སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་དོན་བདུན་པ། རྨ་སྤྱི་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་དོན་བདུན་པ། རྨ་སྤྱི་གསོ་བ། 

དེ་ནས་ཡང་གསོ་བའི་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་བ། ཀྱེེའ་[ཀྱེེ་]མཚོ་[འཚོ་]མཛད་སྨིན་[སྨན་]པའི་རྒྱལ་པོ་ཆེན་པོ་ལགས། །འདུ་བ་རང་འབྱུང་བཅོས་ཐབས་དེ་ཡིན་ན། །ཕ་རོལ་རྐྱེན་ལས་འབྱུང་པའི་རྐྱེན་ནད་དུ། །གསུངས་པའི་རིག་པ་བདག་ལ་བསྟན་དུ་གསོལ། །དེ་སྐད་ཞུས་ཏེ་སྟོན་པས་བཀའ་སྕལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །རྐྱེན་གྱི་ནད་ལ་རྣམ་པ་གསུམ་ཡིན་ཏེ། །བཅད་བཏུབ་[གཏུབས་]མཚོན་གྱིས་བཅད་རྐྱེན་དང་བར་ཆོད་བགེགས་ཀྱིས་རྐྱེན། །སྦྱོར་བ་དུག་གིས་རྐྱེན་དང་གསུམ་ཡིན་ཏེ། །མདོ་གནས་བཅུ་པ་མཚོན་རྨ་བཅོས་ཐབས་བསྟན། །རྨ་ལ་གཉིས་ཏེ་རང་འབྱུང་ལྷན་སྐྱེས་རྨ། །ཕ་རོལ་རྐྱེན་གྱིས་བཅད་པའི་མཚོན་རྨའོ། །རང་འབྱུང་རྨ་ཡི་བཅོས་ཐབས་དེ་བཞིན་ལ། །བཅད་གཏུབ་མཚོན་གྱིས་རྨ་ལ་དགུ་ཡིན་ཏེ། །རྒྱུ་དང་རྐྱེན་དང་ངོ་བོ་མིང་དང་བཞི། །གནས་པའི་ས་དང་དབྱེ་བ་རྟག་[རྟགས་]དང་བདུན། །བཅོས་ཐབས་ལོག་ནོན་དགུ་ཡི་སྒོ་ནས་སྟོན། །དང་པོ་རྒྱུ་ནི་ཞེ་སྡང་དྲག་ཤུགས་[ཤུལ་]ལས་ཀྱིད་[ཀྱིས་]ཏེ། །གཉིས་པ་མདའ་རྡོ་གྲི་མདུང་རྭ་ཤིང་མཆེ་བ་མེ། །ལུས་ལ་ཕོགས་[ཕོག་]པས་གློ་བུར་རྨ་རུ་རལ། །གསུམ་པ་ང་[ངོ་]བོ་ཁྲག་འཛག་སྲོག་གཉན་སྡུག་ཅིང་བསྔལ། །བཞི་པ་ལྤགས་[པགས་]པ་ཤ་གདན་རལ་བས་རྨ་ཞེས་བྱ། །ལྔ་པ་གནས་པ་[ས་]ལྤགས་[པགས་]པ་ཤ་དང་ཆུ་རྒྱུས་རྩ། །ཚིགས་དང་རུས་པ་དོན་སྣོད་བརྒྱད་ལ་གནས། །དྲུག་པ་དབྱེ་བ་རང་འབྱུང་རྐྱེན་གྱིས་བཀྲལ་[དབྲལ་]རྨ་གཉིས། །ལྷན་སྐྱེས་རྨ་ལ་ཕྱི་རྨ་རྡོལ་བ་དང་། །བར་རྨ་ཟུག་པ་ནང་རྨ་ཟ་ཁུ་གསུམ། །བྱེ་བྲག་བརྒྱད་བསྟན་མདོ་གནས་གོང་མར་སོང་། །གློ་བུར་རྐྱེན་གྱི་རྨ་ལ་རིག་[རིགས་]གནས་གཉིས། །རིག་[རིགས་]ཀྱིས་དབྱེ་ན་གཤགས་བཤུས་བཅད་པ་དང་། །རྣམ་པར་བཅད་དང་རབ་ཏུ་འཕྱང་བ་དང་། །ལྷུང་དང་གྲུབ་[གྲུམས་]དང་ཕྲུག་[ཕུག་]པ་དང་ནི་བརྒྱད། །གནས་ཀྱིས་དབྱེ་ན་མགོ་དང་ཁོག་སྟོད་དང་། །ཁོག་སྨད་ཡན་ལག་རྨ་དང་བཞི་རུ་བསྟན། །དེ་རྣམས་འདུས་པ་སྐེ་ཡི་རྨ་དང་ལྔ། །བདུན་པ་དེའི་བརྟག་ཐབས་རྣམ་པ་གསུམ་ཡིན་ཏེ། །རྨ་ཚབས་ཆེ་ཆུང་གསོ་བ་དཀའ་བླ་[སླ་]དང་། །མཚོན་རྕེ་གནད་ལ་སོང་དང་མ་སོང་བརྟགས་པ་དང་། །སྐྱོན་ཡིན་མ་ཡིན་བཏག[བརྟག་]པ་དང་ནི་གསུམ། །དང་པོ་གནས་དང་རང་བཞིན་རྐྱེན་གྱིས་འཚོ་བ་དཀའ་བླང་[སླ་]གསུམ། །རྨ་གནས་མིག་དང་རྣོ་[རྣ་]བ་རྣ་[སྣ་]སོ་དང་། །མུར་ཁུང་རྩིབ་ལོགས་བྲང་ནང་ལྟེ་བ་དང་། །ནུ་མ་མཆིན་[མཆན་]ཁུང་རླིག་པ་རུས་མགོ་དང་། །སྒལ་ཚིག་[ཚིགས་]ཆུ་རྒྱུས་ལས་བྱེད་ཚིག་འཚམས་རྐང་[ཚིགས་མཚམས་དཀའ]། །རྨའི་རང་བཞིན་ཐུར་དུ་ཕུག་འཚས་[ཕུགས་འཆས་]དང་། །ཟུག་རྔུ་ལས་[ལུས་]དང་ཉ་[ཉྭ་]འཁྲོས་ཆུ་རྒྱུས་རུལ། །རྩ་ཆད་ཚིགས་འཁོར་འབུ་ཞུགས་རུས་མཛེར་ཡོད། །ནང་[ནད་]སྐྱོན་མ་སྦྱང་ཡིན་བཅས་གསོ་དཀའ་ཡིན། །རྐྱེན་ནི་སྣུམ་དྲག་[དྲགས་]ཟས་སྨན་སྙུང་[སྨྱུང་]བར་འདུག །ཉིན་པར་ཉིད་[གཉིད་]ལོག་བུ་[བུད་]མེད་བསྟན་[བསྟེན་]པ་དང་། །བསྒུལ་བསྐྱོད་སྔས་པས་རྨ་ལད་[རེད་]འཚོ་བ་དཀའ། །དེ་ལས་གོ་བཟློག་[ལྡོག་]རྨ་ནི་གསོ་བ་བླང་[སླ]། །གནད་དུ་སོང་བ་གསོས་ཀྱང་འཚོ་མི་འགྱུར། །གཉིས་པ་གནད་དུ་སོང་རྟགས་ཤ་ཚིལ་རུས་པ་དང་། །ཆུ་རྒྱུས་དོན་རྩ་སྣོད་བདུན་ཡིན་ཏེ། །ཤ་སྣད་[གནད་]སྐྲངས་ཤིང་བྱེར་ལ་འཁྲོ་བ་ཡིན། །ཚིལ་གྱི་རྣད་[གནད་]ལས་སོང་ན་ལྷོག་ཐབས་འཁྲོ། །རུས་ནད་[གནད་]ན་ཞིང་རུས་ཚད་རྐུན་བུར་བསྐྱེད། །ཆུ་རྒྱུས་གནད་ལ་སོང་ན་ཞ་རིངས་[རེངས་]འགྱུར། །དོན་སྣོད་ཟུག་གཟེར་ཆེ་ཞིང་གཟི་མདངས་འཆོར། །སྣོད་གནད་སྦོས་འཁྲུག་གཟེ་[གཟེར་]ཆེ་དྲི་ཆུ་བསྡོམ། །རྩ་གནད་རྩ་ཚད་སྐྱེ་ལ་འདུ་བ་འཁྲུག །མདོར་ན་སྒོ་གསུམ་མི་འཆོལ་གནད་ལ་དབབ། །གནད་ལ་མ་སོང་ཟུག་མེད་དངས་[དང་]ཁ་བདེ། །ལུས་ཡང་བྱ་བའི་ལས་ལ་བློ་མི་ལྡོག །རྨ་སྐྱོན་རྟག་[རྟགས་]ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་རྟགས་རྨ་ཁ་ཕྱིར་རྒྱས་ནང་དུ་ཞུམ་པ་འམ། །ཤིན་ཏུ་སྲ་སྙི་མཐོ་འམ་དམའ་བ་དང་། །ཚ་དང་དྲོད་མེད་དམར་ནག་སྔོན་[སྔོ་]སྐྱའམ། །དྲི་མ་རྣམ་རུས་[མནམ་རུལ་]ཡིད་དུ་མི་ཞིམ་བྲོ། །བྱེ་བྲག་ཡིན་པས་འགྲམ་[འགྲམས་]དང་བྱེར་བ་དང་། །གཞའ་དང་བསྙོས་[སྨྱོ་]དང་རུས་[རུལ་]ཟན་ཅན་དང་དྲུག །དང་པོ་འདུ་བ་ཡིན་དང་ཟས་སྤྱོད་མིན་ལ་འཇུག །འདུ་བ་ཡིན་པ་རླུང་མཁྲིས་ཁྲག་དང་བད་ཀན་བཞི། །རླུང་གྱུར་སྔོ་ནག་དམར་སྨུག་སྐྱབ་[སྐྱ་]བ་ལ། །ལྤགས་[པགས་]རྩུབ་ཙེག་གེ་[གས་]བྱེད་སྙམ་རྣག་ཆུ་སླ། །འཁྲིས་[མཁྲིས་]གྱུར་དམར་སེར་ཚ་བབ་ཟུག་གཟེར་ཆེ། །མྱུར་བར་འདྲུལ་ཞིང་དྲི་མནམ་ཆུ་སེར་མང་། །ཁྲག་གྱུར་མདོག་དམར་ཚ་འཁྱུག་ཁྲག་ཏུ་འཛག །བད་གྱུར་ཟུག་ཆུང་འདྲད་འགྲུད་མང་ལ་སྐྱེ[སྐྱ]། །ཟས་ཀྱིས་ཡིན་ལ་ཟས་ཟིན་སྐོམ་ཡིན་གཉིས། །ཟས་ཡིན་རྨ་སྐམ་སྦོམ་ལམ་[སྦོས་སམ་]འཇིག་པར་བྱེད། །སྐོམ་ཡིན་ལུས་རྔུལ་རྣག་གཤེར་ཆུ་རྣག་མང་། །སྤྱོད་ཡིན་ཉི་ལྷག་[ལྷགས་]གཉིད་ཆགས་འཇིག་[འཇིགས་]པ་ལྔ། །ཉི་ཡིན་རྣག་སྔོ་རྨ་ཧྲིང་[ཧྲིད་]གཉེར་མ་མང་། །ལྷག་[ལྷགས་]ཡིན་སྔོ་སྐྱ་གྲང་འབྲུམ་འོང་བ་ཡིན། །གཉིད་ཡིན་དབང་པོ་མི་གསལ་ཟས་མི་འདོད། །ཆག་[ཆགས་]ཡིན་རྨ་ཁ་དབྱེ་ཞིང་ཁྲུ་ཅིག་[ཁུ་ཚིགས་]འོང་། །འཇིགས་ཡིན་སྐྲང་ཞིང་གྲོགས་མེད་རྨ་ཁ་སྐམ། །གཉིས་པ་འགྲམ་[འགྲམས་]པ་ཞེ་སྡང་དྲག་ཤུལ་ཉི་མ་རྟ། །ཟས་དང་གདོན་གྱིས་འགྲམ་[འགྲམས་]པ་རྣམ་པ་དྲུག །ཞེ་སྡང་འཁྲོ་འཚིག་ཆུ་སེར་ཚ་བ་སྐྱེ། །དྲག་ཤུལ་འགྲམ་[འགྲམས་]པ་སྐྲང་དྲག་ཁྲག་ཚད་སྐྱེ། །ཉི་མས་འགྲམ་[འགྲམས་]ན་རྨ་སྐམ་ཆུ་བུར་འོང་། །སྨུག་པོར་སྐྲང་ཞིང་རྣག་མདོག་དམར་རྩ་འོང་། །རྟས་འགྲམ་[འགྲམས་]འགྲོ་འདོད་མདོག་སྐྱ་རྔུལ་ཞིང་ཚ། །ཟ་དྲགས་འགྲམ་[འགྲམས་]ན་རྨ་ལོག་ཚ་བ་སྐྱེ། །གདོན་འགྲམ་[འགྲམས་]ཚིགས་པ་ཟ་ལ་ཐོར་པ་འོང་། །གསུམ་པ་བྱེར་བས་ལྤགས་[པགས་]ཤ་ཚིལ་རུས་རྩ་ཚིག་[ཚིགས་]དྲུག །ལྤགས་[པགས་]བྱེར་ལྤགས་[པགས་]མདོག་རྣག་ཆུས་ཟོས་པ་དེས། །བྱེར་བས་ཤ་སུལ་བྱེ་ནས་རྣག་བྱེར་དང་། །ཚིལ་བྱེར་དྲེག་དང་ལྤགས་བྱེད་[པགས་བྱེར་]རྣམ་[རྣམས་]སུ་ཞུགས། །རུས་བྱེར་ཤ་རུས་བར་དུ་རྣག་ཞུགས་[ཞུགས་]དང་། །ཚིག་[ཚིགས་]བྱེར་ཕྱི་ཚིག་[ཚིགས་]ནང་ཚིག་[ཚིགས་]འཁོར་བའོ། །རྩ་བྱེར་རྩ་ལ་ཆུ་སེར་གྲམ་པ་ཡིན་[ཡིས]། །འཁྲུག་ཅིང་སྐང་ལ་རྕ་འབྲུམ་འོང་བ་ཡིན། །བཞི་པ་གཞལ་ལས་[གཞའ་ལ་]ཤ་རུས་ཚ་གྲང་བཞི། །ཤ་བཞི་[གཞའ་]ཤ་བུ་[འུ་]སྐྱེ་རུ་མི་འདོད་དང་། །རུས་གཞའ་རུས་པའི་སྟེང་ནས་ཤ་མི་སྐྱེ། །ཚ་གཞའ་རྨ་ཁ་ཤི་ལ་རླངས་པ་ཆེ། །གྲང་གཞའ་དྲོད་ཤོར་རྨ་ཁ་ཤི་བ་ཡིན། །ལྔ་པ་བསྙོས་[སྨྱོ་]པས་ཤ་ཁྲག་རུས་པ་རྣག་བསྙོ་[སྨྱོ་]བཞི། །ཤ་སྙོ་[སྨྱོ་]ཤ་བུ་[འུ་]འཐུག་སྦོས་རྨ་ཁ་ལུད། །ཁྲག་བསྙོ་[སྨྱོ་]སྨུག་ནག་རེག་ན་ཁྲག་རྣག་འཛག །རུས་བསྙོ་[སྨྱོ་]རུས་སྟེང་ཤ་བུ་[འུ་]འཛེར་བ་སྐྱེ། །སྣག་བསྙོ་[རྣག་སྨྱོ་]ཆུ་རྣག་མང་ལ་རྨ་ཁ་མཐོ། །དྲུག་པ་རུས་[རུལ་]ཟན་རྔུལ་[རུས་]པ་ལས་[ལུས་]དང་ཟུག་རྔུ་ལས་[ལུས]། །རྣག་ཤ་མ་ཐོན་རྨ་ཡི་རུས་[རུལ་]ཟན་བཞི། །རུས་པའི་རུས་[རུལ་]ཟན་རྨ་[ཁ་]མཐོ་ལ་སྦོ། །རྣག་ཆུ་འཆད་[ཆད་]དུ་མི་འདོད་བསྲོ་[སྲོ་]མ་ཅན། །ཟུག་རྔུའི་རུས་[རུལ་]ཟན་རྨ་ཁ་བྱེ་ཕོར་[འཕོངས་]ཆགས། །རྣག་མདོག་བཙན་[ཙན་]དམར་མི་འཆད་[ཆད་]ཁྲག་ཅན་འཛག །རྣག་གི་རུས་ཟན་སྐྲངས་པ་སྐྱ་ལ་བེམ། །རྣག་ལ་སྐྱེ་འབྲི་ཆེ་ཞིང་དྲི་མ་མནམ། །རྨ་ཡི་རུས་[རུལ་]ཟན་རྨ་ཡིས་སྨན་མི་འཇུ། །ཡང་ན་རྨ་ཁ་ཕྱིད་ན་རློན་པར་འགྲོ། །ཡང་ན་རེད་འབྱོངས་སྐྱོན་མེད་དམར་ཞིང་རེག་མི་བཟོད། །རྨ་མདོག་སྐྱ་སྐམ་ཤ་འུ་དམར་ཙམ་བཅས། །རྨ་ཁ་ལྕགས་གཡས་སྐོར་[བསྐོར་]ཞིང་བླ་གཉན་མེད། །བརྒྱད་པ་བཅོས་པའི་ཐབས་ལ་རྣམ་པ་བཞི་ཡིན་ཏེ། །དངས་[དང་]པོ་སྐྲང་གཞོམ་བར་དུ་ཡིན་[རེད་]པ་སྦྱོང་། །ཐ་མ་ཤ་རུས་གསོ་དང་གསུམ་ཡིན་ཏེ། །ཟས་སྤྱོད་འཕྲོད་དང་མི་འཕྲོད་སྤང་དང་བཞི། །ཐོག་མཐའ་བར་དང་ཀུན་ལ་ཤེས་པར་བྱ། །དང་པོ་རྨ་གསར་ཞག་གསུམ་སྦང་མས་འདུལ། །ཆང་འགགས་སྦང་མས་རླུང་འདུལ་ཆུ་སེར་འཇིབ། །སིང་[སིངས་]པོའི་སྦང་མས་རྨའི་བད་ཀན་སེལ། །སྦང་མ་ཆུ་བསྟོན་[བཏོན་]ཁྲག་འཁྲིས་[མཁྲིས་]ཚ་བ་འཇོམས། །དྲག་[དྲགས་]ན་རྨ་འབྱོར་[འབྱེར་]ཤའུ་རླིག་པ་ལ་བཏང་ན་འཕྱིད། །བྱིད་[བྱད་]དང་མཐིལ་བཞི་ཆུ་རུས་[རྒྱུས་]རུལ་བར་བྱེད། །བྱང་ཁོག་ནང་དུ་བརྡོལ་[བརྟོལ་]བ་ཚ་བ་ལ། །ཁྲག་སྡུད་ཆུ་སེར་རུལ་མྱག་བྱེད་[མཆེད་]པ་ཡིན། །དེ་བས་སྦང་མའི་གཏོང་གནས་ཤེས་པ་[པར་]བྱ། །དེ་འོག་སྐྲངས་པ་ཤོར་ན་འཇིབ་འདུལ་བྱ། །བསིལ་དྲོད་ལྕིབ་[འཇིབས་]གཉིས་རྨའི་ཚ་གྲང་སྦྱར། །འོན་ཀྱང་རྨ་རྣམས་ཕལ་ཆེ་[ཆེར་]ཚ་བ་ཡིན། །འདི་ལ་གྲང་བ་འོང་བ་སྲིད་ཙམ་ཡིན། །བསིལ་བས་བླུག་ཅིག་[ཅིང་]བྱུང་[བྱུག་]དང་བདུག་བྱས་ལ། །མེ་ལྟང་[ལྟར་]སྐྲངས་པ་ཞིང་[ཞི་]བར་འགྱུར་བ་ཡིན། །ཚ་རྒྱུས་[རྒྱུ་]འཁྲིས་[མཁྲིས་]པ་ལྤགས་[ཁྲག་]ལ་གནས་པའི་ཕྱིར། །གང་ཉེ་རྩེ་[རྩ་]རྒྱས་གཏར་ཁ་ཁྲག་ཤེད་སྨད། །མི་ངན་རྗེ་[རྟེན་]བྲལ་གནོད་པ་མི་ནུས་འདྲ། །གནད་ལ་འཛེམ་ལ་ཆུ་རུ་ཙེས་བཅོས་[ཇུ་ཙེས་]ཞལ་ཞལ་བྱ། །རུས་སྟེང་རྣམས་ལ་རུས་པ་ཐུག་པར་བསྲེགས[བརྡེག]། །གནོད་[གནད་]སྟེང་ལྤགས་[པགས་]པ་འཐེན་ལ་འཕྲེད་དུ་བཙག །མེར་སྟོང་ཡོད་པས་ཆུ་སེར་འདུས་བྱ་ཤིང་། །དེ་སྟེང་ཆུ་ཡིས་ཚུག་[ཚུགས་]ཚད་སྦྲེང་བ་ཡིན། །རྗེས་ལ་བསིལ་བའི་ཞུན་ནན་བྱ་བར་ཤིས། །ཡང་ན་སྔབས་ར་[རྔབས་རྭ་]བཙུག་[བཙུགས་]ནས་འབུར་བྱུང་དུས། །བཙག་[གཙག་]བུས་བཀྲལ་[དྲལ་]ནས་ཆུ་སེར་ཡང་ཡང་འཇིབ། །རྩ་གཅུ་[ཇུ་ཙེ་]རྔམ་རས་[རྔབས་རྭས་]ཆུ་སེར་ཡང་ཡང་འདྲེན། །འཕྲལ་དུ་ཟུག་ཆོག་[ཆོགས་]སྐྲངས་འཇོམས་རྣག་མི་འཆོར། །སྔས་ན་འཕར་ཅིང་གདོན་སྐྲངས་འབྱེར་བས་སྤངས། །ཀུན་གྱིས་ཞི་དཀའ་རྩ་འམ་ལྟོ་ནས་སྦྱང་། །རྒྱུ་ཉིད་འཁྲིས་[མཁྲིས་]པ་རྩད་ནས་འདོན་པ་ཡིན། །ཟུག་མེད་སྐྲངས་པ་སྐྲང་[སྲ་]ལ་རླུང་ཤས་ཆེ། །ཉ་སྲམ་ཤའི་ལུམས་བྱ་སྔགས་[བསྔགས་]པ་ཡིན། །སྲ་བསྟན་[བརྟན་]ཟུག་ཆུང་བད་རླུང་འཇོམས་པའི། །ཐང་ཤིང་རྒྱ་སྤོས་ཉུང་བ་མར་དང་སྦྱར། །སྨན་གྱིས་བྱུག་སྟེ་[སྟེང་]དྲོ་བའི་སྤུ་དུག་[དུགས་]བྱ། །དེ་འོག་འབྲུ་གཞོམ་[བཙོས་]གྲོ་ཟན་འདེ་གུས་གཞོམ། །ན་ཚ་ཟུག་གཟེར་ཆེ་ན་ཟར་མར་[མ་]ཏིལ། །ཆ་མཉམ་བརྔོས་ཕྱེ་འོ་མ་སྦྱར་བས་བྱུག །ཤུག་པ་རྒྱམ་ཚ་རུ་ཏ་[རྟ་]ཟར་མ་ཏིལ། །ཕབས་དང་རྟེན་[རྗེན་]ཕྱེ་ཞོ་བཙོས་ཞུན་བྱས་ལ། །ཞི་དཀའ་སྐྲངས་པས་འབྲས་དྲ་[འདྲ་]རྣག་ཏུ་བཀུག །གཉིས་པ་ཡིན་པ་སྐྱངས་[སྦྱང་]བ་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་དབའ་[འབའ་]ཆའི་ལུམས་དང་རུ་[རུས་]ཞུན་ནི། །མི་ཏ[རྟ་]ཁྱི་ལ་སོགས་པའི་རུས་བཙའ་རྣམས། །ཆང་ངམ་འོ་མ་བཙོས་པའི་ཟན་གྱིས་བདུག །ཡང་ན་དུག་སྣའི་ལུམས་ཞུན་ནན་འཕྲོད་ནི། །རེ་ལྗག་[ལྕག་]རི་ཤོ་ཁྱི་ལྕེ་སྦང་དཀར་[གར་]གྱིས། །རྗེས་[རྗེན་]ཐག་ཕྱེ་མ་མར་ནག་དུག་[དུགས་]ཀྱིས་བདུག །ཡང་ན་ས་ནན་རྨ་རྒན་འདུལ་བ་ཡིན། །བྱི་པ་[ས་]སེ་རུལ་ག་པུར་ཡོང་[ཡུང་]བ་དང་། །ཆུ་རྩ་སྙུག་རྩ་རི་བོང་གོང་མོའི་བྲུན། །སྦང་གར་སྦྱར་ལ་ནན་དུ་བྱ་བ་ཡིན། །རྨའི་ཡིན་པ་སྦྱར་[སྦྱང་]བ་དུར་བྱིད་དྷན་དྷ་[དན་ད་]དང་། །ཡང་[ཡུང་]སྐྱེར་ནིམ་པ་ཤིང་མངར་པ་ཏོ་ལ། །རྒྱམ་ཚ་ཏིལ་གྱི་འབྲས་བུས་ཡིན་སྦྱོར་[སྦྱོང་]མཆོག །ཡང་ན་རུ་རྟ་བཞི་འམ་དངུལ་ཐལ་དྲུག །དང་པོ་རུ་རྟ་དུར་བྱིད་ཡུང་བ་རྒྱ་ཚ་གདབ། །གཉིས་པ་དངུལ་ཆུ་རྒྱ་ཚ་དུར་བྱིད་དང་། །ཐར་ནུ་དོམ་འཁྲིས་[མཁྲིས་]མཚལ་དང་དྲུག་ཡིན་ཏེ། །ཞ་ཉེ་དུད་[དུར་]བྱིད་གཅོད་སྦྱར་སྦངས་འཇིབ་བྱ། །ཡུན་རིང་འཚོ་རྐ་[དཀའ་]ཤ་རོ་ལྕགས་ཀྱིས་བསྲེགས། །གཉིས་པ་བྱེ་བྲག་ཡིན་པ་འགྲམ་[འགྲམས་]བྱེར་བ་དང་། །གཞའ་དང་བསྙོ་[སྨྱོ་]དང་རུས[རུལ་]ཟན་དྲུག་པོ་ལ། །དང་པོ་རླུང་གིས་ཡིན་པ་སྦྱང་བ་ནི། །གླུམ་སྦང་ཚ་བ་གསུམ་དང་ཉེའུ་ཤིང་། །ལྕ་བའི་ཆས་བྱས་བསིལ་ཟས་སྨིན་[སྨན་]མི་བཏང་། །འཁྲིས་[མཁྲིས་]ཡིན་ག་པུར་འཁྲིས་པ་[མཁྲིས་སྣ་]ཅུ་གང་དང་། །ཀ་ར་བཏབ་ལ་ཤོ་མང་ངམ་ཞོ་བློན་[གླན་]བྱ། །སེར་བཅས་[བསིལ་ཆས་]བྱ་ལ་སྣུམ་མི་བཏང་། །ཁྲག་ཡིན་དམར་ཆས་བྱ་ལ་མཁྲིས་སྣ་གདབ། །བྱ་བྲུན་དུག་[དུགས་]མི་བཏང་ལ་གཏར་ག་བྱ། །བད་ཀན་ཡིན་པ་སྦྱང་ན་སྔོ་ཡི་ཚ་བ་གསུམ། །འཁྲིས་[མཁྲིས་]སྣ་གསུམ་དང་བཅད་འབྱོར་བཏབ་པ་ཡིན། །སྦང་ཀར་[གར་]ཚ་བ་གསུམ་དང་ཕབ་[ཕབས་]ཀླད་ལ། །གཡེར་མ་ཞོནའི་[ཞོ་]ཆས་བྱ་སྣུམ་དང་སྒོང་མི་བཏང་། །ཟས་ཡིན་ཉ་ལྕིབས་གཡུ་ལོ་ཞོ་བཙག་བཏང་། །འཇིག་ཟས་རྟ་ཤ་ལ་སོགས་ཆ་རྣམས་སྤང་། །སྐོམ་ཡིན་དོམ་མཁྲིས་རྒྱ་ཚ་ལི་ག་དུར་གྱིས་བྱུག །འོམ་བུ་བ་ལུ་ཤུག་པ་རྣམ་[རྣམས་]བྱུག་གླན། །ཉི་མ་ཀ་ར་ཤིང་མངར་ར་འོ་བྱུག་ལ་ཉ་ལྕིབས་རླན་[གླན]། །ལྷག་[ལྷགས་]ཡིན་མཁན་ཐང་[སྦང་]ཚ་བ་གསུམ་དང་ལྕམ་འབྲུམ་རྣམས། །ཞུན་བྱ་འོ་བསྐོལ་བྱས་ནས་སྐམ་པ་གླན། །གཉིད་ཡིན་ག་པུར་ཆུ་བྱུག་ཆུ་རྩ་བག་ཕྱེ་གླན། །ཆགས་པ་ཡིན་ན་དམར་[མར་]ནག་སྤོས་བྱུག་ཤ་ཆང་བཏང་། །འཇིག་[འཇིགས་]པ་ཡིན་ན་གླ་རྕི་གུ་ཁུལ་[གུལ་]བྱུག །གཉིས་པ་ཞེ་སྡང་གིས་འགྲམ་[འགྲམས་]ན་བསིལ་ཆས་སྨན། །ཟས་བསྟན་[བསྟེན་]ཡིད་འོང་གཏམ་སྙེན་[སྙན་]སྨྲ་བ་དང་། །དྲག་ཤུལ་ཤོ་མང་གླན་ལ་གཏར་ཁ་བྱ། །ཉི་འགྲམ་[འགྲམས་]ཧུང་[ཧོང་]ལེན་ཉ་ལྕིབ་[ལྕིབས་]བ་ཞི་བཏང་། །རྟ་འགྲམ་[འགྲམས་]ཀ་རའི་ཐང་བཏང་འབྲི་ཏ་རྟ་སྦང་[སྦངས་]བྱུག །ཟས་ཀྱིས་འགྲམ་[འགྲམས་]ན་བསིལ་བཏང་བཅུད་རྣམས་བལྟམ[བསྡམ]། །གདོན་འགྲམ་[འགྲམས་]གུ་ཁུལ་[གུལ་]གླ་རྩི་མུ་ཟི་དང་། །ཤ་ཆེན་ཉུངས་ཀར་བྱུག་པས་གསོ་བ་ཡིན། །གསུམ་པ་ལྤགས་[པགས་]བྱེར་རྨ་བསྲིས་[བཀྲུས་]ཆུ་བཙག་འཕྱིང་[ཕྱིང་]དེབ་བཏང་། །ཤ་བྱེར་འཕྱིང་དུག་[ཕྱིང་དུགས་]ཐལ་བའི་སྐམ་རྩི་བྱུག །ཚིལ་བྱེར་འཕྱིང་[ཕྱིང་]པ་སྣུམ་ལྡན་དུག་[དུགས་]ལུམས་བྱ། །རྩ་བྱེར་འཕར་རྩ་བསྲེག་ལ་ཁྲག་རྩ་གཏར། །དོམ་འཁྲིས་[མཁྲིས་]སྟབ་སེང་ཐང་དང་[བཏང་]འཁྲིས་[མཁྲིས་]ནན་བྱ། །རུས་བྱེར་ལྷ་བ་འཁྲུད་[བྲུད་]ལ་དོམ་མཁྲིས་བཏབ། །དེའི་སྟེང་སྟབ་སེང་བུ་རུ་རྟ་ཚེར་སྔོན་བཏབ། །ཚིག་བྱིར་[ཚིགས་བྱེར་]ཕུག་ལ་ཁྲུས་དང་ནན་གྱིས་བསྡུ། །བཞི་པ་ཤ་གཞའ་ཆང་དང་ལུག་ཤ་གཏོང་། །རུས་བཞའ་[གཞའ་]ཁོང་དུ་ཤ་ཆང་ཟས་སྐོམ་བཏང་། །ཚ་བ་གསུམ་གྱིས་བཀྲུས་ནས་དོམ་མཁྲིས་དང་། །ཡོང་[ཡུང་]བ་མཚལ་དང་གསུམ་པོ་བཏབ་པ་ཡིན། །ཚ་བཞའ་[གཞའ་]བསིལ་གྱིས་བཀྲུ་ལ་ག་པུར་བཏབ། །གྲང་བཞའ་[གཞའ་]དྲོད་ཀྱིས་སླང་[ལུམས་བྱ་]ལ་གསར་བཅུད་བསྟན[བསྟེན]། །ལྔ་པ་ཤ་བསྙོ་[སྨྱོ་]ཤ་རུས་[རུལ་]གཅོད་པའི་རྨ་སྨན་གཏབ[གདབ]། །ཁྲག་བསྙོ་[སྨྱོ་]རྨ་ལ་ཁྲག་དང་གཅོད་སྨན་གདབ། །རུས་བསྙོ་[སྨྱོ་]བསྲེགས་གམ་འབྲུད་ན་རུས་སྨན་གདབ། །རྣག་བསྙོ་[སྨྱོ་]མེ་བཙའ་གདབ་ལ་རྣག་བཅད་བྱུང་[ཕྱུང་]། །དྲུག་པ་རུས་པའི་རུས་ཟིན་[རུས་ཟན་]གཙོ་བྱ་དང་། །རི་བོང་ཤ་དང་འབྲུག་རུས་མགྲོན་[འགྲོན་]ཐལ་དང་། །རུ་ཏ་[རྟ་]བཏབ་སྟེ་དེས་མ་ཐོན་པ་ལ། །ཤ་བཀྲལ་[དྲས་]རུས་འཛེར་སྐྱུང་གིས་བྲུད་ལ་འདོན། །ཟུག་རྔུའི་རུལ་ཟན་ཁོང་དུ་ཉ་ཤ་གཏོང་། །ཟུག་རྔུ་འབྱིན་པའི་ཞུན་བྱ་རུས་[རུལ་]གཅོད་བྱ། །རྣག་གི་རུས་[རུལ་]ཟན་ཟུག་རྔུ་རྣག་བཤལ་བྱ་བ་ཡིན། །རྨ་ཡི་རུས་[རུལ་]ཟན་རྨ་ལ་ཞོ་བཙག་རླབ[གླན]། །རྨ་རྩི་བ་རུའི་ཚིག་གུ་བཏབ། །རྨ་བྱིད་[ཕྱིད་]གླུམ་གླན་ཆུ་རྩ་བཏབ་ནས་སྤང་[སྦང་]མ་སྤང་། །དེ་སོག་[སོགས་]རྨ་ཡིན་བླ་གཉེ་[གཉན་]གླང་[གང་]བྱུང་བསལ། །གསུམ་པ་སྐྱོན་སོལ་ཤ་འུ་གསོ་བ་ནི། །དང་པོ་གསོ་གཅོད་སྦྲག་མར་སྦྱར་བ་དང་། །དེ་ནས་འཚོ་སྨན་གཅིག་པུར་སྦྱར་བ་གཉིས། །དང་པོ་ལི་ཁྲི་བརྒྱད་སྟེ་མཚལ་དང་གསེར་[སེར་]ཚུར་ཨ་རུ་ར། །སོན་འཆའ་[ཆ་]སྤོས་དཀར་སྦངས་[སྦང་]མ་མར་སྦྱར་བྱུག །བཅད་འབྱོར་བདུན་ཏེ་སྔོ་ནའི་[སྔོ་ཡི་]ཚ་བ་གསུམ། །མི་དོམ་ཕག་གི་འཁྲིས་[མཁྲིས་]པ་དེ་དང་བདུན། །རྒུ་གྲུབ་[དྲུས་]ལྔ་པ་གང་འཛོམ་གསོད་[གསོ་]གཅོད་བྱེད། །ཆུ་རྩ་བྲག་སྤོས་དོམ་མཁྲིས་ཆུ་མ་ཀ་ར་ཡིན། །ཐ་མ་འཚོ་སྨན་ཁོ་ན་བཏང་བ་ནི། །འཁྲིས་[མཁྲིས་]སྦྱོར་ཆུ་ཕུལ་གང་ངམ་ལྔ་པ་ལ། །བྱ་ཡི་ཟེ་ཁྲག་སྤང་སྤོས་མི་དོམ་ཉ། །ཁྲིས་[མཁྲིས་]པ་སྟག་ཤ་དར་ཡ་ཀན་དང་སྦྱར། །གསར་རྙིང་མེད་པའི་རྨ་རྩི་ཤ་འུ་གསོ། །སྔོ་སྦྱོར་དར་ཡ་ཀན་དང་གསེར་[སེར་]འདབ་ལྔ། །སྐྱེར་ཤུན་སྙིང་མ་[སྙི་བ་]ཁུར་མང་རྩ་ཤེལ་ཏ་དང་། །ས་[པ་]ཡག་འབྲུ་ཀར་སྦྱར་ན་རྨའི་ཤ་འུ་གསོ། །ཤ་སྦྱོར་ཁྱི་ལྕེ་བྲག་ལྕམ་སྟག་ཤ་ཕག་ལྡང་པ། །དཀར་པོ་བཅད་སྦྱོར་[འབྱོར་]ཆུ་རྩ་བྲག་སྤོས་དང་། །འཁྲིས་[མཁྲིས་]སྣ་མཚལ་དཀར་ཅུ་གང་གུ་[གུར་]གུམ་དང་། །ཀ་ར་ཀུན་གྱི་རྨ་རྕི་གསོ་བ་ཡིན། །ཤ་རུས་སྟག་ཤ་དོམ་མཁྲིས་བྲག་སྤོས་བཏབ། །སྟབ་སེང་ཨ་བྱག་སྔོ་ཚེར་ཨ་བ་སྣན་[བསྣན]། །ལྤགས་[པགས་]པ་བླང་[སླང་]དྲེག་སྙེ་ནག་ཕ་བ་གོ་ཀོལ་[དགོ་དགོ་]དང་། །དུད་པ་བྱ་བལ་མར་སར་བྱུག་པ་ཡིན། །ཁུར་མང་ཁུར་ཆུང་དྲེག་གི་རྨ་རྩི་བཏུན་[བསྟུན]། །དེ་རྗེས་རྨེན་པ་རྟག་[བརྟས་]པར་བྱ་བ་ནི། །སྨེན་[རྨེན་]པ་ཆགས་ནས་ཕྱེ་མར་གླན་ཡང་ན། །ཤུ་དག་རྒྱམ་ཚ་ཚ་གསུམ་ཞུན་མར་བསྲེ། །བར་[བལ་]དུ་བཙོས་པ་རྨ་ལ་བརླན་[གླན་]པའོ། །ལྡོང་རོལ་[རོས་]བཙོད་ཚོས་བ་བླང་[བླ་]ཡོད་[ཡུང་]སྐྱེར་རྣམས། །སྦྲང་དང་སྦྱར་ནས་བྱུག་པས་པད་མོ་བཞིན། །མགོ་ཡི་རྨེན་པ་སྐྲ་ལོ་བསྐྱེད་[སྐྱེད་]བྱེད་ནི། །བ་གླང་ར་དང་སྤུ་རུས་རྨིག་དར་[དང་]ལྤགས[པགས]། །ཐལ་ཐལ་[བ་]ཏིལ་མར་སྦྱར་བས་བྱུག་པའོ། །བཞི་པ་རྨ་སྤྱིར་ཟས་སྤྱོད་འཕྲོད་དང་མི་འཕྲོད་པ། །རྨ་གསར་དུས་ན་ཁྲག་འཆོར་སྐྲངས་བསྐྱེད་པས། །ཁུ་[ཆུ་]དང་ཙམ་[རྕམ་]པ་བཀུག་ནས་བསྟེན་པར་བྱ། །སྣད་[གནད་]མེད་རྨ་དྲོན་ཆང་དང་མར་གྱིས་ཙབ་[དབབ་]། །དེ་ཡིས་ཟུག་ཆུང་རང་འབྱོར་བྱེད་པ་ཡིན། །རྨ་ནམས་[རྣམས་]ཚ་བ་བསྐྱེད་ཅིང་ཟུངས་དམའ་ཕྱིར། །གསར་བཅུད་ཟས་ཀྱིས་ལུས་ཟུང་[ཟུངས་]གསོ་བ་གཅེས། །ཞོ་ཡིས་ཚད་པ་གཅོད་[གཅོག་]ཅིང་ཁ་ཟས་ལེན། །འོན་ཀྱང་ནན་ལྟར་རྣག་བུང་[བུངས་]ཆེ་ན་གཅོད[གནོད་]། །རྔ་བྲན་ཤ་གསར་ཤ་འུ་སྐྱེ་ན་ཡང་། །ཕོ་བ་ངན་ཞིང་འབྱང་ན་དེ་ཡིས་གནོད། །མར་གྱིས་རྨ་འདྲེད་རྕ་ཁ་སྡོམ་ན་ཤིས། །ཆང་གིས་ཁྲག་དང་ཆུ་སེར་རྣག་བསྐྱེད་དེ། །རྨ་གཞའ་ཆུང་[ཆུ་]རྒྱུས་རེང་[རེངས་]འཁུམ་འདུལ་མ[ན་]བཟང་། །ཆུ་ཉིད་ཚེ་[ཚ་]བ་གཅོད་[གཅོག་]ཅིང་དང་ཁ་འབྱེད། །སྐྲང་ཤོར་གདོན་དང་ཕོ་བ་ངན་ལ་སྤང་། །ཉ་ཕག་ཤ་ཡིས་རྨ་རྣམས་བཤིག་པར་བྱེད། །འདེ་གུས་[མདེ་འུ་]དམ་འདོན་རྨ་འབྲས་འདུལ་ལ་བཟང་། །རི་བོང་བྱ་ཤ་རྨ་དབྱེད་[འབྱེར་]རུས་འཛེར་འགོག་པ[འགོགས་]། །ཤ་རྙིང་མར་རྙིང་ནང་ཁྲོལ་སྒོ་ང་རྗེན། །རྨ་རྣམས་ཀུན་ལ་གནོད་པས་སྤང་བ་ཡིན། །རྨའི་སྐྲངས་དང་ཚ་བ་ཆོག་[ཆོགས་]པ་དང་། །རྣག་ཤ་ཐོན་སོགས་ཡིན་འབྱོང་[འབྱོངས་]ཁ་ཟས་སྤྲུག །ཤ་སར་མར་བུར་དཀར་གསུམ་གསར་འཇམ་བཏང་། །རླུང་ཤས་ཅན་ལ་ཤ་མར་ཆང་སྙིང་[རྙིང་]བཏང་། །བྱེ་བྲག་བཤུས་པས་སྦྱང་[སྦྱར་]ཏེ་མགོ་དང་ཡན་ལག་དང་། །བྱང་ཁོག་གང་ཡིན་པགས་པ་བཤུས་པ་སྦྱར་བ་ལ། །ཨ་པོས་[སས་]བདུག་སྟེ་ཚ་ལ་དོམ་མཁྲིས་དང་། །གུར་གུམ་བཏབ་ནས་ལྤགས་[པགས་]པ་སྦྱར་བྱས་ནས། །ལྷེལ་[ཧེལ་]སྲབ་ཀླད་པ་སྦྱར་ཏེ་སྐྱ་སྦྱོར་འཕྱིང་[ཕྱིང་]དེབ་བཅིང་། །ཡང་ན་ལྤགས་[པགས་]པའི་སྟེང་ན་[དུ་]མར་དཀར་སྦྲང་རྩི་བྱུག །དེ་སྟེང་བསིལ་སྨན་བྱུག་ལ་འཕྱིང་[ཕྱིང་]པ་རས་ཀྱིས་བཅིང་། །གཉིས་པ་བཤག་[གཤགས་]བསྡོམ་ཤ་རྣམས་གྱེར་[གྱེན་]ཐུར་གཤག །སྐྱ་སྦྱོར་འཕྱིང་[ཕྱིང་]པ་སྦྱར་ལ་སྡོད་སྨད་དུ། །སྒྲོག་གུ་བྱས་ནས་བསྡམ་སྟེ་རྨ་ཁ་ཕྱེ། །ཅི་[རྕི་]བཏབ་རྣག་ཕྱུང་སྦང་རོ་གླན་པ་ཡིན། །རླིག་པ་རལ་ན་བཙེམ་ལ་རྐེད་དུ་བཅིངས། །དུག་ལུམ་[དུགས་ལུམས་]སྤང་བྱ་ཤ་རྣམས་ཉིལ་པ་ལ། །དར་གྱིས་བཙེམ་ནས་ཤིང་བྱང་བར་དུ་བསྡམ། །བཅད་པའི་རྨ་ནི་འཕྲད་[འཕྲེད་]དུ་བཅད་པ་སྟེ། །རྨ་ཡི་སྟོད་སྨད་གཉིས་ལ་འཕྱིང་[ཕྱིང་]པས་བཅིང་། །གཞན་མ་གོང་གི་བཤག་[གཤགས་]དང་གཅིག་པ་ཡིན། །རྣམ་པར་བཅད་པར་རུས་ལ་ཐུགས་[ཐུག་]པ་བཅད། །ཧེལ་གེ་བག་སྤྱི་[སྤྱིན་]དམ་སྦྱར་ཟབ་[ཟམ་]བུ་བཏང་། །དེ་ཡི་སྟེང་དུ་སྐྱ་སྦྱར་[སྦྱོར་]འཕྱིང་[ཕྱིང་]དེབ་བྱ། །འཕྱང་པ་བཅད་པ་རུས་པ་ཆོད་པ་ནས། །ཁམ་ཙམ་ལུས་པ་བཅད་ལ་ཁ་ཏུ་གཞུགས[ཁད་སྤུ་གཞུག]། །ལྷུང་ན་ཁད་ཏུ་[སྤུ་]གཞུག་པ་ཤ་ལ་སྐྱ་སྦྱོར་དང་། །འཕྱིང་[ཕྱིང་]དེབ་བཏོང་[བཏང་]ནས་སྟེང་དུ་ཤིང་བྱང་ནི། །ལྔ་དྲུག་བཏང་ལ་རྒྱུན་བུས་བསྡམ་པ་ཡིན། །བསྣོལ་མཚམས་ཁྱི་ཁུལ་[ཀྱི་གུ་]བསྣོལ་བས་བཅུད་[གཅུས་]ལ་བསྡམ། །རྨ་རྩི་ཁ་ཞུན་བཏབ་ལ་རྩ་རྒྱུད་བསྲེག །དྲུག་[གྲུམས་]པ་བཅིང་པ་ལག་པའི་འཆིང་དང་འདྲ། །ཕུག་པ་ཆུ་སེར་དྲང་བ་ནི། ཀླད་པ་ཕུག་དང་བྱང་ཁོག་ཕུག་པ་གཉིས། །རང་རང་ལེའུ་དག་ལ་ཕལ་ཆེ་[ཆེར་]གསལ། །ཡན་ལག་ཤ་བརྔམ་[རྔམས་]ཆེན་[ཆེ་]བར་མཐུར་[ཐུར་]དུ་འཕུག[ཕུག] །ཆེ་ན་རྨར་ཤེམ་[ཤེལ་]ཏའི་རིང་[རེང་]བུ་བཅུག །རྨ་ཕུག་ཚུར་ལ་འཕྱིང་[ཕྱིང་]པས་བཅུད་[གཅུས་]ལ་བསྡམ། །རྒྱབ་ནས་ཆུ་ལྕགས་[ལྕག་]ཚོད་ཚོད་བྱས་ལ་གདབ། །མདོར་ན་ཆུ་སེར་མི་འཁྱིམ་ཐབས་ལ་འབད། །རྣག་ཕུག་ཛ་[ཛཱ་]ཏི་པུས་པ་ནིམ་པ་དང་། །པ་ཏོ་ལ་དང་ཡོ་[ཡུང་]སྐྱེར་བ་སྤྲུ་ཧུང་[ཧོང་]ལེན་དང་། །སྤྲ་ཚིལ་སྤང་མ་ཤིང་མངར་བཙོད་ལ་སོགས། །ཀ་རན་ཛ་[རཉྫ་]དང་ཨ་རུའི་སྨན་མར་སྦྱར། །ནང་དུ་བླུག་ལ་ཁ་འཆུས་[ཆུང་]གཏིང་རིང་སིལ་[སེལ]། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་རྨ་སྤྱིར་གསོ་བའི་ལེའུ་སྟེ་དོན་བདུན་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 3:05 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།