སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་དྲུག་པ། ལུས་ཀྱི་ལས་དང་དབྱེ་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་དྲུག་པ། ལུས་ཀྱི་ལས་དང་དབྱེ་བ་བསྟན་པ།

དེ་ནས་ཡང་འཚོ་འཛད་སྨན་གྱི་རྒྱལ་པོས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ལུས་ཀྱི་ལས་ནི་ལུས་ངག་ཡིད་གསུམ་སྟེ། །དགེ་དང་མི་དགེ་ལུང་ལ་(མ་)བསྟན་ལ་སྤྱོད། །བྱེ་བྲག་དབང་པོ་ལྔ་ཡིས་རང་ཡུལ་འཛིན། །ལུས་ཀྱི་དབྱེ་བ་བརྟེན་(རྟེན་)དང་ན་ཚོད་དང༌། །རང་བཞིན་ནད་ཀྱི་སྒོ་ནས་དབྱེ་བ་བཞི། །

རྟེན་གྱིས་ཕྱེ་ན་ཕོ་མོ་མ་ནིང་གསུམ། །ན་ཚོད་དབྱེ་བ་བཅུ་དྲུག་བར་བྱིས་པ། །དེ་ལས་ལུང་(ལུས་)ཟུངས་དབང་པོ་གཟི་མདངས་སྟོབས། །འཕེལ་འགྱུར་བདུན་ཅུའི་བར་དུ་དར་མ་སྟེ། །དེ་ལས་ཟད་པ་ཕན་ཆོད་རྒན་པོ་ཡིན། །རང་བཞིན་རྐྱང་པ་ལྡན་དང་འདུས་པ་བདུན། །དེ་ལས་རླུང་གིས་བསྐྱེད་པའི་མི་རྣམས་ནི། །དབྱིབས་སྒུར་མདོག་ནག་ཤ་སྐེམ་སྨྲ་བ་མང༌། །གྲངས་ལྷག་(གྲང་ལྷགས་)མི་བཟོད་འགྲོ་ཚེ་སྒྲ་དང་བཅས། །ནོར་ཆུང་གཉིད་སྲབ་ཚེ་ཐུང་ལུས་བངས་(བོངས་)ཐུངས(ཐུང་)། །གླུ་དང་རྒོད་དང་འཐབ་མོ་རྡོ་(མདའ་)རུ་དགའ། །མངར་བསྒྱུར་(སྐྱུར་)ལན་ཚའི་རོ་ལ་སྲེད་པ་ཆེ། །བྱ་རྒོད་ཝ་ཁྭའི་(ཁྭ་ཝའི་)མཚན་ཉིད་ལྡན་པ་ཡིན། །འཁྲིས་པའི་རང་བཞིན་སྐོམ་དད་བཀྲེས་ཤས་ཆེ། །སྐྲ་ལུས་མདོག་སེར་བློ་རྣོ་ང་རྒྱལ་ཆེ། །རྔུལ་ཆེ་དྲི་དང་ཚེ་ནོར་ལུས་འབོངས་(བུངས་)འབྲིད(འབྲིང་)། །མངལ་(མངར་)ཁ་བསྐའ་(བསྐ་)བསིལ་ཟས་ལ་སྲེད་པ་ཆེ། །སྟག་སྤྲེལ་གནོད་སྦྱིན་མཚན་ཉིད་ལྡན་པ་ཡིས། །བད་ཀན་རང་བཞིན་ཅན་ནི་ལུས་བསིལ་ཞིང༌། །རུས་ཚིག་གིས་(ཚིགས་)མི་མངོན་ཤ་རྒྱས་ཁ་དོག་དཀར། །དབྱིབས་དགྱེ་བཀྲེས་སྐོམ་ཉོན་མོངས་ཐན་པ་བཟོད། །ལུས་འཚོ་ཚེ་རིང་ནོར་མང་གཉིད་མཐུག་ཅིང༌། །ཞེ་སྡང་འདམ་རིང་རང་བཞིན་ངང་རྒྱུད་བཟང༌། །ཚ་སྐྱུར་བསྐ་རྩུབ་ཟས་ལ་སྲེད་པ་སྟེ། །སེང་གེ་ཁྱུང་མཆོག་མཚན་ཉིད་ལྡན་པ་ཡིན། །ལྡན་དང་འདུས་པ་འདྲེས་ལས་ཤེས་པར་བྱ། །ནད་ཀྱི་རྣམ་པར་དབྱེ་བ་མ་གྱུར་གྱུར། །རྣམ་པར་མ་གྱུར་ལུས་གནས་ཐ་མ་ལ། །ནད་མེད་གནས་དང་རིང་དུ་འཚོ་བ་དང་། །རྣམ་གྱུར་ནད་ཀྱིས་བཅོམ་པའི་ལུས་དེ་གསོ། །ཞེས་གསུངས་སོ།།

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་ལུས་ཀྱི་ལས་དང་བྱེ་བྲག་དབྱེ་བ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།




 

མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 11:59 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།