སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་དོན་ལྔ་པ། རྐང་བམ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་དོན་ལྔ་པ། རྐང་བམ་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨིན་[སྨན་]པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །རྐང་འབམ་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟག་[རྟགས་]དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟེན[བསྟན]། །རྒྱུ་རྐྱེན་ཟས་སྤྱོད་གདོན་རྐྱེན་བད་ཀན་ཁྲག །འཕེལ་བས་ཤ་རུ་[རུས་]ཁད་ཀྱིས་འཐུག་ཧྲེབ་སྐྲངས། །ན་བའི་ཟུག་གཟེར་ཆུང་བས་རྐང་བམ་ཟེར། །རྐང་ལག་རྣ་བ་མཆུ་དང་སྣ་ལ་མོད། །དེ་ཡང་རླན་ཅན་ཡུན་དུ་འབྱུང་བ་ཡིན། །གཉིས་པ་དབྱེ་བ་རླུང་འཁྲིས་[མཁྲིས་]བད་ཀན་གསུམ། །དེ་རྟགས་རླུང་གྱུར་རྕུབ་ཅིང་སྐྲང་མདོག་ནག །འཁྲིས་[མཁྲིས་]གྱུར་མདོག་སེར་ཚ་བསྐྱེད་འཆེམ་[ཆམ་]རིམས་འབོག །བད་ཀན་ལུས་དང་རྐང་པ་ལྗི་[ལྕི་]ལ་ཟུག་གཟེར་ཆུང་། །གསུམ་[བཞི་]པ་བཅོས་ཐབས་རླུང་གྱུར་དུག་[དུགས་]གཏར་རྒྱུན་སྦྱོང་བྱ། །འཁྲིས་[མཁྲིས་]གྱུར་གཏར་ཁ་བོང་ང་སྤོས་དང་[དཀར་]ཁྱི་ལྕེ་བྱུག །བད་གྱུར་པི་ལིང་ཨ་རུའི་[ཐང་]བཏང་མ་ཐེམ་[མཐེབ་]རྩ་གཏར། །འུ་སུ་ཉུངས་ཀར་འབྲི་ཏ་ཧ་[བྲྀ་ཧ་ཏི་]ཡིས་བྱུག །ཟས་སྤྱོད་འདུ་བ་ནད་གཞི་དེ་དང་སྦྱར། །ཅེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་རྐང་བམ་བཅོས་པའི་ལེའུ་སྟེ་དོན་ལྔ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 3:20 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།