སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ང་དྲུག་པ། དྲི་མ་འགགས་པ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ང་དྲུག་པ། དྲི་མ་འགགས་པ་བཅོས་པ། 

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྕལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། ། དྲི་མ་འགག་[འགགས་]པའི་རྒྱུ་རྐྱེན་དབྱེ་བ་དང་། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟེན[བསྟན]། །རྒྱུ་རྐྱེན་ཟས་སྤྱོད་གདོན་གྱིས་འདུ་བ་འཁྲུག[འཁྲུགས] །རྒྱུ་ལོང་བཤད་[བཤང་]ལམ་འཁྲུག་[འཁྲུགས་]ནས་དྲི་མ་སྡོམ། །གཉིས་པ་དབྱེ་བ་རླུང་མཁྲིས་བད་ཀན་སྲིན་ནད་གསུམ། །ཐུལ་[ཐུར་]སེལ་ལོག་དང་རྣམ་པ་ལྔས་བཤད་དོ། །གསུམ་པ་དེ་རྟགས་རླུང་གྱུར་འཁྲོག་སྐམ་ཤ་རིལ་འདྲ། །འཁྲིས་[མཁྲིས་]པ་རྒྱུ་ཞབས་ན་འདྲིལ་དམ་ལ་མཁྲེགས། །བད་རླུང་ལྟོ་ལྗི་[ལྕི་]སྒྲོག་[སྒྲེག་]ཅིང་གསུང་[གསུས་]པ་སྐྲངས། །སྲིན་གྱུར་ཨ་ལོང་ཁ་ཟས་[ཟ་]སྡང་[ལྡང་]དུབ་བྱེད། །ཐུར་སེལ་ལོག་པས་འཁྲོག་ལྒང་[སྒང་]ཕྱིན་[ཕྱེན་]མི་ཐོན། །བཞི་པ་བཅོས་ཐབས་ཀུན་ལ་ནི་རུ་ཧ་ཡིས་དྲངས། །རླུང་ལ་ཤུ་ཏི་མཁྲིས་ལ་ལྕི་[ལྕུམ་]རྩ་སྟེ། །བད་ཀན་དྲོད་སྨན་སྲིན་ལ་བྱི་ཏང་ཀ །ཐུར་སེལ་ལོག་པ་རླུང་སྣ་རླུང་གིས་དྲངས། །ཨ་རུ་ལྕིམ་[ལྕུམ་]རྩ་བུལ་ཏོག་བསྡུས་པའི་ཐང༌། །དྲི་སྐམ་བྱས་པ་གང་ཡང་རླན་པར་བྱེད། །ཟས་སྤྱོད་ཁོང་སྨན་འདུ་བ་སྤྱིད་[སྤྱི་]དང་འཁྲུལ་[འཕྲུལ་]། །ཞེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་ལྕི་བ་འགག་[འགགས་]པ་བཅོས་པའི་ལེའུ་སྟེ་ལྔ་དྲུག་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།