སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ང་གསུམ་པ། སྲིན་བུའི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ང་གསུམ་པ། སྲིན་བུའི་ནད་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །སྲིན་བུའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་། །རྟགས་དང་བཅོས་ཐབས་རྣམས་[རྣམ་]པ་བཞི་ཡིས་བརྟན[བསྟན]། །རྒྱུ་རྐྱེན་ཟས་དང་སྤྱོད་ལམ་གདོན་ལ་སོགས་པ། །འདུ་བ་འཁྲུགས་པས་སྲིན་ནད་སློང་བར་བྱེད། །གཉིས་པ་དབྱེ་བ་ཤིག་དང་སྲོ་མ་སྟེ། །ནང་གནས་རླུང་མཁྲིས་ཁྲག་དང་བད་ཀན་བཞི། །བད་ཀན་སྲིན་གཏོགས་[བསྡོགས་]ཆར་པ་འདྲ་སྟེ་ཕོ་བར་གནས། །རླུང་སྲིན་ཐུར་མ་འདྲ་སྟེ་ལོང་ཁར་གནས། །མཁྲིས་སྲིན་ཤ་སྤུ་འདྲ་སྟེ་མིག་སོལ[སོ་]གནས། །འདུས་སྲིན་ལྤགས་[པགས་]པ་གཞན་[གཞང་]དང་མཚན་མར་གནས། །ཁྲག་སྲིན་རྐང་མེད་ཟླུམ་ལ་དམར་བ་སྟེ། །ཁྲག་ལ་གནས་ཤིང་རྩ་[ནང་]ཀུན་ལ་རྒྱུག །གཉེན[གཉན་]ནད་ཀུན་གྱི་རྒྱུ་དང་མཛེ་ནད་བྱེད། །གླང་[ཀླད་]སྲིན་ཡ་མ་དཀར་ནག་དེ་ལས་བྱུང་། །གསུམ་པ་དེ་རྟགས་དཀར་དང་མངར་བ་[བག་]གྲང་རྐྱེན་ལྡང་། །ལྟོ་ཆེ་ལྡང་དུབ་བྱེད་ལ་ཚིག་པ་ཟ། །ཕོ་ལོང་སོ་མིག་མགོ་སྣ་གཡའ་ཟ་གཟེར། །འཁྲུག་[འཁྲུགས་]པའི་གནས་ཀྱིས་སྲིན་བུའི་ནད་རིགས་དབྱེ། །ཡ་མ་དཀར་ནག་ཚ་གྲང་ནད་སྟོབས་དྲག[དཔག] །སྐོམ་དད་ཆེ་ལ་སྣ་སྐམ་བུ་གའི་ཆུ་གསུམ་བ། །གློག་ལྟར་འཁྱུགས་པས་ཀོར་ལེ་[ཀོ་ལེར་]གཟེར་བ་སྟེ། །ཚ་གྲང་འཁྲུགས་པའི་སྲིན་ནད་ཡིན་པའི་ཕྱིར། །བཞི་པ་བཅོས་ཐབས་ཤིག་སྲོ་ལོ་བཙན་བྱ་རྒོད་སྤོས། །ར་དུག་མར་ནག་སྦྱར་ལ་མགོ་ལ་བྱུག །ཤ་བའི་ཚིལ་དང་སྦྱར་ནས་མགོ་ལ་བྱུག །ཡང་ན་རྔུལ་[དངུལ་]ཆུ་མར་སྦྱར་གསོ་[གོས་]ལ་བྱུག །བྱི་སྟང་[ཏང་]ལྟོང་[ལྡོང་]རོས་རྒོད་སྤོས་མར་ནག་ལ། །ཧ་[དྷ་]རུ་ད་དྷ་ཛྷེ་ལ་པ་སྭ[སྭ་]ཧཱ། བརྒྱ་དང་རྕ་དྲུག་བཟླས་བྱུག་ཤིག་སྲོ་འགག །བད་ཀན་སྲིན་བུ་འོ་མ་ལ་བསྡུས་ལ། །བྱིན་[བྱི་]ཏང་ཀ་དང་མེ་[མ་]རུ་རྕེ་དང་ཙོང་། །འབྲུམ་དང་སེ་འབྲུ་མ་ནུ་ཀྱུ་[སྐྱུ་]རུ་ར། །སྒ་གཤེལ་[གཤེར་]སྦྲང་དང་སྦྱར་བའི་ཕྱེ་མ་བཏང་། །རླུང་སྲིན་[བུ་རམ་་]ལ་བསྡུ་ཤིང་ཀུན་གཙང་[བཙོང་]། །སྲོ་[སོ་]མ་ར་ཙ་[ཛ་]རུ་ཏ་[རྟ་]བ་རུ་ར། །ཤུ་དག་བྱི་ཏང་ཀ་དང་བུ་རམ་སྦྱར། །ཚ་བ་གསུམ་དང་ཤིང་ཀུན་སྒོག་སྐྱ་དང་། །འོ་མ་སྦྱར་བའི་འཇམ་རྩི་བཏང་བར་བྱ། །མིག་སྲིན་སོ་སྲིན་རང་རང་གསོ་བར་བྱ། །ལྤགས་[པགས་]སྲིན་བྱི་ཏང་ཀ་དང་ཙི་ཏྲ་ཀ །སྒོག་སྐྱ་གཡེར་མ་ད་[དྭ་]བ་བྱི་རུག་པ། །སྤྲུ་མ་ཕུར་མང་[མོང་]ཟོ་མར་བྱུག་ལ་མཉེ། །གཞང་སྲིན་གླ་རྕི་སྒོག་སྐྱ་ལང་ཐང་རྩེ། །ཚ་བ་གསུམ་དང་ཟོ་མར་རེང་བུ་བྱུག[གཞུག] །སྒོག་པ་རྒྱམ་ཚ་གླང་[གླ་]རྩི་བྱི་ཏང་ཀ །མུ་ཟི་མར་སྦྱར་བྱུག་[བཅུག་]ལ་འཕྱིང་[ཕྱིང་]པས་བསྲོ། །མཚན་མའི་སྲིན་ལ་ཆགས་པ་སྤྱད་ན་ཞི། །ཡ་མ་དཀར་པོ་སྐྲ་དྲེག་[བྲེགས་]འཁྱུག་སར་འབྲུག[དབུག] །ར་ཡི་བློ་[སློ་]ཁྲག་ཚིལ་ལྤག་[པགས་]བློ་ཡིན་བཏུལ[དྲོན་མོས་གཡོགས]། །ར་ཡི་སྙིང་དང་མཆིན་མཚེར་ཁོང་དུ་བཏང་། །ཞག་གསུམ་ལོན་ནས་རུ་རྟ་ར་ཚལ་[ཚིལ་]བྱུག །ཤིང་ཀུན་སྒྱོག་[སྒོག་]སྐྱ་ཤ་ཚིལ་ཡུན་རིང་བསྟེན། །རྩ་སྒོ་གར་འཁྱུག་པ་དེ་མི་[མེ་]ཡིས་བསྡམ། །སྲིན་སྨན་དུ་བས་སྣ་སྒོ་ཁ་ནས་བདུག །འཁྱུགས་ཚབས་ཆེ་ན་གང་འཁྱུག་རྕ་བསྲེག་གཏར། །ཡ་མ་ནག་པོ་དུར་བྱིད་བྱི་ཏང་ཀ །མ་ཁུར་མེ་[མ་]རུ་ཙེའི་དུད་པ་ཡིས། །སྣ་ནས་བདུག་ཅིག་གང་འཁྱུག་རྩ་དེ་གཏར། །ར་ཡི་གློ་[སློ་]ཁྲག་ཁྱི་ལུད་སྣ་ཚ་རམ་[རམས]། །སྦྱར་ནས་བྱུག་ལ་གཙུག་དང་འཚོགས་[མཚོག་]མའི་སྟེང་། །མཐོང་གཞག་[ཐོངས་བཞག་]མངར་གསུམ་བྱུག་སྟེ་བགྲོད་[གྲོད་]པས་བདུག[གཏུམས]། །རྒུ་[དགུ་]ནས་བཤགས་[གཤགས་]ལ་རྔབས་དྲང་སྦང་འཇིབ་བྱ། །དུད་བདུག་ཤ་བའི་གློ་[སློ་]ཁྲག་ཚིལ་ལུམས་བྱ། །གློག་ལྟར་འཁྱུག་ལ་ལང་རྒྱབ་[ལོང་གསང་]ལྡེ་[ལྟེ་]ཟུར་གཉིས། །མདུན་རྒྱབ་ཚིག་[ཚིགས་]པ་བཅུ་དྲུག་མེ་བཙས་བསྲེགས། །ཀུན་ལ་བྱི་རང་ཀ་[ཏང་ག་]དང་མེ་[མ་]རུ་རྩེ། །གླ་རྩི་ཤིང་ཀུན་སྒོག་སྐྱ་གཡེར་མ་དང་། །ཕུར་ཐལ་ཐོང་[ཐང་་]ཕྲོམ་ལང་ཏང་[ཐང་]རྩེ་དང་འབྲུམ། །གྲེས་འབྲུ་སྤྲུ་མ་དཀར་པོ་ཅིག་[ཆིག་]ཐུབ་རྣམས། །མངར་གསུམ་འོ་མ་སྦྱར་ལ་ཁོང་དུ་བཏང་། །མགོ་སྲིན་ཤ་ཚིལ་སྦྱར་ལ་སྣ་ནས་བདུག །ཟོ་མར་རེང་བུ་བྱས་ནས་མས་ཡར་བཏང་། །ད་[དྭ་]བའི་ཁན་དྷ་[ཁཎྜ་]བྱས་ནས་ལྤགས་[པགས་]ལ་བྱུག །བྱ་ཁྱུང་རིལ་ལུ་[བུ་]ཡུན་བསྟེན་སྲིན་ཀུན་འཇོམས། །བྱི་རུག་བྱི་ཏང་ཀ་དང་ཞིམ་ཏིག་[ཐིག་]ལེ། །ཀེ་ཚེ་ལྕ་བ་སྣ་[སྣེ་]འུ་འབམ་པོ་དང་། །ཤེ་འཆག་བརྒྱད་དང་[ཤ་སྣ་ཚོགས་པ་]བསྐོལ་ཁུང་[ཁུར་]པོ་འཆའ་[སོ་ཆ་]པི་པི་ལིང་། །ས་རྫི་ཀ་དང་[བཏབ་]ཏིལ་མར་མས་བཏང་བྱ། །ཁུ་བར་དུར་བྱིད་སྦྱར་ནས་སྲིན་བཤལ་བཏང་། །དཀར་མངར་རྒྱ་སྣེ་དུར་བྱིད་ལྕམ་པའི་ཟས། །སྣུམ་པ་སྲིན་ནད་ཅན་ལ་སྤང་བ་ཡིན། །ཞེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་སྲིན་ནད་གསོ་བའི་ལེའུ་སྟེ་ལྔ་བཅུ་གསུམ་པའོ།། །།





མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:11 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།