བཅོས་ཐབས་གསར་བརྙིང་[རྙིང་]དུས་ཀྱིས་སྦྱར། །གསར་པ་ངོས་[སོས་]ཟིན་མོད་ལ་རྕེ་བ་ཡིན། །སྨན་པས་ཁ་དང་སྔགས་རས་[རྔབས་རྭས་]ཁྲག་འཇིབ་བཞིས། །སོར་བཞིའི་གོང་འོག་རས་འཇག་དམ་དཀྲིད་[དཀྲིས་]པས། །དེའི་མ་འཕྲོད་བསྡུ་དང་ཞིབ་པ་བྱེད། །ཞག་མ་གཅིག་གཉིས་ལོངས་དུས་སླེབས་པ་ན། །རྨ་དེ་ལྕགས་ཀྱིས་བསྲེགས་ལ་རྨ་ནང་དུ། །ཞུན་མར་ལེགས་བསྐོལ་བསྲེགས་པ་བསྐོར་ནས་བླུག་[བྱུག] །རྒྱམ་ཚ་སྐྱེར་ཤུན་དུད་པ་རྕོད་[བཙོད་]ཀྱིས་བླུག[བྱུག] །ཡང་ན་ཡོང་[ཡུང་]སྐྱེར་གླ་རྕི་བོ་[བོང་]ང་མར་གྱིས་བྱུག །དེ་སྟེང་རྟ་སྦང་[སྦངས་]ཞོ་མར་རྨ་འཇིབ་བཞག །དེ་རྗེས་ལྡིང་[ལྡང་ངམ་]མི་ལྡང་ཆུ་ལ་རྟགས[བརྟག]། །ཁྱི་དང་ལྕེ་དང་མཚུལ་པ་འདྲ་བ་དང་། །ཆུ་གསོབ་[གསེབ་]བྱི་བ་བྱུང་སྙམས་[སྙམ་]བྱེད་པ་དང་། །སླངས་[དངངས་]ན་ལྡང་བའི་རྟག་[རྟགས་]ཡིན་བཅོས་སྨན་བྱ། །མི་ལྡང་ར་[པར་]འདུག་པ་ལ་གཉེན་པོ་བསྟེན། །ལྡན་[ལྡང་]བར་གྱུར་ན་ཁྱི་སྨྱོན་འཆི་[མཆེ་]བ་དང་། །བྲག་སྐྲད་[བྲང་ཀྲད་]འཐེ་[མཐེབ་]གང་བསྲེགས་པའི་ཐལ་བ་དང་། །ཐབས་[ཐབ་]ཁ་གཡོས་པའི་ཐད་[ཐབ་]ཁའི་དུད་རྒན་དང་། །ལོ་བརྒྱད་དྲི་ཆུ་སྦྱར་བཏང་དུག་ཞེན་སླངས་[བསླང་]། །ཡངས་[ལངས་]རྟགས་ལུས་སྦྲིད་ཁོལ་བུ་ན་བ་དང་། །ཁྱི་མ་[ལ་]ཞེ་སྡང་བཤུལ་ཤ་གདང་པ་ན། །དེ་ལ་བསྲེད་[གསོ་]སྨན་གྷྲི་[གི་]ཝང་ཛ་[ཛཱ་]ཏི་དང་། །ཕ་ཝང་བོང་[ལོང་]བུ་ཞིབ་བཏག་[བཏགས་]ཕྱེ་མ་རྣམས། །བུ་[བུར་]དཀར་བཞི་འགྱུར་ཆུ་གྲང་ཕུལ་ལ་བཏང་། །ཡང་ན་གྷྲི་[གི་]ཝང་བཟང་དྲུག་ཐང་ཕྲོམ་པ། །བ་སྤྲུ་གླང་[གླ་]རྕི་ཀ་ར་ཁས་བླངས་བཏང་། །རྒྱ་སྤོས་སིང་[སེང་]ཕྲོམ་ཆུ་དག་ཧུང་[ཧོང་]ལེན་དང་། །པ་ཏྲ་སུག་སྨེ་[སྨེལ་]གུར་གུམ་ཞུན་མར་སྦྱར། །བཟང་[བཟའ་]བྱུག་མི་རུས་ཉུང་དཀར་བུར་བརྙིང་[རྙིང་]གིས། །དུ་བས་བདུག་པས་རྨ་དང་སྐྲངས་པ་འཇོམས། །ཡུན་སྲིང་ཟླ་བ་དྲུག་གི་བར་དུས་ལ། །ཞག་མ་བཅུ་རེའི་མཚམས་སུ་སྨན་ཐུན་རེ། །ཞག་བཅུ་ཕར་འདས་ཟླ་བ་ལོན་པ་ཡིན། །དུག་ཡོད་རྟག་[རྟགས་]ལྡན་སྨྱོ་དུག་འབྲོས་པས། །ཚིག་[ཚིགས་]པ་བདུན་དྲུག་སྙིང་གསང་མེ་ཡིས་བསྡམས། །དུར་བྱིད་ཧུང་[ཧོང་]ལེན་དྷ་རུ་ར་ཡིས་སྦྱངས། །གུར་གུམ་དུད་པ་ཀོ་[ཀ་]ཤོ་ཀ་དྷ་[ཀམྡྷ་]དང་། །རྒྱ་སྣེ་བ་ཆུའི་རིལ་བུ་སྦྱར་བ་སྟེ། །བདུན་བདུན་ལོ་བརྒྱད་དྲི་ཆུས་ཕུལ་ནས་བཏང་བ་ཡིན། །ཡང་ན་ཕ་ཝང་ལུང་[ལོང་]བུ་རྣམ་པ་གསུམ། །བཟང་དྲུག་གྷྲི་[གི་]ཝང་ཙནྡ་[ཙན་དན་]ཨ་རུ་ར། །བུ་རམ་དཀར་པོ་བཞི་འགྱུར་སྦྱར་ལ་བཏང་། །ནད་མགོ་ཆོམ་[ཆོམས་]ནས་རྒྱ་སྤོས་ན་ལེ་ཤམ། །སུག་སྨེ་[སྨེལ་]རུ་ཏ་[རྟ་]ཤིང་མངར་སྦྲང་རྕི་དང་། །ཞུན་མར་སྦྱར་བའི་བདེ་[ལྡེ་]གུས་ནད་རྗེས་གཅོད། །རྨན་[རྨེན་]པ་སྐྲངས་ན་རུས་བསྙིང་[རྙིང་]བྷ་ཤ་[འབའ་ཆ་]དང་། །ཉ་ལུག་[ལྕིབས་]ལུག་ཞོ་ཙམ་སྦྱར་ལུམ་[ལུམས་]ཀྱིས་མནན། །ཁོལ་བུར་ན་ན་ཧོར་གྱི་མེ་བཙན་[བཙས་]མནན། །མི་བསྡུག་སྙིང་གནོན་པའི་སྤྱོད་ཡིན། །མེ་ལོང་ལྟ་དང་ཁྱིའི་སྐད་དང་ལོ་རྒྱུས་སྨྲ། །ཆུ་ཆེན་བསྒལ་[བརྒལ་]དང་ཞེ་སྡང་ལོ་དུས་སྤོངས། །དེ་ཡིས་ཁྱི་ཡི་མཆེ་དུག་ཟིན་པ་སྤངས། །གཉིས་པ་སྦྲུལ་དུག་མཚན་ཉིད་རྟགས་དང་བཅོས་ཐབས་གསུམ། །མཚན་ཉིད་ལྡིང་[གདེངས་]ཁ་ཅན་ན་[ནམ་]འཁོར་ལོ་གཡུང་དྲུང་རིས། །རི་མོ་སྦོམ་ཐུང་མཆེད་པ་དབུལ་མགྱོག་པ་ཡིན། །ལུ་[ལུས་]འཁྱིལ་ལྡུམ་བུ་སྣ་ཚོགས་འདྲ་ལ་སྣ་རིངས་[རིང་]བུལ། །ཁྲ་མོ་རི་མོ་ཆུ་[ཆུང་]ཞིང་འཕྲེད་དུ་འོང་། །གོ་ད་[དྷ་]བུ་ནི་གསུམ་ཁ་འདྲེས་པར་[འོང་]བ་སྟེ། །གཞི་ཁ་འདུས་ན་འདུ་བ་འཁྲུག་[འཁྲུགས་]པ་སྟེ། །རྟགས་ལ་ཟིན་ཚུལ་རིགས་དང་དུག་ཤུལ་གསུམ། །ཟིན་ཚུལ་ལྕོས་[ལྕེས་]ལྡག་ཁ་ཆུས་ཕོགས་པ་དང་། །པོས་[སོས་]ཟིན་ཤ་བཅད་མཆི་[མཆེ་]རྗེས་ཁྲག་ཅན་དང་། །མཆིས་པ་དམུ་དག་རྕ་གཅད་ཁྲག་འཛག་དང་། །དེ་ཡིས་ཟིན་པའི་དུག་ལ་གསུམ་ཡིན་ཏེ། །མ་མཐོང་ཕྱིན་པས་ཟུག་རྔུ་ཟུགས་[ཟུག་]པ་དང་། །རིག་[རིགས་]པས་འཇག་སྐྲགས་[འཇིགས་སྐྲག་]རླུང་འཁྲུག་[འཁྲུགས་]རྟག་[རྟོག་]པའི་དུག །དུག་ཅན་མཆི་[མཆེ་]བས་དམུག་[རྨུགས་]པའི་དུག་དང་གསུམ། །སྦྲུལ་དུག་ཁྲག་པ་[ལ་]བརྟེན་ཏེ་ཏིལ་མཆེད་འདྲ། །ཁྲག་ཕོག་རྨར་འགྲོ་ཐ་མ་སྙིང་ལ་འཇུག །གདིང་[གདེངས་]ཁ་ཅན་ནི་དང་པོ་ཕུག་ཁྲགས་[ཁྲག་]འཛག །གཉིས་པ་ལུས་ལ་སྲིན་བུ་འགྲོ་སེམས་རྨེན་ཤུ་སྐྱེ། །གསུམ་པ་མགོ་སྡིང་[ལྕི་]རྨ་རྨགས་[སྣབས་]མཆིལ་མང་མིག་འབྱེད་དཀའ། །བཞི་པ་ལུས་ཀྱི་ཚིགས་རྣམས་བྱེ་འམ་བསྙམས[སྙམ]། །དྲུག་པ་ལུས་ཚ་བསྐེག་[སྐྱིགས་]བུ་མང་དུ་འབྱུང་། །བདུན་པ་འཁྲུ་ལྕི་སྙིང་ཁ་མདུན་རྒྱབ་ན། །ལུ་[ལུས་]འཁྱིལ་ཁྲག་དང་ལུས་སེམས་ཚ་བ་སྐྱེ། །གཉིས་པ་སྐྲངས་ཤིང་གསུམ་པ་རྣག་ཏུ་འགྲོ། །བཞི་པ་རིམ་[རིམས་]འདེབས་ལྔ་པ་ལུས་ཀུན་ཚ། །ཁྲ་བོ་ཤུག་[ཤུགས་]ལྡན་ངོ་བོ་ཁྲག་མདོག་ཡང་[སྐྱ]། །ལྔ་པ་གྲང་རིམ་[རིམས་]འདེབས་པ་ཡིན། །གོ་ད་[དྷ་]བུའི་ཤུག་[ཤུགས་]རྟགས་ལྡན། །ཟིན་པ་ཟས་ཐུགས་[ཐུག་]སྐྱུག་ཅིང་སྙིང་གཟེར་འཕྱོ། །གསུམ་པ་གསོ་ཐབས་རྨའི་དགོང་[གོང་]དུ་རེས་[རས་]ཀྱིས་བཅིང་། །ལུ་[ལུས་]འཁྱིལ་མ་ཡིན་གསུམ་པོ་སྣང་བསྲེགས་བྱ། །རྨ་ནས་ནད་ཁྲག་གཞིབ་སྔབ་རས་[རྔབ་རས་]འཇིབ། །ཁྱི་དུག་གཏར་མ་[ལྟར་དུ་]བྱུག་བདུག་རྨ་ཆ་[ཆས་]བྱ། །ཁྲག་ལ་བརྟེན་པས་རྨ་དང་གང་ཉེ་གཏར། །གུ་གུལ་བཞི་དང་རྒྱ་སྤོས་ལྔ་པ་ནི། །ཁྱི་སྦྲུལ་སྲིན་བུའི་དུག་ཀུན་འཇོམས་པས་བཏང་། །བྱི་རུག་རྒྱ་སྤོས་ཐང་ཤིང་ཀ་རན་འཇབ[ཀཉྫ]། །ཡོང་སྐྱོར་[ཡུང་སྐྱེར་]འབྲས་བུ་ནིམ་པ་ཚ་བ་གསུམ། །བ་གཅིན་བཏག་[བཏགས་]སྦྱར་བཏུང་དང་རྨ་སྨན་གྱིས། །བ་སྦྲུལ་སྲིན་བུ་སྡིག་[པའི་]དུག་ཀུན་འཇོམས། །གླ་བ་སིལ་བ་གདུག་[གདུགས་]སོགས་[ཐོགས་]སྦྲུལ་[ལ་]སོགས། །དུག་ཡོད་སེམས་[ཅན་]འབྱེད་པས་ལུས་ལ་བསྟན་[བཏེགས]། །གསུམ་པ་སྡིག་པའི་དུག་ན་[ནི་]སྦྲུལ་སྐྱེ་ཚིག་གཉིས་པ། །དམར་སེར་རི་མོ་ཅན་ནི་དུག་ཆེའོ། །རིག་[རེག་]ན་ན་ཞིང་ཚ་ལ་མེ་ལྟར་མཆེད། །དེ་ཡི་བཅོས་ཐབས་སྦྲུལ་དུག་བཅོས་དང་མཐུན། །བཞི་པ་སྲིན་བུའི་དུག་ལ་ནད་དམིག[དམིགས་]གསོ་བ་གཉིས། །དང་པོ་ནད་མིག་ངོས་བཟུངས་[བཟུང་]བ་ནི། །སྦྲུལ་གྱུར་དང་གྲང་བ་མཆུ་སྦོང་[སྦོམ་]མ་གཉིས། །སྦྲུལ་གྱི་ཤ་དང་ལྕི་བ་ཁ་ཆུ་ཡང་[ལས]། །སྐྱེས་པའི་དུག་ཅན་སྲིན་བུ་རྐྱང་དུས་[འདུས་]བཞི། །ཟོས་རྗེས་ཚ་ཡའ་[གཡའ་]སྐྲང་ཞིང་ཤུ་བ་འོང་། །རླུང་སྲིན་ཚ་བ་སྐྱེ་བས་ཟུག་ཆོ་[ཆེ་]ལ། །འཁྲིས་[མཁྲིས་]སྲིན་བ་སྤུ་ཚ་ལ་མཆེད་པ་སྐྱེན། །བད་མཁྲིས་གྲང་འཇམ་[འབྱམས་]འདུས་པ་སྦྲུལ་ཕྱུག་[ཤུགས་]འདྲ། །གཉིས་པ་གསོ་ཐབས་དུག་དབྱུག་[བདུག་བྱུག་]ཁོང་སྨན་སྦྲུལ་བཞིན་གསོ། །རླུང་ལ་ཏིལ་མར་བྷ་[འབའ་]ཆ་དང་། །མཁྲིས་ལ་བསིལ་བྱུག་བད་ཀན་དྲོད་ལྡན་རྨ་ཆ་[ཆས་]བྱ། །དེ་བཞིན་བ་དུག་རིག་[རིགས་]ལ་དབྱེ་བ་བཅུ་དྲུག་སང་[ཀྱང་]། །ངེས་མེད་དུག་ཅན་བ་ནི་གཅིག་ཏུ་འདོད། །ཨོ་[སོས་]ཟིན་སྐྲངས་པ་མཐའ་བཅུ་གསུམ་བུ་ནི། །ཁབ་རྕེ་འདྲ་བ་མང་འོང་ཤུ་བ་འོང་། །རྣག་དང་ཆུ་སེར་འཛག་ཅིང་ཟ་གཡའ་འོང་། །མཁྲིས་གྱུར་རིམ་འདེབ་[རིམས་འདེབས་]ཚ་ཞིང་ཆུ་བུར་འོང་། །བད་འགྱུར་[གྱུར་]ཀྲང་[སྐྲངས་]སྐྱ་གཡའ་ལ་གྲང་རིམ་[རིམས་]འདེབས། །རླུང་གྱུར་རྕུབ་ནག་རུས་ཚིག་[ཚིགས་]ན་བ་ཡིན། །བཅོས་ཐབས་མཁྲིས་གྱུར་གནས་པ་རྕ་མགོ་ལ། །ནད་སྟེང་གཏར་ལ་ནད་ཁྲག་རྔབ་ར་[རས་]བསྟོན[བཏོན]། །གཉིས་པ་གནས་པ་མེད་པས་རྨ་བསྟོད་[གཏོད་]ལ། །རྨ་སྟེང་བསྲེགས་རྗེས་དུག་སྨན་ནི། །རྒྱ་སྤོས་ཡང་[ཡུང་]སྐྱེར་བཙོས་[བཙོད་]དང་སྨན་གེ་སར་དང་། །སྦང་[སྦྲང་]དང་མར་སྦྱར་བྱུག་པ་བྱ་ལ་གསུམ་ཁ་གཅིག །སྦྲུལ་གྱི་གསོ་བ་དུལ་བ་བྱུག་པ་ཁོང་སྨན་ནི། །བིལ་པ་རྒྱ་སྤོས་ཙནྡ་[ཙན་དན་]ཨ་རུ་ར། །བཙའ་[བཅའ་]ལྒ་ནིམ་པ་རུ་ཏ་[རྟ་]པི་པི་ལིང་། །ལྕངས་[ལྕམ་]འབྲས་ཆུ་སྲིན་ལྟེར་[སྡེར་]མོ་སོ་[པོ་]སོ་འཆའ་[ཆ]། །བྲག་ག་[ག་བྲ་]ཤིང་ཚ་སྦྱར་བྱུག་བ་དུག་འཇོམས། །གཉིས་པ་མི་རྒྱུད་[རྒྱུ་]བ་ཡི་དུག་ནི་བོང་བའི་རིགས། །རྐྱང་པར་སོང་རྟག་[རྟགས་]མཆུ་སྐྲངས་བེར་ལ་ཚ། །སེར་ཁ་འགགས་[འགས་]དང་མདོག་ནག་ཁ་དབུག་[དབུགས་]དྲངས་[གྲང་]། །འགུལ་ནས་མུན་བསོ་[སྲོ་]དྲན་པ་ཉམས་ཤིང་འགྱེལ། །རྐང་ལག་ན་ཞིང་རིང་[རེངས་]ལ་གྱེན་ལ་བློན[ལྡོག]། །ཕོ་བ་སྦོས་ཤིང་ཁོང་པ་ཐུས་སྙམས་[གཏུབས་སྙམ་]བྱེད། །དེ་ལ་དང་པོ་བསྡུ་ཐབས་གསོན་ཁྲག་ཕུལ་གང་འཐུང་། །ཆུ་ནང་སྤྱི་[སྤྱིང་]ངམ་སྡིང་[སྟེང་]ནས་རྒྱུན་དུ་བླུག །ཕོ་དེ་ནི་རྕ་རུ་མི་རྒྱས་ཕོ་བར་བསྡུ། །དེ་ནས་གསད་པ་བུལ་ཏོག་ཨ་རུ་ར། །ཡོང་[ཡུང་]བ་ཆུ་སྦྱར་བཏང་བ་འཕྲལ་དུ་སོང་། །ཡང་ན་ཨ་རུ་ར་དང་བོང་ང་དཀར། །ཨ་བོ་དྲི་ཆུར་[ཆུས་]སྦྱར་[སྦྱང་]བཏང་ཞི་བར་བྱེད། །ཡང་ན་ཨ་རུ་བུལ་ཏོག་བོང་ང་དཀར། །ཕྱ་ཚན་ཞིབ་བཏགས་ཆུ་སྦྱར་བཏང་བས་ཞི། །སྦྱོར་བ་ཀུན་ལ་སྔགས་ཀྱིས་ངར་བཏག་[བཏགས་]པས། །སྨན་གྱི་ནུས་སྐྱེར་[སྐྱེད་]དུག་གི་དབལ་གསོད་བྱེད། །མི་ཤིས་[ཤེས་]བླུན་པོས་བོང་ང་རྐྱང་དད་[འདེད་]བྱེད། །སྨན་གྱིས་དུག་འདེད་སྲོག་རྕ་ཤོར་དང་གསོད། །བསེ་དུག་སྟར་བུས་[རྟ་སྤུ་]ཕྱི་ནང་གང་རིག[རེག་]སྐྲངས། །གྲེ་བ་མེད་[མིད་]པ་ཕོ་བ་གར་སྐྲངས་ཀྱང་། །རྨ་ཡོད་འདྲ་ལ་ཟུགས་[ཟུག་]ཆེ་ཧྲིལ་ཧྲིལ་ན། །ར་ཤ་ར་ཁྲག་རི་[དྲི་]ཆུས་བསེ་ཆུ་འཇོམས། །འབྲུ་མར་རྕི་མར་ཕག་ཚིལ་སྟར་[སྤུ་]དུག་འཇོམས། །ཐང་ཕྲོམ་དཀར་ནག་ནད་མེད་ཁོང་སོང་ནི། །ལུས་སྟོབས་འཁྱལ་[འཁྱོལ་]ཞིང་དབང་པོ་ཉམས་པ་འོང་། །མི་[མིག་]སྔར་རྣང་[སྣང་]པ་ལོག་སྟེ་སྣ་ཚོགས་མཐོང་། །གནམ་འཆར་[སྨྲ་འཆལ་]གཏད་མེད་ཡིད་ལ་བུད་མེད་འོད[འོང་]། །དེ་ལ་རེ་རར་[རལ་]སླེ་ཏྲེས་བ་ཤ་ཀ །ཞིབ་བཏག་[བཏགས་]ཞུན་མར་སྦྱར་བས་འཇོམས་པ་ཡིན། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་རྒྱུད་དང་མི་རྒྱུའི་དུག་བཅོས་པའི་ལེའུ་སྟེ་དགུ་བཅུ་པའོ།། །།


མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 2:44 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།