སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་གོ་བཞི་པ། འཁོར་གྱིས་བསྟོད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་གོ་བཞི་པ། འཁོར་གྱིས་བསྟོད་པ།

དེའི་ཚེ་དེའི་དུས་ན། སྟོན་པ་དེ་ཉིད་ནི། རི་གཡུང་དྲུག་[དྲུང་]དགུ་རྩེ་[རྩེག་]གི་བྱང་རྩ་བ། བདུད་རྩི་སྨན་གྱི་ནག་[ནགས་]ཚལ་གྱི་དབུས། བྱང་ཆུབ་ཤིང་གི་སྐྱིལ་[སྤྱིལ་]པོའི་ནང་ནས། འཁོར་དུ་གཏོག་[གཏོགས་]པའི་ཤེན་[གཤེན་]རབ་གཡུང་དྲུང་སེམས་དཔའ་ཆེན་པོ་རྣམས་ལ། སྡུག་སྔལ་[བསྔལ་]ནད་ཀུན་འཇོམས་པ་མེ་ལ་ཆུ་བླུག་བཞིན། །ཀུན་ལ་སྙན་པ་ཁུ་བྱུག་སྲུང་[གསུང་]སྙན་འདྲ། །སྨན་འབུམ་དཀར་པོ་མེ་ཏོག་ཨུད་དཔལ་[ཨུཏྤལ་]འདྲ། །དུས་མེད་འཆི་བ་སྐྱོས་[སྐྱོབ་]པའི་འཁོར་ལོ་ཡིན། །དཔྱད་འབུམ་ཁྲ་བོ་ནམ་མཁའི་ནོར་བུ་འདྲ། །འགྲོ་དྲུག་མུན་པ་སེལ་བའི་སྒྲོན་མེ་ཡིན། །གསོ་བྱེད་[གསོ་བྱའི་]ནད་འབུམ་ནག་པོ་དགོས་འདོད་ནོར་བུ་འདྲ། །འདི་ལ་[ལས་]མ་བྱུང་གསོ་དཔྱད་གཞན་ན་མེད། །དགོས་འདོད་ཐམས་ཅད་ཅི་བསམ་འགྲུབ་པར་བྱེད། །འཆི་བ་སྲོག་གཏེར་བདུད་རྩི་བུམ་པ་འདྲ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །རྒྱུད་འདི་ངོས་[ངས་]བསྟན་ཁྱོད་ཀྱིས་བཟུང་པར་གྱིས། །ཁྱོད་ལ་སྟོན་པ་གཉེན་བཏད་[གཉེར་གཏད་]སྟན་[བསྟན་]པ་ཡང་། །སངས་སྟོན་པ་འཛིན་པའི་སྐྱེས་བུ་ལ། །བཏང་ཞག་ཚོད་ཀྱི་ཐབས་ལ་ཟིན་པར་གྱིས། །ཞེས་གསུངས་སོ། །བདུད་རྩི་སྨན་གྱི་མདོའ་[མདོ་]དགུ་སྟན་[གཏན་]ལ་ཕབ་ནས། །སོ་སོར་ལ་གཉེར་དུ་གཏེད་[གཏད་]དོ། །རྨ་ལོ་དང་གཡུའ་[གཡུ་]ལོ་དང་། །གཏོའ་[གཏོ་]བུ་འབུམ་སངས་དང་། ཡིད་ཀྱི་ཆེའུ་ཆུང་དང་། །དཔྱད་བུ་ཁྲི་ཤེས་དང་། ལྷའི་དྲང་སྲོང་མངོན་པར་ཤེས་པ་དང་། བདེན་པར་སྨྲ་བ་དང་། རིགས་པར་སྨྲ་བ་དང་། ངེས་པར་སྨྲ་བ་དང་། ཡིད་ལས་སྤྲུལ་པ་དང་། ཡིད་ལས་ཐུང་བ་དང་། ཡིད་ལས་བྱུང་བ་དང་། ཡིད་ལས་བྱུང་བ་དང་། ཡིད་ལས་བསྐྱེད་པ་དང་། ཡིད་ལས་གྲུབ་པ་དང་། དྲོད་[དྲང་]སྲོང་ཆེན་[པོ་]བརྒྱད་དང་། སྨན་གྱི་ལྷ་མོ་བཅུ་དྲུག་དང་། དེ་ལས་[ལ་]སོགས་པའི་ཕྱི་འཁོར་དང་། ནང་འཁོར་དང་། བར་འཁོར་དང་། བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་སྟོན་པའི་དྲུང་དུ་ཕྱིན་ནས་བསྐོར་བ་བྱེད་དོ། །ལྷ་ཕྱག་ནི་འཚལ་ལོ། །མཆོད་པ་ནི་ཕུལ་ལོ། །རྒྱལ་བུ་དེས་གུས་པའི་ཚུལ་ཕྱུང་། དགའ་བའི་མདངས་ནི་བསྟེན་[བསྟན་]ནས། སྟན་[སྟོན་]པ་ལ་ལྷའི་མེ་ཏོག་པད་མ་དཀར་པོ་ཕུལ་ནས་མངོན་པར་བསྟོད་དོ། །ཀྱིས་[ཀྱེེ་]སྟོན་པ་རྣམས་[རྣམ་]པ་ཐམས་ཅད་མཁྱེན་པའི་ཐུགས། །ཐུགས་ཉིད་མི་གཡོ་ནམ་མཁའི་གདོད་[གདོང་]དག་ལ། །ཐུགས་རྗེ་ཚད་མེད་ཉི་མི་གཡོ་ནམ་མཁའི་གདོད་[གདོང་]དག་ལ། །ཐུགས་རྗེ་ཚད་མེད་ཉི་མའི་འོད་ཟེར་གྱིས། །འགྲོ་བ་མ་རིགས་[རིག་]མུན་པ་སེལ་མཛད་པ། །ཉིད་ཀྱི་ཞལ་མཐོང་བརྒྱ་ལ་རེ་འགའ་ཙམ། །རྒྱལ་བའི་ཞིང་ཁམས་བདུད་རྩི་སྨན་གྱི་ཚལ། །དྲིད་དང་ལྡན་པས་དཔག་ཚད་ཕྱོགས་བཅུར་ཁྱབ། །ལྷ་དང་ཀླུ་དང་མི་དང་དྲང་སྲོང་ཚོགས། །གཡུང་དྲུང་སེམས་དཔའ་གྲང་[གྲངས་]མེད་དུ་མས་བསྐོར། །དངོས་པོ་དང་འདྲེན་དང་པའི་ཡིད་བདེ་བ། །ཉོན་མོངས་སྡུགས་[སྡུག་]བསྔལ་བྱ་བ་གདོད་མ་གྲུབ། །བདེ་ཆེན་རྒྱལ་པོ་ཁྱོད་ལ་བདག་འདུད་དོ། །དེ་ཡང་བདག་ཅག་འཁོར་དང་བཅས་པ་ཡངས[ཡང་]། །རྒྱལ་བ་ཁྱེད་ཀྱིས་ཐུགས་རྗེས་སྐྱབས་སུ་གསོལ། །ཞེས་བསྟོད་དོ། །འཁོར་རྣམས་ཀྱིས་བསྟོད་པའི་ལེའུ་སྟེ་དགུ་བཅུ་རྩ་བཞི་པའོ།།

དེ་ན་ཡུལ་དེའི་མི་རྣམས་དང་། ཤིན་ཏུ་དྲང་[གྲངས་]མང་བ་གཅིག་སྨན་ལྷ་རྒྱ་[རྒྱལ་]པོའི་ཞལ་མཐོང་བ་དང་། །མཆོད་པ་ཕུལ་བའི་ཡོན་ཏན་གྱིས་གཟུགས་མེད་ཀྱི་ཕུང་པོ་འཕྲ་རག་[ཕྲ་རགས་]ཀྱི་རྡུལ་དུ་ལྷག་[བརླགས་]ཏེ། ནམ་མཁའ་ལ་གཞའ་ཚོན་གྱི་འོད་དུ་འཕྲོས་ནས་སངས་རྒྱས་ཏེ། སྨད་ན་ལུས་པ་རྣམས་ཀྱང་སྤྲོ་བ་སྐྱེད་དོ། །དགེ་བ་ལ་ཡིད་གཞུང་སྐྱེད་དོ། །སྡུག་བསྔལ་ཞི་བྱད་[བྱེད་]གསོ་བྱེད་[བྱའི་]ནད་འབུམ་ནག་པོའི་མདོ་ཞེས་བྱ་བ་རྫོགས་སོ། །ས་མ་ཡ། ། རྒྱཿརྒྱཿརྒྱཿ

       རྟེན་འབྲེལ་འགྲིག་པའི་དུས་སུ་བསམ་ཡས་རྩེ་ན་[ནས་]བན་དྷེ་[དེ་]མི་གསུམ་གྱིས་བསྟོན་[བཏོན་]པའོ། ། དེ་ནས་ལྷ་རྗེ་གཡུའ[གཡུ་]ཐོག་པས་ཞུས་སོ།། བཀྲ་ཤིས་སོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 2:39 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།