སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་དགུ་པ། ནད་ཀྱི་སློང་རྐྱེན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་དགུ་པ། ནད་ཀྱི་སློང་རྐྱེན་བསྟན་པ

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཉོན། །རྒྱུ་ལས་(ལ་)བསྐྱེད་པར་བྱེད་པའི་རྐྱེན་གསུམ་སྟེ། །སྐྱེ་མཆེད་སོགས་སྡང་(གསོག་ལྡང་)སློང་རྐྱེན་རྣམ་པ་གསུམ། །སྐྱེ་ཞིང་མཆེད་པར་བྱེད་པ་སྐྱེ་མཆེད་དེ། །སོགས་(གསོག་)ཅིང་ལྡང་བར་བྱེད་པ་སོགས་(གསོག་)ལྡང་ཞེས། །བསགས་པ་སློང་བར་བྱེད་པ་སློང་རྐྱེན་ཡིན། །

སྐྱེ་མཆེད་དུས་དང་དབང་པོ་སྤྱོད་ལམ་རྣམས། །དམན་ལྷག་ལོགས་པས་ནད་རྣམས་བསྐྱེད་པར་བྱེད། །དུས་ནི་ཚ་དུས་གྲང་དུས་ཆར་དུས་གསུམ། །དམན་པ་ཚ་གྲང་ཆར་པ་ཆུང་བ་སྟེ། །ལྷག་པ་ཆེ་དྲག་ལོག་པ་མེད་པའོ། །དབང་པོ་ལྔ་དང་དེ་ཡི་ཡུལ་ལྔ་དང་། །ཆུང་ངམ་དེ་ལ་མི་སྦྱོར་དམན་པ་སྟེ། །ཤས་ཆེར་གཏད་པ་ལྷག་པའི་སྦྱོར་བ་ཡིན། །ཤིན་ཏུ་ཉེ་དང་རིང་བ་ཆེ་ཆུང༌དང་། །འཇིགས་(འཇིག་)དང་མི་སྡུག་ལོག་པའི་སྦྱོར་བར་བཤད། །སྤྱོད་ལམ་ལུས་ངག་ཡིད་དང་རྣམ་པ་གསུམ། །ཆུང་ངམ་མི་སྦྱོར་འཇུག་པ་དམན་པ་ཡིན། །བསྡུད་ནས་འཇུགས་(སྡུད་ནས་འཇུག་)པ་ལྷག་པའི་སྦྱོར་བ་སྟེ། །ཤུགས་བཀགས་བཙེར་བཅུས་(བཀག་བཙིར་གཅུས་)མི་དགེ་ལོག་སྦྱོར་རོ། །

སོགས་(གསོག་)ལྡང་ཞིང་(ཞི་)གསུམ་རྒྱུ་དང་ངོ་བོ་དུས། །རྒྱུ་ནི་རྩུབ་ཆེས་(སོགས་)དྲོད་ལྡན་རླུང་སོགས་(གསོག་)ལ། །གྲངས་བས་སྡང་(གྲང་བས་ལྡང་)ཞིང་སྣུམ་དྲོས་ཞི་བར་འགྱུར། །དེ་བཞིན་རྣོ་སོགས་བསིལ་ལྡན་མཁྲིས་པ་སོགས(གསོག) །ཚ་བས་ལྡང་ཞིང་རྟུལ་སོགས་བསིལ་ལྡན་ཞིང་(ཞི)། །ཅི་(ལྕི་)སྣུམ་བསིལ་ལྡན་བད་ཀན་སོགས་(གསོག་)གྱུར་སྟེ། །དྲོ་བས་ལྡང་ཞིང་རྩུབ་སོགས་ཀྱིས་ཞི་འགྱུར། །ངོ་བོ་རང་གནས་འཕེལ་བ་སོགས་(གསོག་)པ་ཡིན། །རྒྱུ་ལས་འཁྲུག་བྱེད་མི་མཐུན་ཡོན་ཏན་འདོད། །ལྡང་བ་ལོག་པའི་ལམ་ཞུགས་རང་རྟགས་སྟོན། །རང་གནས་མཉམ་གནས་ནད་མེད་ཞི་བ་ཡིན། །དུས་ནི་སོས་ཀ་ལ་སོགས་རླུང་གི་དུས། །མཁྲིས་པ་དབྱར་དང་བད་ཀན་དགུན་སྨན་(སྨད་)དོ། །སོས་ཀའི་དུས་སུ་ཡང་དང་རྩུབ་པ་ཡི། །ཡུལ་དང་དུས་དང་ཟས་སྤྱོད་ཀུན་ཚངས་(མཚུངས་)པ། །རླུང་སོགས་(གསོག་)བྱེད་ཀྱིས་དྲོད་བས་ལྡང་མི་འགྱུར། །དབྱར་དུས་ཆར་རླུང་གྲངས་(གྲང་)བ་བསྐྱེད་པས་ལྡང༌། །སྟོན་དུས་སྣུམ་ལས་དྲོ་བས་ཞི་བར་འགྱུར། །དབྱར་དུས་སྣུམ་བསིལ་ལྡང་མི་འགྱུར། །སྣུམ་དྲོས་སྟོང་(སྟོན་)ལྡང་དགུན་སྟོད་བསིལ་བས་ཞི། །དགུན་སྨད་ལྕི་ སྣུམ་བསིལ་བས་བད་ཀན་སོགས(གསོག) །བསྒངས་བས་ལྡང་མིན་དཔྱིད་དུས་ཉི་མའི་འོད། །དྲོད་བས་ལྡང་ཞིང་སོས་ཀ་རྩུབ་པས་ཞི། །འོན་ཀྱང་འབྱུང་བའི་དུས་ལ་མ་བབ་ཀྱང༌། །ཟས་སྤྱོད་དབང་གིས་ཕྲལ་ལ་བྱེད་པ་ཡོད། །

ཁྱེད་(ཁྱད་)པར་སློང་རྐྱེན་ཐུན་མོངས་ཁྱད་པར་གཉིས། །ནད་ཀུན་སླངས་(སློང་)བར་བྱེད་པའི་ཐུན་མོངས་རྐྱེན། །འབྱུང་བའི་དུས་དངས་གདོན་དུག་མི་འཕྲོད་ཟས། །གསོ་བ་ལོག་དང་ལས་ངན་བསད་(སད་)ལས་འབྱུང༌། །ཁྱད་པར་ཁ་དང་ཡང་རྩུབ་བསྟན་དྲག་(བསྟེན་དྲགས་)དང༌། །ཆགས་པས་དུབ་དང་ལྟོ་ཆགས་གཉིད་ཆགས་(ལྟོ་ཆག་གཉིད་ཆག་)དང༌། །ལྟོ་དང་ལུས་ངག་བྱ་བ་དྲག་ཤུལ་དང༌། །ཁྲག་མང་ཟག་དང་འཁྲུ་སྐྱུགས་དྲག་པོས་བཏབ། །སེར་(བསེར་)བུས་བུས་དང་ག་ཆད་ངུས་པ་དང༌། །མྱ་ངན་སེམས་ལས་ཁ་ཡི་ལས་ཆེ་དང༌། །བཅུད་མེད་ཁ་ཟས་ཡན་(ཡེན་)ལ་གཏད་པ་དང༌། །ཤུགས་བཀགས་(བཀག་)པ་དང་ནན་གྱིས་བརྩིར་(བཙིར་)བ་དང་། །རྒྱུ་དེ་རྣམས་ཀྱིས་རླུང་ནད་ལྡང་བར་བྱེད། །ཚ་བའི་རོ་དང་རྣོ་ཚ་སྣུམ་བསྟན་དྲག(བསྟེན་དྲགས།) །རྒྱུད་ལས་ཞེ་སྡང་དྲག་པོ་སྐྱེས་པ་དང༌། །ཚད་གུང་གཉིད་ལོགས་འདུག་རྗེས་དྲག་ཤུལ་བྱས། །མི་ཐེག་ཁུར་དང་ས་སྲན་བརྐོས་པ་དང༌། །གཞུ་སྲན་བཀང་དང་འཛིན་(འཛིང་)ཁ་བསྐྱེད་པ་(བཀྱེ་བ་)དང༌། །བང་དང་འགྲོ་ལས་དག་གིས་ཉེས་(ཉེན་)པ་དང༌། །རྟ་ཡིས་བརྡབས་དང་གཡང་དུ་ལྷུང་པ་དང༌། །ཐེམ་(འཐེབས་)འོག་ཚུད་དང་རྡོ་དབྱུག་བརྡུང་པ་དང༌། །ཤ་མར་བུ་རམ་ཆང་སོགས་བཟའ་བཏུང་དྲག །རྐྱེན་དེ་རྣམས་ཀྱིས་མཁྲིས་ཚད་སློང་བར་བྱེད། །ཁ་མངར་ལྕི་སྣུམ་བསིལ་བསྟན་དྲག་(བསྟེན་དྲགས་)པ་དང༌། །འགྲངས་རྗེས་དལ་བར་བསྡད་དང་གཉིད་ཉིད་ལོགས(ཉིན་གཉིད་ལོག) །རླན་སྟེང་ཉལ་དང་ཆུར་ཞུགས་གོས་སྲབ་གྲང་། །གྲོ་སྲན་གསར་ཐོག་སེར་ཅན་སུང་བ་དང༌། །ར་སྐོམ་ཤ་རིད་ཚིལ་བུ་འབྲུ་མར་དང༌། །རྩི་མར་རུལ་པ་ལོ་བཤུར་ལ་ཕུག་རས། །རི་སྒོག་ལ་སོགས་རྗེན་ཟས་མཐའ་དག་དང༌། །མ་ཚོས་ཚིག་དང་ཁེངས་པོའི་ཟས་རྣམས་དང༌། །ར་ཡི་འོ་རློན་ཞོ་དར་ཆུ་གྲང་ཇ། །བཟའ་བཏུང་ཆེས་ཏེ་ཚད་ལས་འདས་པའམ། །སྔ་མ་མ་ཞུ་ཕྱི་མ་ཟོས་པ་ཡི། །རྐྱེན་དེ་རྣམས་ཀྱིས་བད་ཀན་གྲངས་(གྲང་)ནད་སློངས(སློང་)། །དེ་དག་འདྲེས་ལ་ལྡན་པའི་ནད་དུ་གྱུར། །ཞེས་གསུངས་སོ། །

གསོ་བྱད་(བྱེད་)དཔྱད་འབུམ་ཁྲ་བོ་ལས་ནད་ཀྱི་རྐྱེན་བསྟན་པའི་ལེའུ་སྟེ་དགུ་པའོ།། །།




 

མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 11:53 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།