སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་ཉེར་བཞི་པ། ལུམས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.08.2023
སྨན་འབུམ་དཀར་པོ། >>



ལེའུ་ཉེར་བཞི་པ། ལུམས་བསྟན་པ།

དེ་ནས་ཡང་གསོ་བྱེད་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། དཔྱད་པ་ལུམ་གྱི་(ལུམས་ཀྱི་)སྡེ་རུ་གསུངས་པ་ཡང་། བདག་ཅགས་(ཅག་)འཁོར་རྣམས་ཀུན་ལ་བཤད་དུ་གསོལ། དེ་སྐད་ཞུས་ཏེ་སྟོན་པས་བཀའ་སྩལ་(བསྩལ་)པ། དཔྱད་བུ་ལ་སོགས་གསོ་བ་རིག་པ་འཛིན་པ་ཀུན།། བཞི་པ་ལུམས་ཀྱི་སྡེ་ལ་གསུམ་ཡིན་ཏེ།། ནད་གཞི་ལུམས་བཅོས་འགྲོ་འམ་མི་འགྲོ་དང་།། དངོས་གཞི་ལག་ཏུ་བླང་བའི་བྱ་ཐབས་དང་།། ལུམས་ཀྱི་ཡོན་ཏན་བསྟན་པ་གསུམ་ཡིན་ཏེ།། དང་པོ་ནད་གཞི་ལུམས་བཅོས་འགྲོ་དང་མི་འགྲོ་གཉིས།། འགྲོ་བ་ཡན་ལག་ཞ་ཞིང་འཁུམ་(འཁུམས་)པ་དང་།། རྨ་གསར་རྨ་རྙིང་འབྲས་ལྷོག་སྐྲངས་པ་དང་།། ཚ་བས་སྒུར་པོ་ཤ་རུས་ཆུ་སེར་གཡོ།། རླུང་གིས་ནད་རིགས་ཀུན་ལ་འགྲོ་བ་ཡིན།། མི་འགྲོ་བ་ནི་འཁྲུགས་རིམས་ཚ་རྒྱས་དང་།། སྐྱ་སྦབ་(རྦབ་)ཉམས་ཆུང་ཡི་ག་འགག་པ་སྤང་།། ལུས་གནས་མིག་དང་མཁུར་བ་རླིག་པ་དང་།། སྙིང་ཁ་ལྟོ་བའི་གནས་སུ་ལུམས་མི་རུང་།། གཉིས་པ་དངོས་གཞི་ལག་ཏུ་བླང་བའི་བྱ་ཐབས་ནི།། ཆུ་ཡི་ལུམས་དང་བཅིང་པའི་ལུམས་གཉིས་ཏེ།། དང་པོ་ཆུ་ཡི་ལུམས་ནི་འདི་ལྟ་སྟེ།། ཆུ་ལུམས་སྤྱི་ཐུན་(མཐུན་)ལས་གྲུབ་ཆུ་ཉལ་བྱ།། འགྲམས་འཁྲུགས་ཚད་རྙིང་བྱེར་ཞིང་ཞེན་པ་དང་།། རྩ་རྒན་རྩ་ནད་རྨ་རྒན་འབྲས་ལ་ཕན།། ལུས་པོ་རེངས་འཁུམ་(འཁུམས་)ཤ་སྐེམ་སྒུར་པོ་སེལ།། ཆུ་ཚན་མ་གྲུབ་རླངས་ཀྱི་ལུམས་བྱས་ཏེ།། རླུང་ཐུབ་(རླངས་ལུམས་)ཆུ་ཚན་བཅིང་(སྤྱིང་)པས་གོང་བཞིན་འགྲུབ།། བདུད་རྩི་རྣམ་པ་ལྔ་དང་མི་རུང་བཙའ་མ་ཡི།། ཆུ་ཚན་བརྡབས་པའི་རླངས་ཀྱི་ལུམས་བྱས་ནས(ན)།། ཚད་རླུང་འདྲེས་པ་རླུང་གི་ཟུག་གཟེར་འཇོམས།། མཁན་པ་བུལ་ཏོག་ཕབས་ཚུར་སྦྱར་བ་ཡི།། ཆུ་ལུམས་རྨ་རྒན་སྐྲངས་དང་ཞ་རེངས་སེལ།། གཉིས་པ་བཅིང་པའི་ལུམས་ལ་རྣམ་པ་གཉིས་ཡོད་དེ།། ཚ་སེལ་གྲང་ལུམས་གྲང་སེལ་ཚ་ལུམས་གྱིས།། དང་པོ་ཚ་བ་སེལ་བའི་གྲང་ལུམས་ནི།། མགོ་ཆག་རྩ་ཁ་བྱེ་ལ་འབྲུ་ལུམས་ནི།། ཁྱི་ལྕེ་མཛོ་ལྕི་ཞོ་སྦྱར་རྩ་སྐྲངས་སྡོམ།། རྩ་བྱེར་མེ་ཏོག་སྣ་ཚོགས་ལུམས་ཀྱིས་འདུལ།། རྩ་འགྲམས་སྐྲངས་པ་འབྱམས་པའི་རིགས་རྣམས་ལ།། རེ་ལྕག་མཁན་རྩ་སྤྲུ་རྩ་མཚེ་ཤིང་དང་།། སྤང་སྤོས་དྲི་ཆུར་བཅོས་པའི་ལུམས་ཀྱིས་བསྡོམ།། རྩ་དཀར་ཆད་སྣད་(བསྣད་)གཟའ་ཕོག་མཁལ་རྩ་འགྲམས།། བདུད་རྩི་ལྔ་དང་གླ་རིལ་ཆང་བཙོས་བསྡམ།། ཚད་རྙོང་(རྙོགས་)བྱེར་བ་ཚན་དང་སྲོ་ལོའི་ལུམས།། མཛེ་དུག་གླ་རྩི་ར་རིལ་དྲི་ཆུའི་ལུམས།། དབྱིག་གི་དུག་ལ་རྟེན་གྱི་ནབ་(ན་)བཟའ་དང་།། ཁྲུ་གང་ས་བརྐོ་དྲི་ཆུར་བཙོས་ལུམས་བསྡམ།། གཉིས་པ་གྲང་བ་སེལ་བའི་དྲོད་ལུམས་ནི།། ཡན་ལག་ནད་དང་སྐྲངས་པ་འབྱམས་པ་ལ།།   ར་དུག་སྤྱང་ཚེར་ར་(རི་)ཤོ་བྲེ་(བྱི་)བྲུན་དང་།། སྦྲང་དཀར་བཙོས་པས་ཆུ་ལོག་གྲང་སྐྲན་བདུག། ཡན་ལག་ཆུ་སེར་སྐྱ་རྦབ་སྦོས་པ་ལ།། རྟ་རྐྱང་བོང་བུའི་གློ་(སློ་)དྲོན་ལུམས་སུ་གཞུག། རྨེན་འབྲས་ཕུག་རོན་རིལ་མ་ཆང་བཙོས་ལུམས།། འབྲས་འདུལ་མི་ཡི་མགོ་རྐང་ཉྭ་ཡི་ཤ། སྤྲུ་རྩ་རེལ་(རེ་)ལྕག་ཆང་བཙོས་ལུམས་སུ་བཅུག། རྡོ་སྐྲན་འདུལ་ན་སྤྱང་ཚེར་ལྕེ་ཚ་མ།། མཁན་པ་ལྕ་འབྲུམ་བྱི་བྲུན་སྦྲང་དཀར་དང་།། སྒ་སྤོད་སྦྱར་བའི་ལུམ་(ལུམས་)སུ་བཅུག་པ་ཡིན།། འཁྲུགས་རིམས་རྐང་དང་རུས་པ་ན་བ་ལ།། ཁྲུ་གང་འོག་ས་དྲི་ཆུར་བཙོས་ནས་བཅུགས(བཅུག)། རླུང་འཕྱོ་བསྙོ་(སྨྱོ་)འབོག་ཚད་རླུང་སྙིང་སྣའི་ལུམས།། རུས་རྡེམ་(ཏྲེམ་)ཚབས་ནད་མི་རུས་བ་སྤྲུའི་ལུམས།། རུས་ཚིག་(ཚིགས་)ཚིག་(ཚིགས་)པ་ཀུན་ཀ་གཟེར་བ་ལ།། རུས་སྣ་ཆང་བཙོས་ལུམས་སུ་བཅུག་ན་ཕན།། རླུང་སྐྲངས་ཡུང་ནག་བརྡུང་བ་ཆང་བཙོས་ལུམས།། དེ་ལྟར་གསང་འདུལ་ལུམས་ཀྱིས་སེལ་བར་བྱེད།། གསུམ་པ་ལུམས་ཀྱི་ཡོན་ཏན་བསྟན་པ་ནི།། རླུང་སེལ་སྐྲང་བཤིག་སྐམ་པའི་(སྐེམ་པོའི་)ཤ་རྣམས་རྒྱས།། ཞེས་གསུངས་སོ།།

སྡུག་བསྔལ་ཞི་བྱེད་གསོ་བ་སྨན་འབུམ་དཀར་པོ་ལས་དཔྱད་མཆོག་ལུམས་ཀྱི་སྡེ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།



མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 10:25 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།