སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་རེ་བརྒྱད་པ། བྱིས་པའི་གདོན་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་རེ་བརྒྱད་པ། བྱིས་པའི་གདོན་ནད་གསོ་བ། 

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །བྱིས་སྦའི་[པའི་]གདོན་ནད་གསོ་ཐབས་བསྟན་གྱིས་ཟུངས། །འདི་ལ་གདོན་ངོས་བཟུང་དོང་[དང་]དེའི་བཅོས་ཐབས་གཉིས། །དང་པོ་རིགས་རྟགས་གསོ་བ་དཀའ་བ་[སླ་]བཞི། །གདོན་ནི་བྱིས་སྦའི་[པའི་]གདོན་ཆེན་སྐྱེམ་[སྐེམ་]བྱེད་གཞོན་ནུ་ཡི། །སྤྲུལ་པ་སྐྱེས་པའི་གཟུགས་ཅན་རྣམ་པ་ལྔ། །བུ་མད་[བུད་མེད་]གཟུགས་ཅན་བདུན་དང་བཅུ་གཉིས་ཡོད། །དེ་ཡིས་ཟིན་རྟགས་སྤྱི་དང་བྱེ་བྲག་གཉིས། །སྤྱི་རྟགས་རྒྱུན་དུ་ངུ་ཞིང་བསྔང་ལ་མཁུན། །གཉིད་ཆུང་གཡལ་མང་མ་མཆུ་སོ་ཡིས་འདེབས། །མ་ལ་འབྲད་ཅིང་ནུ་མ་ཁ་ནས་འདོན། །སྐྲང་ཞིང་མག་བཟློག་[མིག་ལྡོག་]སྦུ་[ལྦུ་]བར་སྐྱུག་པ་ཡིན། །གཉིས་པ་བྱེ་བྲག་རྟགས་ལ་སྐྱེས་བུའི་གཟུགས་ཅན་ལྔ། །སྐོམ་[སྐེམ་]བྱེད་མགོ་རྡེབ་མིག་གཅིག་འཆི་[མཆི་]མ་འཛག །སོ་འཆའ་རྔུལ་མང་སྐྱིག་ཅིང་འཇིང་པ་རིངས་[རེངས་]། །བཤང་ཁ་སྦར་མོས་འཆང་ཞིང་ནུ་མི་འབྱུང་[འཐུང་]། །དང་པོ་ས་ག་གཉིད་མེད་དྲན་ཉམས་སྦུ་[ལྦུ་]བར་སྐྱུག །ནུ་མ་ལྕེ་ལ་སོ་འདེབ་[སོས་འདེབས་]གནམ་[དུ་]ལྟ། །ལུག་གདོང་འཁུན་སྦོས་འཁྲུ་སྐྱུག་རྐང་ལག་འདར། །སྐྱིགས་བུ་གློ་མང་མིག་དམར་སྐྲང་ཞིང་ཁུ་ཚུར་བཅང༌། །ཁྱི་གདོན་[གདོང་]ལུས་འདར་རྔུལ་འོང་མིག་འཛུམ་ཞིང༌། །རྐན་རྡེབས་[རྡེབ་]འཁྲུ་སྐྱུག་དྲི་མ་ཆེ་བར་འོང༌། །ཡི་དགས་[དྭགས་]བསྔང་དང་འོང་ཞིང་སྐྱུག་པ་དང་། །གློ་ལུས་[ལུ་]གཡལ་མང་ཁ་ཁ་ཤ་ལུས་སྐེམ། །བུད་མེད་གཟུགས་ཅན་བདུན་གྱི་དང་པོ་ཡིས། །བྱ་གདོང་གདོན་གྱིས་ཟིན་ན་ཚ་བ་སྐྱེ། །ལྕེ་སྐོག་[ཀྱོག་]རྒན་[རྐན་]ལ་འབྲུམ་ཐོར་འོང་ཞིང་འཁྲུ། །སྲུལ་མོ་འཁྲུ་སྐྱུག་སྐྱིག་[སྐྱིགས་]སྦོས་སྐོམ་དད་ཆེ། །གྲང་བའི་སྲུལ་མོ་ལུས་འདར་མིག་ཟུར་ལྟ། །རྒྱུ་འཁྲོག་ངོས་ཅིག་ཚ་ལ་ངེས་[ངོས་]ཅིག་གྲང༌། །སྲུལ་པོའི་ལིང་[ལོང་]མིག་མིག་[མི་]གསལ་སྐྲངས་པ་འོང་། །འཁྲུ་སྐྱུག་ཚ་སྐྱེ་གློ་ལུ་ཞོ་མི་འདོད། །བཞིན་རྒྱས་བཞིན་མཛེས་ཚ་སྐྱེ་ཟས་མི་འདོད། །ལྟོ་བ་རྕིའི་[རྩ་ཡི་]དྲ་བ་ནག་པོས་ཁྱབ། །ནམ་གྲུ་སྔོན་པོ་འཁྲུ་ལ་སྐྱིགས་བུ་འོང༌། །ཁ་ཡོ་ཚ་བ་སྐྱེ་ལ་ལྤགས་[པགས་]མདོག་སྔོ། །ནམ་གྲུ་སྐེམ་པ་[པོ་]ཚ་བ་སྐྱ་[སྐྱེ་]བ་དང་། །སྐྲ་འབྱ་[འབྱི་]སྐད་ཆུང་ཁ་དག་[དོག་]སྣ་ཚགས་[ཚོགས་]འཁྲུ། །ལས་མཁན་ཕོ་ཉ་རྒྱལ་པོ་བསེན་མོ་གཉིས། །རྒྱལ་པོ་བསྔང་འདར་མིག་བཟློག་[ལྡོག་]ཐོ་རངས་ངུ་། །བསེན་མོ་བྱིན་[བྱིང་]འཐིབ་ཚ་བསྐྱེད་སྲོད་ལ་ངུ་། །གསུམ་པ་གསོ་བ་དཀའ་ལ་[སླ་]སྲོག་འདོད་ཡས་འདོད་གཉིས། །བཙས་སྐར་ངན་དང་ཁ་བུབ་ནམ་ཕྱེ་[ཕྱེད་]བཙས། །ཡ་རྐན་ནག་པོ་ཁ་དོག་སྣ་ཚོགས་འཁྲུ། །ཟས་དང་ནུ་མ་མི་འདོད་མཚན་མོ་ངུ་། །གདོན་དེས་སྲོག་འདོད་གསོ་བ་དཀའ་བ་ཡིན། །ཁ་སྐམ་མཆུ་ལ་ལྕེ་ཡིས་ཉུལ་བ་དང་། །ཟས་སྐོམ་འདོད་ལ་བྱིན་པས་མི་ཟ་བ། །ཡས་འདོད་གདོན་ཡིན་གསོ་བ་བླང་[སླ་]བར་འགྱུར། །གཉིས་པ་གསོ་བའི་ཐབས་ལ་ཞི་དྲག་གཉིས། །དང་པོ་ཡས་[གླུད་]གཏོར་མ་ཞི་བས་བཅོས། །གནས་མལ་ཁྲུས་བྱུག་གདག[གདགས་]བདུག་སྨན་ཟས་བདུན། །གནས་མལ་གདོན་མེད་དབྱེན་[དབེན་]པར་བགེགས་བསྐྲད་ལ། །དོང་བས་[ག་]སྒྲོན་ཤིང་ཨ་བ་ཀ་རན་ཛ[རཉྫ]། །ནིམ་པ་ལྕམ་པ་ཆུ་དྲོན་ཁྲུས་ཀྱིས་བཀྲུ། །ཆུ་དག་རིན་ཆེན་བསེ་རུ་ལག་པ་དང་། །སྤྱི་བོ་མགུལ་པ་གསུམ་ན་བཏག་[བཏགས་]པ་ཡིན། །བ་གླང་རུས་སྤུ་ར་ལྤགས་བྱི་ལའི་བྲུན། །ར་སྤུ་ཉུངས་ཀར་མི་སྐྲ་རྨ་བྱའི་མདོས་[མདོངས]། །སྲན་ཕུབ་སོ་བ་མར་རྙིང་རྨ་བྱའི་བྲུན། །ཧུང་[ཧོང་]ལེན་སོ་ཆའ་[ཆ་]ཐང་ཤིང་ཨ་བ་སེ། །ནིག་[ནིམ་]པ་གུ་གུལ་ཀན་དྷ་[ཀཎྜ་]ཀ་རི་གཉིས། །ར་དུག་[ཐུག་]གཅན་[གཅིན་]སྦྱར་རེང་བུའི་དུད་པས་བདུག །རྩ་བ་ལྔ་དང་རད་ཎ་མུ་[ར་སྣ་མཱུ་]ལ་དང་། །གླ་སྒང་བསྐོལ་ཁུང་[ཁུར་]ཙི་ཏྲ་ཀ་དང་ཚ་བ་གསུམ། །བ་སྤྲུ་ཤིང་མངར་ཤིང་ཀུན་མོན་ཅ་[ཆ་]ར། །སྒྲོན་ཤིང་དུག་མོ་ཉུང་དང་བྱི་ཏང་ཀ །པི་པི་ལིང་རྣམས་འོ་མ་མར་ལ་སྦྱར། །ཁོང་དུ་བཏང་དང་ལུས་ལ་བྱུག་པར་བྱ། །གདོན་འཇོམས་ལྟོ་པ་ཞིང་[སྟོབས་དང་]ཁ་དོག་མེ་དྲོད་བསྐྱེད། །ཁ་ཟས་ཤ་ཆང་ཁྲག་ཚོད་སྤང་བྱ་ལ། །དཀར་གསུམ་བསྟན་[བསྟེན་]ཅིང་གླུད་གཏོར་ཆུང་གཏོ་[གཏོར་]བྱེད། །ཆབ་གཏོར་བཏང་ཞིང་གཟུངས་ཆེན་གྲ་[གྲྭ་]ལྔ་འདོན། །གཏོར་མ་འདོད་པའི་གདོན་རྣམས་དེ་ཡིས་འཚོ། །གཉིས་པ་དེས་མ་སོས་ན་དྲག་བརྡུང་བྱ། །མནེན་[མནན་]བསྲེག་གཟེར་དང་མི་འཇིགས་གུར་ཁང་སྒོམ། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་བྱི་སྦའི་[བྱིས་པའི་]གདོན་ནད་གསོ་བའི་ལེའུ་སྟེ་རེ་བརྒྱད་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 3:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།