སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་རེ་གཉིས་པ། ཆུ་སེར་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་རེ་གཉིས་པ། ཆུ་སེར་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྕལ་[བསྩལ་]པ། དཔྱད་བུ་ལས་[ལ་]སོགས་གསོ་བ་འཤིན་པ་ཀུན། །ཆུ་སེར་ནད་ལ་གྱུར་ཚུལ་དབྱེ་བ་དང་། །རྟགས་དང་བཅོས་ཐབས་རྣམས་[རྣམ་]པ་བཞི་ཡིས་བསྟན། །དང་པོ་གྱུར་ཚུལ་ཁ་ཟས་དྭངས་མ་དེ། །མཁྲིས་པ་དམར་སྐྱུར་[སྒྱུར་]ལས་ཀྱིས་ཁྲག་ཏུ་འགྱུར། །ཁྲག་གི་སྙིགས་མ་མཁྲིས་པའི་ནང་དུ་གསོག །མཁྲིས་པའི་དྭངས་མ་ཆུ་སེར་ཉིད་དུ་འགྱུར། །གནས་ནི་ཤ་རུས་དོན་སྣོད་ཕྱི་ནང་ཁྱབ། །ཁྱད་པར་ཤེ་[ཤ་]མདངས་བར་དང་ཚིགས་པར་གནས། །ཚད་ནི་རང་གི་སྙེམ་[སྙིམ་]པ་བཞི་རུ་བཤད། །གཉིས་པ་དབྱི་[དབྱེ་]བ་ཆུ་སེར་རིགས་དང་འཇུག་པའི་སྒོ། །རིགས་ནི་ཆུ་སེར་དཀར་པོ་ནག་པོ་གཉིས། །ཆུ་སེར་དཀར་པོ་བད་རླུང་གྲང་བར་སྡོངས[བསྡོངས]། །ཆུ་སེར་ནག་པོ་ཁྲག་མཁྲིས་ཚ་བར་བསྡོངས། །འཇུག་སྒོ་ལྤགས་[པགས་]གྲམ་ཤ་རྒྱས་རྩ་རུ་རྒྱུག །རུས་ཞན་[ཞེན་]དན་[དོན་]དང་སྣོད་ལ་ལྷུང་བའོ། །གསུམ་པ་རྟགས་ནི་སྤྱི་དང་བྱེ་བྲག་གཉིས། །སྤྱི་རྟགས་ཟ་ཕྲུག་ཐོར་པ་ལེབ་མོར་འོང༌། །སྐབས་སུ་ལུས་པོ་སྦོས་ལ་སྐྲངས་པ་དང༌། །ཤ་མདོག་སྔོ་ལ་རྩུབས་[རྩུབ་]ཅིང་འབྲུམ་པ་འོང༌། །གྲ་མ་ཕུམ་[ཕུབ་]མས་རེག་པ་འདྲ་སྙམ་འོང་། །སྐྲ་དང་སྨིན་མ་འབྱི་ཞིང་འདུལ་[འདྲུལ་]ནས་འགྲོ། །ཁྱད་པར་ཆུ་སེར་དཀར་པོ་རྩ་ཆགས་[ཆུ]། །ནམ་ཞོད་རླན་དུས་ཆུར་ཞུགས་གྲངས་[གྲང་]དུས་ལྡང༌། །ལུས་དྲོ་དྲོད་བཅུད་ཟོས་ཚེ་བདེ་བར་མངོན། །ཆུ་སེར་ནག་པོ་རྩ་ཆུའི་ཚ་བ་སྐྱེ། །མེ་ཉིས་དྲོད་དང་ཆང་འཐུང་སྟོན་དུས་ན། །ཆུ་སེར་ལྤགས་[པགས་]གྲམ་ཁྱད་པར་ཟ་འཕྲུག་བྱེད། །ཐོར་ཆུང་མང་ལ་ཕྲུག་[ཕྲུགས་]ན་ཆུ་སེར་འཛགས་[འཛག] །ལྤགས་[པགས་]མདོག་སྔོ་རྩུབ་གྱོང་ལ་སྲིན་ཐོར་མང༌། །ཤ་ལ་རྒྱས་ན་ཉྭ་སྒང་ཤུ་བ་འོང་། །ཤ་ཀུན་འགུལ་འཕྲིག་སྦོས་ཤིང་སྐྲངས་པར་འགྱུར། །རྩ་རྒྱུག་རྩ་ཀུན་སྦྲིད་འཁྱུག་རྒྱུག་པ་སྙམས་[སྙམ་]། །ཚ་མྱག་ཚ་རང་[བར་]གྲང་ཟིལ་[བསིལ་]ཟ་གཡའ་འོང༌། །རྩ་མིག་ནད་[ནང་]དུ་སྲོག་ཆགས་འགྲིམ་པ་སྙམ། །རུས་ཞིང་[ཞེན་]རུས་པ་ལྷང་ལྷང་ན་བ་དང་། །ཚིགས་མིག་ན་ཞིང་བརྐྱང་བསྐུམ་འགྲོ་འདུག་དཀའ། །ཚིགས་མིག་ན་ཞིང་བརྐྱང་བསྐུམ་འགྲོ་འདུག་དཀའ། །ཚིགས་ཀ་[ཁ་]སྐྲངས་ལ་ཟ་ཤུ་ཐོར་པ་འོང༌། །དོན་བབས་སྙིང་ལ་ཆུ་སེར་ཞུགས་པ་ཡིས། །ཤེས་པ་འཕྱོ་འདར་སྟོང་[སྟོད་]བརྒྱངས་སྙིང་མི་དགའ། །བསྔངས་འདོད་[ཤིང་་]ཚིག་པ་ཟ་ལ་འཁྲོ་ཚིག་བྱེད། །བྲང་ལ་སྲིན་ཐོར་ཤ་བཀྲ་འོང་བ་དང༌། །ལྕེ་ལ་ཐོར་པ་རྒྱུན་དུ་འོང་བ་ཡིན། །གློར་ཞུགས་གློ་མང་མིག་དང་བོལ་གོང་སྐྱངས་[སྐྲངས]། །བྲང་རྒྱབ་གཟེར་ལ་སྐད་འགག་མཚུལ་པ་སྐམ། །མཚན་[མཆིན་]ཞུགས་མིག་ནས་མཆི་མ་རྒྱུན་དུ་འཛག །ལུས་ལྗི་[ལྕི་]སྣ་ཁྲག་འོང་ཞིང་ཕོ་མཆིན་ན། །མཚེར་ཞུགས་སྦོས་འཁྲོག་ཆུ་[མཆུ་]ནད་རྒྱུན་དུ་འོང་། །མཁལ་ཞུགས་རྐེད་པ་དབྱི་[དཔྱི་]དང་བརླ་སུལ་ན། །སྨད་ལྕི་རྐང་པ་སྦྲིད་ཅིང་རྩ་འཁྱུག་བཏང་[ཀུན་འཁྱུག] །སྣོད་བབས་མིག་སེར་ཚ་འགྱུར་སྣ་[སྣོད་]གླང་སྡང་[ལྡང་]། །ལེན་[ལན་]རེ་ཆུ་སྡིམ་[སྡོམ་]སྐབས་སུ་སེར་སྨུག་འཁྲུ། །བཞི་པ་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་ཐབས་སྨན་དཔྱད་ཟས་སྤྱོད་བཞི། །ཆུ་སེར་དཀར་ནག་གཉེན་པོ་སོར་[སོ་]སོར་བསྟེན། །ཆུ་སེར་དཀར་པོ་ཆང་དང་ལུག་ཤ་དང་། །མ་སྙིང་[མར་རྙིང་]ཕྱི་བ་རྟ་བོང་བཤུལ་ཤ་རྣམས། །བུ་རམ་ཆང་དང་གཟེ་མའི་ཟན་ཆང་དང༌། །རམ་ཉེ་རྩ་བའི་ཟན་ཆང་བུར་ཆང་བསྟན་[བསྟེན]། །སྤྱོད་ལམ་རླན་གྲང་བསེར་བུ་སོམས་[སེམས་]ལས་སྤང༌། །སྨན་དུ་རམ་ཉེ་ཅ་[ལྕ་]བ་གཟེ་མ་དང༌། །ཉི་[ཉེ་]ཤིང་བ་སྤྲུ་གོང་མས་ཆ་བསྐྱེད་ལ། །བསྡུས་ཁུའི་ཁན་དྷ་[ཁཎྜ་]ཆང་དང་བུ་རམ་སྦྱར། །བཅའ་ལྒ་པི་པི་ལིང་དང་ཙི་ཏྲ་ཀ །སུག་སྨེ་[སྨེལ་]ཛ་[ཛཱ་]ཏི་སྦྱར་ཏེ་བཏང་[གཏང་]བར་བྱ། །རྩ་བ་ལྔ་དང་སིང་ལྡིང་[སེང་ལྡེང་]འབྲས་བུ་གསུམ། །ཟོ་མར་སྦྱར་བའི་མར་ཁུ་བུ་རམ་སྦྱར། །བཅའ་ལྒ་ལ་སོགས་ཕྱེ་མ་ཁ་ཚར་བཏག[བཏབ]། །གྲང་བའི་ཆུ་སེར་མ་ལུས་འཇོམས་པར་བྱེད། །སྦྲང་སྨྱོན་ཆ་ཡིས་བྲིད་ནས་གོམས་པར་བསྟེན། །བཙན་དུག་ཨ་རུ་གུ་ཁུལ་[གུལ་]ཆུ་དག་དང༌། །རུ་རྟ་ཤིང་ཀུན་ཛཱ་[ཛཱ་]ཏི་བྱི་ཏང་ཀ །ཙི་ཏྲ་ཀ་དང་དྲོད་སྨན་བུ་རམ་སྦྱར། །རིལ་ལུ་[བུ་]སྲན་མ་ཙམ་བསྟེན་ཆུ་སེར་སྐེམ། །མུ་ཟི་འབྲིང་[འབྲི་]མར་ནང་དུ་བསྡུས་པ་ཡིས། །མར་ནག་མདོག་འགྱུར་སྦྲང་དང་སྦྱར་ལ་བཟའ། །དཔྱད་དུ་གང་བབས་གསང་ལ་མེ་བཙའ་བྱ། །ཆུ་སེར་ནག་པོ་ཟས་སྤྱོད་བསིལ་བས་བཅོས། །བ་ར་མཛོ་མོའི་ཞོ་དར་མར་སར་[གསར་]དང་། །ཆབ་ཚ་བ་གླང་རི་དྭགས་ཤ་སར་[གསར་]བསྟེན། །ཆང་དང་མར་རྙིང་རུལ་སྲུམ་[སུངས་]བུ་རམ་སྤང་། །སྤྱོད་ལམ་བསིལ་པར་[སར་]དལ་བར་བསྡད་པ་ཡིན། །སྨན་ནི་སྔོན་བུ་ལྕིམ་[ལྕུམ་]རྩ་ཨ་རུ་ར། །ཐར་ནུ་རེད་ལྕགས་[རེ་ལྕག་]ཆུ་རྩ་བྱི་ཏང་ཀ །ཆུ་སེར་སྨན་གསུམ་བ་ཆུར་སྦངས་པས་བཀྲུ། །དེ་རྗེས་རྩ་བཤལ་བཏང་ལ་ཆུ་སར་[སེར་]སྦྱང་། །སྐྱེར་པ་སེར་[སེ་]རྒོད་སིང་ལྡིང་[སེང་ལྡེང་]བ་རུ་རའི། །ཕྱེ་མ་གུ་ཁུལ་[གུལ་]བཅུ་པ་སྦྱར་ལ་བཏང་། །བ་ཡི་རྣམ་ལྔ་སེང་ལྡིང་[ལྡེང་]སྨན་མར་སྦྱར། །དངུལ་ཆུའི་རིལ་བུ་བསྟེན་པས་ཆུ་སེར་སྐེམ། །དཔྱད་དུ་གང་ལ་བབས་པའི་རྩ་ལ་གཏར། །གཉིས་པ་བྱེ་བྲག་ཤ་ལ་རྒྱས་པ་ལ། །སྔོན་བུ་སྲུབ་ཀ་ཞོ་དང་སྦྱར་བས་བྱུག །སྲོ་[སོ་]མ་ར་ཙ་[ཛ་]ཤུ་དག་ལི་ཤི་དང༌། །ཙི་ཏྲ་ཀ་དང་མར་སྦྱར་བྱུག་པར་བྱ། །སྲད་དཀར་ཐལ་བ་རྟ་བོང་འོ་མས་བྱུག །ཐ་ཀར་རྡོ་རྗེ་གཡེར་མ་མར་སྦྱར་བསྐུ། །སྦུར་པ་དང་[དོང་]གྲ་འོ་མ་སྦྱར་བའམ། །བ་རུ་ར་དང་སྦྲུལ་ཐལ་མར་སྦྱར་བྱུག །སྲོ་[སོ་]མ་ར་ཙ་[ཛ་]བ་བླ་བ་གཅིན་བྱུག །མ་ཕན་རྩ་སྦྱོངས་སིང་ལྡིང་[སེང་ལྡེང་]སྨན་མར་བྱུག །རྩར་རྒྱུག་གཏར་དང་རྩ་སྦྱོང་རྗེས་ལ་མེས་སྐེམ། །རུས་གན་[ཞེན་]ལྟོ་དང་རྩ་ནས་སྦྱང་བྱས་ལ། །རྩ་བ་ལྔའམ་མུ་ཟིའི་སྨན་མར་སྦྱར། །ཚིགས་མིག་ཆུ་སར་[སེར་]ལྟ་བུར་མེ་ཐུར་བྱ། །ཤ་ལྤགས་[པགས་]རྩ་རུས་ཀུན་ལ་ཆུ་ལུམས་བསྔགས། །དེ་རྗེས་སིང་ལྡིང་[སེང་ལྡེང་་]སྨན་མར་ནད་རྗེས་བཅད། །སྙིང་ལ་ཞུགས་ན་སྦལ་རྒྱབ་ཅིག་ཐུར་[ཆིག་ཐུབ་]དང༌། །གསེར་རྡོ་མཚལ་དཀར་ཕ་བོང་[བང་]ལོང་བུ་དང༌། །ཚ་ལ་བཟང་དྲུག་ཆུ་སེར་སྨན་གསུམ་དང༌། །གུ་ཁུལ་[གུལ་]ཤིང་ཀུན་གླ་རྩི་སྙིང་ཞོ་ཤ །རུ་རྟ་སྐྱུ་རུ་ར་དང་ཨ་རུ་ར། །ཨ་ཀ་[ག་]རུ་དང་ཀ་ར་སྦྱར་ལ་བཏང༌། །སྙིང་རྩ་གཏར་ཞིང་ཚིགས་པ་དྲུག་པ་བསྲེག །བཙན་དུག་རིལ་ལུ་སིང་ལྡིང་[སེང་ལྡེང་]སྨན་མར་སྦྱར། །གློར་ཞུག་[ཞུགས་]ངུ་[ཅུ་]གང་རུ་རྟ་ཤིང་མངར་དང༌། །ཅནྡ་[ཙནདན་]རྒུན་འབྲུམ་ཆུ་སེར་སྨན་གསུམ་དང༌། །ག་དུར་དམར་པོ་གསུམ་དང་སྦྲང་སྦྱར་བཏང་། །གློ་རྕ་གཏར་ནས་ཚིགས་པ་བཞི་ལྔ་བསྲེག །མཆིན་མཚེར་ཞུགས་ན་རྩ་སྦྱོང་གཅེས། །གུར་གུམ་བྲག་ཞུན་གླ་རྩི་པི་པི་ལིང༌། །ཀ་ར་སྦྱར་བཏང་མཆིན་པའི་རྩ་ལ་གཏར། །མཁལ་བབས་དམར་པོ་བཞི་ཡི་ཐང་བཏང་ཞིང༌། །རྩ་སྦྱོང་བཏང་རྗེས་སྨན་མར་བྱུག་པ་སྦྱར། །གང་དུ་བབས་པའི་གསང་དུ་མེ་བཙའ་བྱ། །སྣོད་དུ་ཆུ་སེར་བབས་པ་སྦྱོང་གིས་དབྱུང༌། །མདོར་བསྡུས་ཆུ་སེར་འཕེལ་བས་ནད་དུ་འགྱུར་། །ཤ་བཀྲ་གླང་སྲིན་ཐོར་པ་ཁྱེ་མ་དང༌། །ཤུ་བ་ཟ་རྐོང་ཟ་འཕྲུག་ཆུ་སར་[སེར་]བྱེད། །འོར་དང་སྐྱ་སྦབ་[རྦབ་]དམུ་ཆུ་ཆུ་སེར་བྱེད། །སུར་ཡ་མེ་དབལ་དྲེག་གྲུམ་ཆུ་སེར་བྱེད། །བརྙོང་[རྙོགས་]པའི་ཚ་བ་ཐམས་ཅད་ཆུ་སེར་བྱེད། །མགོ་དང་བྱང་ཁོག་ཡན་ལག་ལ་སོགས་པ། །རྨའི་ཉེས་པ་ཐམས་ཅད་ཆུ་སེར་བྱེད། །འབྲས་དང་མཛེ་ནད་ཆུ་སེར་ལས་འབྱུང་བས། །དེ་ཕྱིར་ཆུ་སེར་ནད་ལ་བྱ་ར་གཅེས། །དངུལ་ཆུ་མུ་ཟི་སིང་ལྡིང་[སེང་ལྡེང་]སྲོ་[སོ་]མ་ར། །ཐ་ཀ་རྡོ་རྗེ་གུ་ཁུལ་[གུལ་]དཀར་ནག་གཉིས། །སྐྱེར་པ་བྲག་ཞུན་སྔོ་ཡི་ཚ་བ་གསུམ། །བྱང་པ་རྩ་བ་ལྔ་དང་བོང་བུའི་ཤ །སྦྲང་རྣམས་ཆུ་སེར་འཇོམས་པའི་གཉེན་པོ་ཡིན། །ནད་གང་སྡོང་པའི་གཉེན་པོ་སྡེབས་[བསྡེབས་]ནས་བཏང་། །ཆུ་སེར་ཟད་ནས་ཤ་དང་ལྤགས་པ་སྐམས། །ཤ་ཆང་བསྟེན་ནས་ལུས་ཟུངས་གསོ་བར་བྱ། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་ཆུ་སེར་གསོ་བའི་ལེའུ་སྟེ་རེ་གཉིས་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:04 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།