སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་བཅུ་བདུན་པ། སྟོངས་པའི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་བཅུ་བདུན་པ། སྟོངས་པའི་ཚ་བ་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལས་[ལ་]སོག་[སོགས་]གསོ་བ་འཛིན་པ་ཀུན། །སྟོངས་ཚད་བཅོས་པའི་རིགས་པ་བསྟན་གྱས་ཟུངས། །འདི་ལ་རྒྱུད་[རྒྱུ་]རྐྱེན་ངོ་བོ་མིང་དང་དབྱེ་བ་དང་། །རྟགས་དང་བཅོས་ཐབས་བདུན་གྱིས་བསྟན་པ་ལ། །དང་པོ་སྟོངས་ཚད་རྒྱུ་ནི་རླུང་ཡིན་ཏེ། །གཉིས་པ་སྟོངས་ཚད་བྱེད་[བསྐྱེད་]པའི་རྐྱེན་གསུམ་ནི། །རང་བཞིན་སྟོངས་དང་རྐྱེན་གྱིས་སྟོངས་པ་དང་། གནས་ཀྱིས་སྟོང་[སྟོངས་]དང་རྣམ་པ་གསུམ་ཡིན་ཏེ། །རང་བཞིན་སྟོང་[སྟོངས་]པ་རླུང་རིམས་སྟོང་[སྟོངས་]འཁྲུགས་གཉིས། །ཡུལ་ནི་ཡིན་དོད་[བསིལ་ངད་]ཅན་དུ་ནི་དབྱེར། །རང་བཞིན་ནད་ཁམས་རླུང་ལ་ན་སོ་སྒས་[རྒས]། །དེ་རྣམས་རླུང་རྐྱེན་འདོམ་པས་རིམས་འཁྲུགས་འོང་། །ཚ་བ་འདི་ནི་རང་གནས་ངར་[རླུང་]འབུད་བཅས། །རྐྱེན་གྱིས་སྟོང་[སྟོངས་]པ་རླུང་ཤས་ཆེ་བ་ཡི། །ཚ་བ་བསིལ་ཕྱེད་[ཕྱེ་]ཐང་རྣམས་རྩུབ་པ་དང་། །གཏེར་བཤབ་[གཏར་བཤལ་]རྔུལ་བཏོན་ཟས་སྤྱོད་ཡེན་ལ་གཏར་[གཏད]། །ཚད་གཉའ་ཆོག་[ཆོགས་]ནས་རླུང་ཡང་ཚད་གཞུག་བུས། །གསན་[གནས་]ཀྱི་སྟོང་[སྟོངས་]པ་སྲོག་རྩ་རང་[རླུང་]གནས་བབས། །གསུམ་པ་ངོ་བོ་གནས་པའི་དབང་གིས་ཚ་བ་རླུང་གིས་དབུས་[བུས]། །རྐྱེན་དེས་རླུང་ཙ་[ཚད་]གཉིས་འཐབ་ནད་དུ་གྱུར། །རླུང་གིས་ཚ་བུས་ཚད་རྟགས་ཉེ་འཕེལ་འོང་། །གཞི་[བཞི་]པ་རླུང་ནི་གྲངས་[གྲང་]ཡིན་ཚ་བ་ཅི་ལ་བསྐྱེད། །ཞེ་ན་སྟོང་[སྟོངས་]ཚད་འདིོ་ནི་མགར་གྱི་ཐབ་ཁ་འདྲ། །སྦུད་པ་[པའི་]རླུང་ནི་གྲང་སྟེ་མེ་འབར་རྐྱེན། །འབུད་བྱེད་མ་ཞི་ཚ་བ་ཕྱེར་[ཆེས་ཆེར་]འབར། །སྟོངས་པའི་ཚ་བ་དེས་ན་མིང་དུ་བཏགས། །ལྔ་པ་དབྱེ་ན་སྤྱི་དང་བྱེ་བྲག་གཉིས། །སྤྱི་ནི་ཚ་བ་སྟོངས་དང་རྩ་ཡང་སྟོངས། །རླུང་སྟོངས་ཞེས་དང་རྣམ་པ་གསུམ་དུ་བཤད། །བྱེ་བྲག་རིམ་[རིམས་]སྟོངས་ཁྲག་སྟོངས་མཁྲིས་པ་སྟོངས། །བད་ཀན་ཆུ་སེར་གློ་སྙིང་སྟོངས་དང་དྲུག །ལྔ་[དྲུག་]པ་རྟགས་ནི་དང་པོ་ཚ་བ་སྟོངས་པའི་རྟགས། །རྒྱས་ཚད་གཉའ་ཆོག་ཚད་བཞུག་[གཞུག་]རླུང་གིས་བུས། །དེ་རྟགས་ཆུ་མདོག་དམར་བདས་[དངས་]སྦུ་[ལྦུ་བ་]ཆེ། །རྩ་རྒྱུད་སྟོང་ལ་རྩ་སྟོང་[སྟོད་]རྒྱུག་པ་དང༌། །སྦུགས་[དབུགས་]ཐུང་རྔམ་པ་སྒོད་[རྒོད་]ལ་ཕྱི་དྲོད་ཆེ། །མིག་གི་སྤྲིན་དམར་ལྕེ་ནི་སྐམ་ལ་རྩུབ། །གཟེར་སྤོས་[འཕོ་]སྐམ་[སྐོམ་]དད་ཆེ་ལ་མིག་རྩ་དྲུང་[གྲུང༌]། །སྣ་བུག་ཧར་ལ་གཉིད་ཆུང་སྐབས་སུ་སྔོས་[དངངས་]། །བ་སྤུ་ལངས་ནས་[ན་]རླུང་གསང་དྲུང་[དྲུག་]བདུན་དང་། །དཀར་ནག་འཚམས་[མཚམས་]སུ་མནན་ན་ན་བ་དང་། །སྨྲ་བའི་ཚིག་ལ་ལན་རེ་བཅོས་འཁྲུས་འབུང་[ཅོ་འཁྲུལ་འོང་]། འདི་ནི་ལྟར་སྣང་རླུང་གི་ཚ་བ་སྟེ། །བསིལ་གཏར་དེད་དྲགས་ནད་པའི་སྲོག་ལ་འགྲོ། །རྟགས་ལ་ཐེ་ཚོམ་ཟ་ན་བསུར་[གསུར་]བྱུག་རུས་ཐང་བཏང་། །ལྕེ་རློན་རྔམ་པ་བདེ་ལ་སྐོམས་[སྐོམ་]དད་ཆུང་། །གཉིས་[གཉིད་]ཆེ་གས་རྟོགས་[ཚད་རྟགས་]ནུབ་པ་ན། །ཐེ་ཚོམ་ཏེ་ལས་མ་མ་དགོས་མཁས་པར་བཅོས། །སྲོག་རྩར་ཚ་བ་བབས་པའི་རྩ་སྟོངས་རྟགས། །རྩ་ཆུ་གོང་འདྲ་མིག་དམར་གནམ་བལྟ་བྱེད། །ཁྲུས་[ཁུས་]འདེབས་ཤེས་འཁྲུལ་གོས་རྔུལ་སེལ་བར་བྱེད། །གཉིས་[གཉིད་]ཡེར་ཤེར་[ཤེས་]པ་ཡང་ལ་(འབྲོས་)། །སྐབས་སུ་འདར་ལ་སྔོན་གྱི་མི་ལ་འཐབ་[འཐམ]། །སོ་འཐམ་འཆའ་ལ་སྣང་བ་ལོག་པར་མཐོང༌། །སྙིང་སྲོག་གནས་སུ་རླུང་ཁྲགས་[ཁྲག་]འཐབས་པ་སྟེ། །རྟགས་རྣམས་ཚང་ན་ཕལ་ཆེ་[ཆེར་]མི་འཚོ་སྤངས། །ཚད་གཞུག་རླུང་དུ་ལོག་པའི་རླུང་སྟོངས་རྟགས། །གཡོལ་དབྱལ་གཡལ་མང་རླུང་གསང་ན་སྟོང་སྐྱུག་བྱེད། །གཉིད་མེད་ཤེས་པ་འཕྱོ་ལ་ཞེ་ས་མཁས། །རྐང་པ་བསྐྱོང་[རྐྱོང་]ལ་མིག་མཐོ་སྐྲ་འདེབ་[འདབ་]འདར། །གཏིང་དབང་མ་འཁྲུག་ཆོལ་[ཆལ་]ཆོལ་བག་རེ་སྨྲ། །ལྕེ་སྟེང་དམར་རྩུབ་རྩ་ཆུའི་ཚ་བ་མེད། །འདི་ལ་[ལས་]ཐལ་ན་སྨྱོ་བར་འགྱུར་ཡང་སྲིད། །གཉིས་པ་བྱེ་བྲག་སོ་སོར་བརྟགས་པ་ནི། །ཁ་ལེན་[སླ་]གཉིད་ཡེར་སྐྲ་འདར་གདོང་བྱད་སྐྱ། །རིམས་ཀྱིས་སྟོངས་ན་རྐང་ལག་རེངས་ཤིང་ན། །ཁྲག་སྟོངས་གཉིད་ཆེ་ཁ་ལབ་[སླ་]མིག་ལྕེ་སེར། །འཁྲིས་གཏོངས་[མཁྲིས་སྟོངས་]གཉིད་ཡེར་ཁ་བླང་[སླ་]མིག་ལྕེ་སེར། །བད་ཀན་སྟོངས་ན་རུལ་[རྔུལ་]ཆེ་གཉིད་པའི་དུས། །ཤེས་པོ་[པ་]ཟ་ཟི་མང་པོ་འཆོལ་བ་ཡིན། །ཆུ་སེར་སྟོང་[སྟོངས་]ན་མིག་གིས་ཟ་ཟི་མཐོང༌། །གཉིད་མེད་དབང་པོ་འཁྲུལ་ནས་སྨྱོ་ཚུལ་སྟོང་[སྟོན]། །གློ་སྙིང་སྟོངས་ན་གཉིད་དང་ཟུག་གཟེར་ཆུང༌། །ལུས་དྲངས་[རེངས་]པོ་འཐབ་[སོ་འཐམ་]རླབ་ཆལ་[བླ་འཆོལ་]བྱེད་པའོ། །བདུན་པ་སྟོངས་ཚད་བཅས་[བཅོས་]སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་པའི་ཚུལ་དང་གཉིད་[གཉེན་]པོ་གཉིས། །བཅོས་པའི་ཚུལ་ལ་ཚ་བ་སྟོངས་པ་དེ། །རླུང་དེ་བཅོས་ན་ཚ་བ་སྐྱེ་དགོས་[དོགས་]པས། །ཚ་བ་སྟོངས་ལ་ཁས་དྲགས་[ཁ་དྲག་]དཔུང་པ་གཉིན་[གཉའ་]ཚུལ་བཅོས། །རྩ་སྟོངས་འཕྲས་[འཕྲང་]ཁ་མེས་བསྡམ་སོ་བས་བཅས་[བཅད]། །རླུང་སྟོངས་བསྙོན་[སྨྱོན་]པ་མལ་དུ་གཞུག་ཚུལ་ཏེ། །ཟས་དང་སྨན་གྱིས་རླངས་བརླན་ཚ་བ་བསྲུང་། །ཚ་བ་སྟོངས་པ་གཞུག་ཏུ་རུས་པ་ལྔ། །ཆང་བྲེ་ཕྱེད་ནི་སུམ་གཉིས་གདུས་ཁུར་[ཁུ་]རུ། །ག་བུར་ཇུ་[ཅུ་]གང་ཀ་ར་སྦྱར་ལ་བཏང༌། །སྨན་ཞུ་རྔུལ་འདོན་ཚོགས་གུས་[ཚོ་ཁུས་]རྔུལ་རྗེས་རླུང་མནན་དགོས། །དེ་ནས་ཐོང་ཚོར་[ཚེར་]བལ་རྩེ་[ཚི་]རུས་ཁུར་བཙེར་[བཙིར]། །བིག་པན་ཤིང་ཀུན་བུར་སྦྱར་ནང་ནུབ་བཏང༌། །ཡང་ན་བིག་ཡན་[པན་]ཐལ་བ་ཨ་རུ་ར། །འཛའ་[ཛཱ་]ཏི་རུ་རྟ་སྤོས་དཀར་བུར་[བུ་]རམ་སྦྱར། །དགོས་[དགོང་]དང་ཐོ་རངས་རུས་ཁུས་འཕུར་[འཕུལ་]ལ་བཏང༌། །རླུང་དང་ཚད་པ་དུས་གཅིག་འཇོམས་པར་བྱེད། །ཙན་དན་སུག་སྨེ་[སྨེལ་]བསེལ་[བསིལ་]གསུམ་ཨུཏ་དཔལ་[ཨུཏྤལ་]སླེ་ཁྲེས་[ཏྲེས་]དང་། །སེལ་[སེ་]འབྲུ་པི་པི་ལིང་དང་བིག་པན་ཐལ། །བུ་[བུར་]དཀར་སྦྱར་བས་གུང་གཉིས་རུས་ཁུས་འཕུལ། །དཔྱད་ན་[ནི་]དགོང་དང་ཉི་མ་ནུབ་པའི་དུས། །ཚིགས་པ་དྲུག་བདུན་ཨན་དོན་[སྟོང་]ཚོས་པར་བསྲིག་[བསྲེག] །གཟེར་མིག་འབའ་ཁ་[ཆ་]དུས་སྙིང་[རུས་རྙིང་]འོལ་སྐམ་[སྐོམ་]མམ། །འཁར་གོང་སྲིན་ཅན་ཆང་བྲན་བསྲོས་པས་བདུག །ཁ་ཟས་ལུག་ཤ་ཉི་བུ་[ཉེའུ་]ནང་ནུབ་བཏང་། །བ་གླང་རི་དྭགས་ཤ་སེར་[གསར་]ཉིན་གུང་བཏང༌། །སྐོམ་དུ་སླེ་ཁྲིས་[ཏྲེས་]བུར་རྙིང་བསྡུས་པའམ། །གསར་འཇམ་འོ་མ་བསྐོལ་གྲང་བུར་དཀར་བཏབ། །ལུས་ཟུངས་ཚ་བ་ནད་ཁམས་བསྟུན་ལ་བསྟེན། །སྤྱོད་ལམ་སེལ་འབྲུ་[བསེར་བུ་]ཐོག་ཁབ་[ཁེབས་]མེད་དང་མི་སྙན་གཏམ། །དྲག་ཤུག་[ཤུལ་]ཅ་ཅོ་འདུ་འཛིན་[འཛི་]སྤངས་བྱས་ལ། །ཡིད་འོང་གྲོགས་བསྟེན་དྲོ་བའི་གནས་སུ་བསྡད། །དེ་ལྟར་བྱས་ཀྱང་བཅོས་མི་ལེན་ཚ་འཕེལ་ན། །ཟས་ཀྱིས་རླུང་མནན་བསེལ་ལྟར་[བསིལ་གཏར་]དེས་མི་ཐུབ། །དང་པོ་སྤྱི་གཙུག་ཐེབ་[མཐེབ་]སྙིང་དྲུག་པ་བསྲོ། །རུ་རྟ་ཛཱ་ཏི་སྤོས་དཀར་ཨུད་དཔལ་[ཨུཏྤལ་]དང་། །ཨ་དཀར་[གར་]ལྔ་སྦྱར་རུས་ཁུས་འཕུལ་ལ་བཏང་། །དེས་མ་ཐུབ་ན་བདུན་ཁུང་[སྡུད་སྒོ་]བདུན་པ་དཀར་ནག་མཚམས་བསྲིག་[བསྲེག་]ལ། །འཕྲང་བསྡམ་ཚད་རླུང་འབྲོས་སྒོ་འགག །ག་པུར་ཙན་དན་ཛ་[ཛཱ་]ཏི་སྙིང་ཞོ་ཤ །ཅུ་གང་ན་[ནཱ་]ག་དེག་སེར་[གེ་སར་]ཀ་ར་སྦྱར། །གུང་གཉིས་བཏང་རྗེས་སྦང་སྐམ་རུས་རྙིང་བརྡུང་། །ཆང་བཙོས་ལུས་ཀུན་དྲིལ་ལ་རྔུལ་མང་འདོན། །དེ་རྗེས་རྩ་འཕྲང་གང་[གོང་]བཞིན་མེ་ཡིས་བསྡམ། །ཟས་དང་སྤྱོད་ལམ་གོང་མ་ཅི་[ཇི་]བཞིན་ནོ། །རླུང་སྟོངས་ཚ་བས་རླུང་དུ་ལོག་འགྱུར་ནས། །ཟས་སྐོམ་ཚ་འཇམ་བུར་དཀར་ལུག་ཤ་དང༌། །མར་ཚིག་[ཚིགས་]བཙག་ཆད་[ཙག་བཅད་]ཕྱེ་བཏབ་ཤ་ཁུ་དང་། །འོ་མ་བཅའ་ལྒ་རྒྱམ་ཚ་བཏབ་ལ་བཏང་། །ཡང་ན་ཆང་དང་བུ་རམ་དཀའ་[དཀར་]བཏབ་བཏང་བ་ཡིན། །ཕལ་ཆེ་[ཆེར་]འདོན་སྦྱོར་བྱས་ལ་ནང་ནུབ་བཏང༌། །དེས་རླུང་མ་ནོན་ལོ་ལོན་མར་ཤ་ཆང་དང་ཡུག་[སྤྲུག] །རླུང་གསང་བསྐུན་[བསྐུ་]མཉེ་ཡོས་དང་སྤ་འདུ་[འུས་]བདུག །ཤིང་ཀུན་འཛའ་[ཛཱ་]ཏི་ལྒ་དང་ཁ་རུ་ཚ། །བིག་པན་སླེ་ཁྲིས་[ཏྲེས་]བུ་རམ་རུས་པས་[ཁུས་]དབུལ། །བདུན་དྲུག་དང་པོ་བདུད་ཁུང་[སྡུད་སྒོ་]མ་[མེ་]ཡིས་མནན། །སྨྲ་ལབ་མི་བཅོལ་[ཅོལ་]མུན་ཁུང་ནག་ལ་བསྙམ་[བསྙལ]། །གཉིས་པ་བྱེ་བྲག་སོ་སོར་བཅོས་པ་ནི། །རམས་[རིམས་]ཀྱི་སྟོང་[སྟོངས་]ལ་གཏར་ཁ་སྤངས། །ལུག་ཤ་ཆང་འཇམ་བསྐུ་མཉེ་གཉིད་ཀྱིས་བཅོས། །བིག་པན་སླེ་ཁྲིས་[ཏྲེས་]ཀ་ར་རུས་ཁུས་དབུལ། །ཁྲག་སྟོངས་ཆང་དང་ཉིན་གཉིད་མེ་བཙའ་སྤངས། །མཐིལ་བཞི་སྣུམ་བྱུག་འབུས་[འབྲས་]གསུམ་པའོ་[པའི]། །ཐང་བཏང་ཤ་གསར་འཇམ་པ་ཁུ་ཐང་བསྟོང་[གཏོང་]། །མཁྲིས་པས་སྟོངས་ན་མཆོག་ཏུ་ཤ་ཆང་གནོད། །བྱང་བུའི་བསྐུང་[བསྐུ་]མཉེ་འཇམ་ཐང་བཏང་ལ་གཉིན་[གཉིད་]མི་དྲུག་[བསྲུངས]། །བན་[བད་]ཀན་སྟོངས་ན་མར་དང་གཏར་ག་སྤངས། །ཆུ་བསྐལ་[སྐོལ་]ཤ་གཡ་[གསར་]བཏང་ཞིང་སྐུ་[བསྐུ་]མཉེ་བྱ། །འབྲས་བུ་གསུམ་ཐང་བཏང་ལ་རྔུལ་མི་ཕྱི། །ཆུ་སེར་སྟོངས་ན་མར་ནག་སངས་[སྤང་]བར་བྱ། །ཤ་ཆང་རྙིང་པ་བཏང་ནས་གཉིད་མི་དྲུང་[བསྲུང་]། །འབྲས་གསུམ་མར་བཏང་ལྔ་བདུན་མེ་ཡིས་བསྲེག གློ་སྙིང་སྟོངས་ན་བསིལ་དང་གཏར་ཁ་སྤངས། །རུས་ཐལ་ཤ་གསར་འཇམ་པ་བསྐུ་མཉེ་བྱ། །སྤྱི་བཅོས་གཞུང་བློང་[ལོངས་]བྱེ་བྲག་ཆད་ལགས་ཐོགས། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་སྟོངས་ཚད་བཅོས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།



 

མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:40 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།