སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཞེ་གསུམ་པ། མོ་མཚན་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཞེ་གསུམ་པ། མོ་མཚན་གྱི་ནད་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །མོ་མཚན་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་བཞི་ཡིས་བསྟེན་གྱིས་ཟུངས། །རྒྱུ་རྐྱེན་སྐྱེས་པ་མང་དུ་བསྟེན་པ་དང་། །ཁྲག་འཛག་བུ་བཙན་[བཙས་]རྗེས་ལ་ཟས་སྤྱོད་ལོག །དེ་ཡིས་མངལ་གྱི་ནད་རྣམས་བསྐྱེད་[སྐྱེད་]པར་བྱེད། །གཉིས་པ་དབྱེ་ནས་[ན་]རླུང་མཁྲིས་བད་ཀན་ཁྲག་དང་འདུས། །གསུམ་པ་དེའི་རྟགས་རླུང་གྱུར་མངར་[མངལ་]ནང་ཚོར་མེད་བེམ། །ཟླ་མཚན་སླ་ཞིང་སྦུ་[ལྦུ་]བཅས་ཉུང་དུ་འཛག །ཆུ་ཁ་སྙིང་[སྙི་]ཞིང་ཆུ་སོར་སེམས་ཅན་ཡོད་དམ་སྙམ། །ཟླ་མཚན་ལྷུག་[རླུགས་]སམ་འཁྱིལ་ནས་སྐྲན་དུ་འདྲིལ། །ཁ་འཆུས་ཁུ་བ་རློན་ཟླུམ་[ཟུམ་]ཧར་པོ་སྦོས། །མངལ་ནད་མི་འདྲ་མང་པོ་འོང་བར་བྱེད། །འཁྲིས་གུ་[མཁྲིས་གྱུར་]ཟླ་མཚན་སེར་ནག་དྲི་མ་ཆེ། །མངལ་གནས་ཚ་བབས་ཚ་རྒྱས་རྣག་ཏུ་འཛག །ཁྲག་གྱུར་ཟླ་མཚན་རྒྱུན་ཆད་མེད་པར་འཛག །བད་ཀན་རོ་སྨད་གཡའ་སྐྲང་[གྲང་]ཟུག་ཆུང་སྤྱིན་དམ་[བག་]འཛག །འདུས་པ་ལས་གྱུར་ནད་ཀུན་བྱེད་པར་བཤད། །དེ་ལྟར་མངལ་ནད་ནད་[ཀུན་]གྱིས་བུ་མི་འཛིན། །བཞི་པ་བཅོས་ཐབས་མངལ་ནད་ཕལ་ཆེར་རླུང་ཡིན་པས། །དང་པོ་སྣུམ་འཆོས་འཇམ་རྩི་དུགས་ཀྱིས་གསོ། །དེ་འོག་ལག་གིས་མཆུས་[འཆུས་]བསྲང་ཁ་ཟུམ་སྦྱང༌། །རྩ་སྦུབས་འཇམ་པོས་མངལ་ནད་ཀུན་སྦྱོང་སྟེ། །གོ་སྙོད་ཆུ་དག་རྒྱམ་ཚ་པི་པི་ལིང༌། །ཟི་ར་ནས་ཚིག་ཐལ་བ་བ་ཤ་ཀ །ལ་ལ་ཕུད་དང་ཙི་ཏྲ་ཀ་རྣམས་ནི། །ཆང་དང་མར་བཙོས་ཁང་བཏང་མངལ་ནད་དང་། །སྙིང་ནད་རྩིབ་ལོགས་ནད་[ན་]དང་གཞང་འབྲུམ་སེལ། །ར་སྣ་གཟེ་མ་བ་ཤ་ཀ་བསྐོལ་བླུད། །རྒྱ་སྤོས་ཀན་དྷ་ཀི་ར་[ཀཎྜ་ཀ་རི་]རུ་རྟ་དང༌། །རྒྱམ་ཚ་ཐང་ཤིང་ཁུ་བ་མར་དུ་དབུལ་[བསྐོལ]། །ཡེའུ་ལ་བྱུག་པས་མངལ་ནང་གཞུག་པར་བྱ། །འཁྲིས་[མཁྲིས་]གྱུར་སྦྱངས་ལ་སེང་ཕྲོམ་བ་ཤ་ཀ །ཁུ་བ་ཡེའུ་ལ་བྱུག་ནས་མངལ་དུ་བཏང༌། །ཉི་[ཉེ་]ཤིང་སྲང་བརྒྱ་རློན་པ་བཅོས་[བསྡུས་]པའི་ཁུ་བ་རུ། །འོ་མ་མར་བསྐོལ་ཁུ་བ་མིའི་མར། །རམ་ཉེ་ཉེ་ཤིང་ཤིང་མངར་རྒུན་འབྲུམ་དང༌། །བ་ལེ་པི་པི་ལིང་ལ་ལྔ་དང་བརྒྱད། །ཀ་ར་སྲང་བཅུ་སྔར་གྱི་ཕྱེད་ཆ་བཏང་། །མངལ་ཁྲག་ཁུ་བའི་ནད་སེལ་བུ་བསྐྱེས་[སྐྱེད་]མཆོག །ཁྲག་གྱུར་གཟེ་མ་ཉེ་ཤིང་འོ་སྦྱར་རམ། །ཤིང་མངར་སྦྲང་རྩི་སྐྱེར་པ་པྲི་ཡངྐུ། །འབྲས་བཀྲུས་ཆུས་[ཆུར་]སྦྱར་མངལ་ཁྲག་འཛག་པ་གཅོད། །བད་གྱུར་བུ་རམ་ཆང་དང་ཨ་རུའི་ཐང་། །པི་པི་ལིང་དང་ཨ་རུས་སྦྲག་སྟེ་བཏང་། །ནག་ཚུར་རྒྱམ་ཚ་ཨ་བྱག་འབྲས་བུ་གསུམ། །སྦྲང་དང་སྦྱར་བས་བད་ཀན་མངར་[མངལ་]ནད་སེལ། །ཚ་བ་ལྔ་དང་བ་གཅིན་མས་བཏང་བྱ། །མཁྲིས་ལ་ཤིང་མངར་འོ་མར་བཅས་པ་བཏང་། །རླུང་ལ་སྐྱུ་རུ་སེལ་[སེ་]འབྲུ་ཞུན་མར་བཅས་པ་གཏང༌། །ལྡན་པ་གཉིས་འབྲེལ་འདུས་པ་ཀུན་གྱིས་གསོ། །མངར་[མངལ་]ནད་ཀུན་ལ་རུ་རྟ་རྒྱ་སྤོས་འབྲས་བུ་གསུམ། །ཤུ་དག་ཤིང་ཀུན་རམ་ཉེ་ཧུང་[ཧོང་]ལེན་བཙོད། །ཤིང་མངར་ཉེ་ཤིང་ཡུངས་སྐྱེར་ལ་ལ་ཕུད། །སྨན་མར་མངལ་ནད་འཁྲུ་[ཁུ་]བའི་ནད་ཀུན་སེལ། །གདོན་འཇོམས་མངལ་ཆག་[ཆགས་]དུས་ལ་བུ་གསོས་འགྱུར། །ཞེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་མོ་མཚན་གྱི་ནད་གསོ་བའི་ལེའུ་སྟེ་བཞི་བཅུ་གསུམ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:20 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།