སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་རེ་གསུམ་པ། རྩ་དཀར་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་རེ་གསུམ་པ། རྩ་དཀར་གསོ་བ། 

དེ་ནས་ཡང་འཚོ་བྱད་[བྱེད་]སྨན་པའི་རྒྱལ་པོས་བཀའ་སྕལ་[བསྩལ་]པ། དཔྱད་བུ་ལས་[ལ་]སོགས་གསོ་བ་འཛིན་པ་ཀུན། །རྕ་དཀར་ནད་ལ་གྱེས་ཚུལ་རྒྱུ་རྐྱེན་དང་། ། རྟགས་དང་བཅོས་ཐབས་རྣམ་པ་ལྔ་ཡིས་བསྟན། །གྱེས་ཚུལ་ལུས་ཀུན་རྩ་བ་རྩས་བསྐྱེད་ལ། །སྲོག་ནི་རྩ་བར་གྱུར་པའི་རྩ་རིགས་གཉིས། །སྲོག་རྩ་ལས་བྱུང་རྩ་ནག་གྱེན་དུ་གྱེས། །ཀླད་པ་ལས་བྱུང་རྩ་དཀར་མཐུར་[ཐུར་]དུ་ཟུག །ནང་རྩ་དོན་འབྲེལ་ཕྱི་རྩ་ཡན་ལག་འབྲེལ། །ནང་རྩ་དར་གྱི་བཅང་[དཔྱང་]ཐག་བཅུ་གསུམ་སྟེ། །རླུང་གི་རྩ་བཞི་སྙིང་དང་རྒྱུ་མ་[མར་]འབྲེལ། །མཁྲིས་པའི་རྩ་བཞི་གློ་ལང་[ལོང་]མཆིན་པ་[མཁྲིས་]འབྲེལ། །བད་ཀན་རྩ་བཞི་ཕོ་མཆེར་མཁལ་ལྒང་ལ་འབྲེལ། །འདུས་པའི་རྩ་གཅིག་བསམ་སེར་[སེའུ་]འབྲེལ་བ་ཡིན། །དོན་སྣོད་འབྲེལ་བས་ནང་རྕ་མི་མངོན་ནོ། །མགོ་སྐྱོན་བབས་ཤིང་ན་ལུགས་དུ་མ་སྟོན། །ཕྱི་རྩ་སྦུ་གུ་ཅན་གཉིས་འཇའ་བྱེད་གཉིས། །རད་ཎ་[རཏྣ་]གཉིས་ཏེ་རྩ་རྒྱུད་དྲུག་ཏུ་འོང་། །ལྟགས་[ལྟག་]པའི་བདུད་[སྡུད་]ཁུང་ཆུ་རྕ་སྦུ་གུ་ཅན། །གཡས་གཡོན་ནས་ཚོན་རེ་དོན་གྱི་རྕ་ཡིན་ནོ། །ཨན་སྟོང་གཡས་གཡོན་ཚོན་རེའི་ཐད་དུ་འགྲིམ། །ཚིགས་པ་ལྔ་ནས་གཞུང་པའི་རྩ་དང་འབྲེལ། །བཅུ་བཞི་པ་ནས་བསམ་སེལ་[སེའུ་]མཁལ་མར་འབྲེལ། །གཞུང་[གཞུག་]ཆུང་དཔྱིད་[དཔྱི་]ལེབ་མཚམས་རྒྱུད་[བརྒྱུད་]དབྱི་[དཔྱི་]མིག་གདོན་[དོན]། །གཉིས་ནི་བྱིན་བརླའི་ཕྱི་སུལ་ནང་དུ་བརྒྱུད། །གཉིས་ནི་བཅུ་བཞི་ནང་[ནས་]གྱེས་དཔྱི་སྟེང་དོན། །བླ་[བརླ་]སྒང་པུས་ཚིག་[ཚིགས་]ངར་གདོང་ཐུར་བར་འདྲིལ་[འགྲིམས]། །མི་མགོང་[པིར་མགོར་]འབྲེལ་ནས་མཐེབ་[མཐེ་]བོང་རྐང་མཐིལ་འདུས། །འཇའ་བྱེད་ལྟག་ཟུར་སྤུ་འཁྱིལ་གཉིས་སུ་དོན། །ཨན་སྟོ[སྟོང་]འགྲིམ་ནས་འཕྲག་རྒྱུས་[བརྒྱུད་]དཔྱང་[དཔུང་]སོག་མཚམས། །དཔྱང་[དཔུང་]ཟུར་ཚིག་[ཚིགས་]མིག་ལུག་གཞུགས་[གཞུག་]ཕྱི་མཆན་འདྲིམ་[འགྲིམ]། །གྲུ་མོའི་ཚག་[ཚིགས་]བསྐོར་ལགས་[ལག་]པའི་མཐེབ་པོར་[མོར་]འབྲེལ། །རཏྞ་[རཏྣ་]རྩེ་འགོ་[མགོ་]རྣ་བཤལ་[ཤལ་]འོག་ཏུ་དོན། །སྒྲོག་རུས་ནང་དུ་གྲུ་མོ་གཞུ་མཆོག་བར། །ཐུར་མས་[བར་]འགྲིམ་ནས་ལག་པའི་གུང་མཐེབ་འབྲེལ། །ཕྱི་རྩ་ཤ་ཆུ་རུས་ཚིག་[ཚིགས་]འབྲེལ་[བའི་]མེད[ཕྱིར་]། །སྐྲང་སྦོས་སྐམས་དང་ཞ་རེངས་ལ་སོགས་བྱེད། །གཉིས་པ་དེ་ལ་རྒྱུ་རྐྱེན་གྲག་[དྲག་]ཤུལ་འགྲམ་[འགྲམས་]པའམ། །རིམས་དུག་ཚ་བ་རྩ་ལ་བབས་པ་འམ། །མཚོན་གྱིས་བཅད་བརྡུངས་རླུང་འཁྲུགས་རྩར་ཞུགས་པས། །དེ་བས་རྩ་དཀར་ནད་དུ་འགྱུར་བ་ཡིན། །གསུམ་པ་དབྱེ་བ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་རྩ་དཀར་ཚ་བ་བྲང་[གྲང་]བ་གཉིས། །དེ་ལ་དུས་ཀྱིས་གསར་རྙིང་གཉིས་སུ་སོང་། །བྱེ་བྲག་གནས་དང་འདུ་བའི་ནད་གཞིས་བྱེད་[དབྱེ]། །གནས་ནི་མགོ་དང་ཡན་ལག་བྱང་ཁོག་གསུམ། །འདུ་བ་རླུང་འཁྲིས་[མཁྲིས་]བད་ཀན་འདུས་པ་བཞི། །བཞི་པ་རྟགས་ནི་མགོ་དང་ཁ་མིག་ཡོན་པོར་འགྱུར། །མགོ་འཁོར་མྱོས་དང་དྲན་ཉམས་ཙེག་[ཙོག་]མི་ཟུག །གཉིད་ཆུང་སྐྱུག་དང་ཁ་ལྐུགས་དབང་པོ་འཁྲུལ། །གཡའ་ཟ་སྒྲ་ཆེར་མི་བཟོད་ཡན་ལགས་[ལག་]བཤལ། །བྱང་ཁོག་སྨྲ་མང་འདར་རྗེས་ངོམ་[ངོམས་]པ་མེད། །གཞོགས་[གཞོགས་]གཅིག་བེམ་མམ་ཚར་[ཚོར་]བྲལ་སྐྲངས་སམ་སྐམ[སྙམ]། །དྲི་ཆུ་བླུག་སེམ་[གམ་]ཡང་ན་རྒྱུན་མེད་སྡོམ། །རྡོ་ལྟར་གྲང་ངམ་ཡང་ན་མེ་བཞིན་ཚ། །ར་ལྟར་དགྱེས་[དགྱེ་]རེངས་ཡང་ན་གཞུ་བཞིན་གུག །ཡང་ན་[ཤིང་ལྟར་]རེངས་སེམ་[སམ་]ཡང་ན་གྱོང་ལྟར་བསྡུ། །མི་འདྲ་ནད་[རྟགས་་]དུ་མ་སྟོན་པ་ཡིན། །ཡན་ལག་བཤལ་སྦྲིད་བེམ་མམ་ཚོར་བ་བྲལ། །གཡོ་སྐམ་ཞི་རིང་[ཞ་རེངས་]འཁུམ་[མམ་]རོ་ལྟར་འབོག །མཚོན་ཕོག་གཡས་གཡོན་སྟོད་སྨད་གཉིས་སྣོལ་[བསྣོལ་]སྐྲངས། །འགྲམ་[འགྲམས་]མཚོན་མཁྲིས་བབས་མཚོན་ཚད་ཚ་བར་འགྱུར། །རླུང་དང་བད་ཀན་རྐྱེན་བྱས་གྲང་བར་འགྱུར། །རླུང་ལྡན་འདར་གཡལ་ཁ་སྐམ་ཤེས་པ་འཁྲུལ། །འཁྲིས་[མཁྲིས་]ལྡན་དྲོད་དང་ཚ་བ་ཟུག་གཟེར་ཆེ། །བད་ཀན་ལྡན་པ་གྲང་ཞིང་གཡོ་དང་སྐྲངས། །འདུས་པ་མཚན་ཉིད་ཀུན་རྟགས་སྟོན་པར་བྱེད། །སྟོབས་ལྡན་འཆི་ལ་འཕྲ་[ཕྲ་]མོ་འབྲིང་པོ་བཅོས། །ཚབས་ཆུང་རིང་ན་[རང་བཞིན་]ཡུམ་[ཡུན་]ལོན་འཚོ་བ་ཡིན། །ལྔ་པ་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་གསར་དང་རྙིང་པ་དུས་དང་སྦྱར། །གསར་དུས་ཚབས་ཆེ་མཐིལ་བཞི་བཅུ་གསུམ་པ། །སྤུ་འཁྱིལ་པིར་མགོ་སོར་མོ་ཉི་ཤུ་བསྲེག །ཚ་བ་ཤས་ཆེ་བཟང་དྲུག་གླ་རྕི་རུ་རྟ་དང་། །རྡོ་རྕི་དཀར་སྨུག་འབྲི་ཏ་ས་འཛིན་ལྕམ། །ཀ་ར་ཀར་[དཀར་]སྦྱར་ཆུ་གྲང་ཕུལ་ལ་བཏང༌། །ཡང་ན་ག་ཕུར་[པུར་]ཉི་ཤུ་རྕ་ལྔ་བཏང་། །ཟས་སྐོམ་ཟས་[གསར་]བཅུད་ཡོས་ཐུག་ཞོ་དར་བསྟེན། །སྟོད་སྨད་གར་བབས་གནས་སྦྱར་རླང་[རླངས་]ཐོན་གཏར། །ཚ་བ་བྲི་ན་བུར་ཆང་བདུད་རྩི་བསྟེན། །གྲང་བ་ཤས་ཆེ་གླ་རྕི་བཟང་པོ་དྲུག །བ་མཁལ་རུ་རྟ་ཨ་རུ་བུ་རམ་སྦྱར། །ཨ་རུ་བཅུག་གཅིག་ཁུ་བས་འཕུལ་ཏེ་བཏང་། །ཡང་ན་ཨ་རུ་ར་དུག་བོང་ང་བོང་སེར་དང་། །གླ་རྩི་རུ་རྟ་ཆུ་དག་དྲི་ཆུས་སྦྲུས། །སྲོད་དུས་རིལ་ལུ་[བུ་]ལྔ་བདུན་བསྟེན་ན་སྨན། །དྲུག་བདུན་དཀར་ནག་མཚམས་བསྲེག་གཏར་བ་མིན། །ཁ་ཟས་བཅུད་བསྟེན་རྕ་བ་ལྔ་མར་སྦྱར། །རྩ་ནད་རྙིང་པ་སྨན་བསྡུས་གཏར་བར་བྱ། །འདུ་བ་ད་ལི་[ལིས་]བྲེ་ཕྱེ་[ཕྱེ་]ཁྱི་ལྕེ་ཕུལ་དོ་དང་། །ཤིང་མངར་ཁན་དྷ་[ཁཎྜ་]ཕུལ་གང་གུར་གུམ་དང་། །སུག་སྨེ་[སྨེལ་]འབྲི་[འབྲི་]ཏ་ས་འཛིན་ཉི་དགའ་དང༌། །སྦྲང་དང་སྦྱར་ནས་ནང་ནུབ་བཏང་བ་ཡིན། །གླ་རིལ་ཆང་བཙོས་དྲིལ་ལ་[བས་]རྩ་ནད་བསྡུད། །དེ་ན་[ནས་]བྱང་ཁོག་ནང་རྩར་བབས་ཆེ་ན། །ལྟོ་སྦྱང་རྗེས་ལ་རྩ་སྦྱོང་བཏང་ནས་སྦྱངས། །མགོ་དང་ཡན་ལག་ཕྱིར་བབས་རྩ་ནས་སྦྱང་། །ཐ་མར་འབྲི་ཏ་ས་འཛིན་བྲེ་ཕྱེ་[ཕྱེད་]དང་། །ཨ་རུ་བཅུ་ལ་ད་ལི་[ལིས་]ཕུལ་གང་དང་། །ཁྱི་ལྕི་[ལྕེ་]ཤིང་མངར་སྤར་གང་ཉི་དགའ་ཡི། །སྨན་མར་བུ་རམ་སྦྲང་རྩི་ལྡན་པ་བཏང༌། །ཡང་ན་འབའ་སམ་སྨན་མར་བྱ་ལ་བཟའ། །གཉིས་པ་བྱེ་བྲག་བཅོས་ཐབས་མགོར་བབས་ན། །ཕྱི་རྩ་གླ་རིལ་བཙོས་པའི་ལུམས་ཀྱིས་བཅིངས། །ཨན་ཏོང་[སྟོང་]འགྲམ་དང་བདུད་[སྡུད་]སྒོ་སྤུ་འཁྱིལ་བསྲོ། །ནང་རྩར་བབས་ན་རྡོ་སྦྱོར་བསྟེན་པ་སྟེ། །རྡོ་ཡི་རྒྱལ་པོ་བཞི་དང་དོམ་མཁྲིས་དང་། །གུར་གུམ་གླ་རྕི་རུ་རྟ་ཨ་རུ་ར། །ཨ་བྱག་ཆུ་རྩ་བོང་ང་གསེར་ཐིག་དང་། །ཚ་ན་ཀར་གཉིས་གྲང་བ་བུ་རམ་སྦྱར། །རི་བོའི་རྩེ་ན་གསེར་གྱི་མི་[མེ་]སྡོམ་མོ། །ལུས་པོའི་ཆ་སྙོམས་དྲོད་ཤོར་བདུད་[མདུད་]གསུམ་བདུད་[མདོར]། །སྤྱི་གཙུག་ལྟེ་བ་མཚན་མ་གསུམ་ཡིན་ནོ། །གཞོག་[གཞོགས་]རེངས་ཁ་ལྐུག་རྩེ་མགོ་སེར་[སོར་]མོ་བསྲེག །ཁ་མིག་ཡོ་ན་ལྟག་ཟུར་སྤུ་འཁྱིལ་བསྲེག །དར་རྩ་གནད་འགྲམ་[བསྣད་འགྲམས་]མགོ་ལྕི་སྣ་སྦྱོང་བྱ། །ཚ་བ་རྩར་རྒྱས་རྩེ་ཆུང་རྩ་ལྟོ་སྦྲག །རླུང་འཁྲུག་[འཁྲུགས་]གུར་གུམ་ཤིང་མངར་སྣ་སྨན་བཏང༌། །བྱང་ཁོག་རྩ་ནད་སྤྱི་གཙུག་བདུད་[སྡུད་]སྒོ་དང༌། །དྲུག་པ་དཀར་ནག་མཚམས་དང་སྒྲོག་རུས་གཤོང་། །ཨན་དང་[སྟོང་]མཚམས་དང་སྐེ་སྲན་[སྟོང་་]སོག་མཐིལ་བསྲེག །གསེར་ཟངས་ཐོག་ལྕགས་བྱི་རུ་ཉ་སྐྱོག་[སྐྱོགས་]དང་། །བཟང་དྲུག་ཙནྡ་[ཙན་དན་]དཀར་དམར་ཨ་ཀ་[ག་]རུ། །གླ་རྩི་བསེ་རུ་མགྲོན་[འགྲོན་]ཐལ་དོམ་མཁྲིས་དང༌། །རྡོ་དྲེག་ཨ་རུ་ར་ཡི་ཁུ་བས་འཕུལ། །གླ་རིལ་ལུམ་[ལུམས་]བྱ་རྙིངས་ནས་རྩ་ལྡོ་[ལྟོ་]སྦྲག །སྙིང་ལ་ཛ་[ཛཱ་]ཏི་རུ་རྟ་ཨ་གར་སྣན་[བསྣན]། །གློ་ལ་ཤིང་མངར་རྒུན་འབྲུམ་བླ་[གླ་]སྒང་བསྣན། །མཆིན་པར་ཨུ་དཔལ་[ཨུཏྤལ་]བྲག་ཞུན་[བ་]ཤ་ཀ །མཆེར་པ་མ་ནུ་པ་ཏོལ་པི་པི་ལིང༌བསྣན། །སྙིང་ལ་མཐེབ་མོ་གློ་ལ་འཛུག་[མཛུབ་]མོ་དང་། །མཆིན་པ་གུང་མོ་མཚེར་ལ་སྲིན་ལག་བསྲེག ། མཁལ་མ་བཙོད་ཞུན་རྒྱ་སྐག་མཐེབ་ཆུང་བསྲེག ། ཕོ་བར་མ་ནུ་རྒྱམ་ཚྭ་གསེར་མེ་ཏོག །རྒྱུ་ལོང་བོང་ང་དུག་ཉུང་བླ་[གླ་]སྒང་བསྣན། །མཁྲིས་པར་ཏིག་ཏ་དུག་ཉུང་གསེར་མེ་ཏོག །ལྒང་པར་རྒྱ་ཚ་ལྕམ་པ་སྡོག་[སྡིག་]པ་བསྣན། །རང་རང་དོན་རྩ་གཏར་ལ་སོར་མོའི་རང་གསང་བསྲེག །ཡན་ལག་རྩ་དཀར་བྱེར་འདུའི་ཁན་དྷ་[ཁཎྜ་]ལ། །ཚ་ན་ག་བུར་གྲང་ན་པི་པི་ལིང༌། །རིལ་ལུ་[བུ་]མཐེབ་ཙམ་ར་འོས་སྦྱར་ལ་བཏང༌། །གླ་རིལ་བདུད་རྩི་ལུམས་སུ་གཞུགས[གཞུག་]།གར་བབ་རྩ་གཏར་རྙིང་ནང་[ནས་]སྦྱང༌། །རྐང་ལག་ཤ་སྐམ་དེས་[དེ་]རྗེས་ཆུ་ལུམས་བྱ། །འབྲས་བུ་གསུམ་གྱི་སྨན་མར་བཟང་དྲུག་བསྟེན། །ཆུ་རྒྱུས་བབས་ཚེ་གློང་[སློ་]ལུམས་ཆང་རྒན་བཏུང་། །རྐང་བཤལ་བཅུ་བཞི་རྩ་ནག་ཁ་བཟང་[གཟར་]དང༌། །དཔྱི་མིག་དཔུང་[པུས་]ཚིགས་ཕྱི་ནང་ཁ་གཟར་བསྲེག །ལག་ཤལ་[བཤལ་]སྒྲོགས་[སྒྲོག་]རུས་གཤོང་དང་འཇའ་བྱེད་གཉིས། །གྲུ་དཔུང་ཕྱི་ནང་རད་ཎ་[རཏྣ་]ལག་མཐིལ་བསྲོ། །རླུང་ལྡན་བཅུད་ལྡན་ཟས་ལྡན་[བསྟེན་]རང་གསང་བསྲོ། །འཁྲིས་[མཁྲིས་]པ་ལྡན་ན་ལྟོ་སྦྱོངས་རྩ་སྦྱོངས་བྱ། །བད་ཀན་ལྡན་ན་ཆུ་ཚན་ལུམས་དུགས་བྱ། །འདུས་ནད་ཡིན་ན་ཀུན་དང་འབྲེལ་བར་བཅོས། །གང་ཞིག་རྩ་དཀར་ན་ཚུལ་མི་ཤེས་པར། །སྟེང་གདོན་གཟའ་ཡི་ནད་དང་ནོར་སྲིད་ཡོད། །ཐབས་འདི་རྨ་རྣམས་ཀུན་གྱི་ལོག་ནོན་ཡིན། །རིམས་དུག་བླ་གཉན་ནད་ཀྱི་རྣོན་པོ་ཡིན། །ཞེས་གསུངས་སོ།།

            གསོ་བྱའི་ནད་འབུམ་ནག་པོ་ལས་རྕ་དཀར་གསོ་བའི་ལེའུ་སྟེ་རེ་གསུམ་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:03 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།