སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་སོ་དགུ་པ། ཕོ་བའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་སོ་དགུ་པ། ཕོ་བའི་ནད་གསོ་བ།

དེ་ན་[ནས་]ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ས་ཞིང་འདྲ་བ་ཕོ་བའི་ནད་བཅོས་བསྟེན་[བསྟན]། །རྒྱུ་རྐྱེན་དབྱེ་བ་རྟགས་དང་བཅོས་ཐབས་ལྔ་[བཞི]། །རྒྱུ་ནི་ངལ་དུབ་རླན་གྲང་ཟོས་ཆོས་[བཟའ་ཆེས་]ནས། །ཁ་ཟས་མི་འཕྲོད་གྲང་བས་བསྒྱུར་བའོ། །གཉིས་པ་དབྱེ་ན་ཨན་[ཕོ་]ནད་ཚ་གྲང་གཉིས། །ཕོ་ནད་ཚ་བར་འགྲམས་དང་འཁྲུགས་བབས་དང༌། །དུག་ཐབས་གཉེན་ལྷུང་[གཉན་གླང་]ཕོ་བ་སུར་ཡ་དང༌། །མཁྲིས་པ་ལྷུད་[ལུད་]དང་མཆིན་ཁྲག་ལྷུས་[ལུད་]པའོ། །མཆིན་ཁྲག་ལུད་པ་འདྲིལ་དང་མ་འདྲིལ་གཉིས། །གྲང་བ་རླུང་དང་མ་ཞུ་ལྕགས་དྲེག་ལྷེན། །མེ་དྲོད་སྙམས་[ཉམས་]དང་རྡོ་སྐྲན་དམུ་རྫིང་སྲིན་དང་འབྲས། །ཚ་གྲངས་[གྲང་]བདུན་དགུའི་ཕོ་ནད་བཅུ་དྲུག་གོ །འོན་ཀྱང་རླུང་དང་བད་ཀན་མཁྲིས་པ་ཁྲག །དུག་ཐབས་ཕོ་ལོག་རྒུད་པ་སྙོས་[སྙོང་]བུ་བརྒྱད། །མདོར་བསྡུས་ཕྱེ་[ཕྱི་]མའི་ལེའུ་གཞིན་[གཞན་]དུ་གསལ། །གསུམ་པ་རྟགས་ལ་ཕོ་རླུང་སྦོས་ཤིང་སྟོང་སྒྲེགས་དང༌། །འབྲབ་པ་བཞིན་དུ་ན་ཞིང་སྟོང་སྐྱུག་བྱེད། །ཡང་ན་སྒྲ་བཅས་འཁྲོག་ཅིང་འཁྲུ་བ་ཡིན། །ཕོ་བའི་བད་ཀན་འཚང་[འཚིང་]སྒྲེག་ཟས་མི་འཇུ། །བསིལ་ཟས་འཇུ་ཀའ་[དཀའ་]ཟོས་རྗེས་དངུལ་གྲངས་ལ་[རྔུལ་གྲང་ན]། །ཟས་ལ་འཁྲེན་ཅིང་འཇལ་[འབྱར་]བག་སྐྱུག་པ་དང༌། །ཡང་ན་ཅི་ཟོས་མ་སྨིན་ལྗན་བུར་འཁྲུ། །ཕོ་བར་འཁྲིས་[མཁྲིས་]པ་ལྷུང་ན་འཁྲུ་འམ་སྐྱུག །ཁྲག་ལྷུང་ཚ་ཆེ་གྲང་ཆེ་གཉིས་ཀ་ན། །ཕོ་བ་དུག་ཐབས་མི་འཇུ་དང་ཁ་འགག །མྱིད་པ་ན་ལ་བྲང་ཚ་ཆུ་ཚན་སྐྱུག །རྩ་འབྲོས་གསུས་རྩ་སྤར་[བཀྲ་]ལ་ཟོས་ཐོག་སྐྱུག །ཕོ་ལོག་སྦོས་པུར་[ལྡེང་]ཟུག་ཆེ་ལྡང་དུབ་བྱེད། །ཕོ་བ་རྒུད་པ་སྒྲེག་མང་བཅུད་མི་འཇུ། །ལྦུ་བ་སྐྱུག་ལ་ཉམ་ཆུང་ཆང་གིས་བདེ། །བསྙོང་[སྙོང་]བུ་རྒྱུན་དུ་བརྗེས་ངས་མེད་པར་ན། །བཞི་པ་བཅོས་ཐབས་ཕོ་རླུང་ཤིང་ཀུན་ཁ་རུ་ཚ། །ཕོ་བ་རིས་དང་སིལ་[སེ་]འབྲུ་བུ་རམ་སྦྱར། །སྣ་ཚོགས་རུས་ཁུར་ཤིང་ཀུན་ཁ་རུ་ཚ། །ཐལ་ཚ་བཏབ་བཏང་དུགས་བྱ་ཕོ་གསང་བསྲེག །མར་སྙིང་[རྙིང་]ཚ་བ་གསུམ་དང་ཚྭ་སྣ་གསུམ། །སྦྱར་ནས་བཏང་བས་རླུང་གི་སྟོང་སྐྱུག་གཅོད། །འཁྲུ་ན་ལ་ཕུག་[ཕུད་]དོང་ག་[གྲ་]འཁྱོར་[ཁྱོར་]བ་རེ། །ཀ་ར་འོ་མ་མར་དུ་བསྡུས་ལ་བཏང༌། །ཕོ་བའི་བད་ཀན་ཤིང་ཀུན་ཁ་རུ་ཚ། །ལྒ་སྨན་སྦྱར་ལ་དོང་གྲའི་ཐང་གིས་ཕུལ། །ཕོ་བ་དྲོད་ཆུང་ཁ་ཟས་མི་འཇུ་སེལ། །སེལ་[སེ་]འབྲུ་སུག་སྨེ་[སྨེལ་]རྒྱམ་ཚ་ལ་ལ་ཕུད། །ཤིང་ཚ་ཟི་ར་བཅའ་ལྒ་[སྒ་]པི་པི་ལིང༌། །ལྕེ་མྱང་ཁ་རུ་ཚ་དང་བུ་རམ་སྦྱར། །དྲོད་བསྐྱེད་ཟས་འཇུ་ཕོ་བའི་གཟེར་གཟུག་[ཟུག་]སེལ། །གོ་སྙོད་ན་ལེ་ཤམ་དང་ཁ་རུ་ཚ། །ཀ་ར་སྦྲང་སྦྱར་བད་ཀན་སྐྱུག་པ་གཅོད། །བྱི་ཏང་ཀ་དང་སྒྲོན་ཤིང་ཚ་བ་གསུམ། །འུ་སུ་བསྐོལ་ཁུས་བད་ཀན་འཁྲུ་བ་གཅོད། །ཕོ་གསང་མདུན་རྒྱབ་མེ་ཡིས་བསྡམ་པ་ཡིན། །ཕོ་བའི་འཁྲིས་[མཁྲིས་]པ་གཡའ་ཁྱིའི་[ཀྱིའི་]སྐྱུགས་ཀྱིས་དྲང༌། །དེ་རྗེས་ལྕིམ་[ལྕུམ་]རྩ་ཨ་རུའི་ཁུར་[ཁུ་]བ་དང་། །གསེར་གྱི་མེ་ཏོག་བཏབ་པའི་བཤལ་གྱིས་སྦྱངས། །ཕོ་བའི་ཁྲག་ནད་ཅུ་གང་ཅོང་ཟི་[ཞི་]དང་། །མ་ནུ་ཤིང་ཚ་པི་པི་ལིང་སྦྱར་ནས། །ཅུ་གང་བདེ་འབྱེད་[བྱེད་]དེ་བཏང་བསྟེན་པ་ལ། །སྟར་བུ་དུང་ཐལ་སྦྲུལ་ཤ་རྒྱ་ཚ་དང་། །དུར་བྱེད་[བྱིད་]སྦྱོང་བཏང་རུ་ཐུང་གཉིས་ལ་གཏར། །ཕོ་བ་དུག་ཐབས་ཐར་ནུ་སྲུབ་ཁ་བ། །རི་ཤོ་རྒྱམ་ཚའི་སྐྱུགས་བྱེད་[བྱ་]དེ་འོག་ཏུ། །མ་ནུ་ཀན་དྷ་[ཀཎྜ་]ཀ་རི་སུག་སྨེ་[སྨེལ་]དང༌། །གུར་ཀུམ་ལི་ཤི་ཀ་ར་སྦྱར་ལ་བཏང༌། །དེ་རྗེས་སེལ་[སེ་]འབྲུ་བཞི་སྦྱར་ཕོ་ལོག་ཀ་ཀོ་ལ། །ཤིང་ཚ་སུག་སྨེ་[སྨེལ་]ད་ལི་[ལིས་]པི་པི་ལིང༌། །ཟི་ར་ན་ལེ་ཤམ་དང་ཀ་ར་བཏང་། །ཚ་བ་གསུམ་དང་ར་[རྭ་]གཞོབ་གདུས་ཐང་བཏང༌། །ཕོ་བ་རྒུད་ནས་[ན་]ཨ་རུའི་བཅུར་[ཅུར་]ནིས་སྦྱང་[སྦྱར]། །ཕོ་བ་སྙོང་ན་ད་ལིས་དང་ཅུར་གཏོང་[ནིས་]ཏེ། །སྐྱུ་རུ་གོ་སྙོད་ཟི་ར་ནག་པོ་ལ། །ལ་ཕུལ་[ཕུད་]ཤིང་ཚ་ཐལ་ཚ་ཕོ་བ་རིས། །རྒྱམ་ཚ་ལྕེ་མྱང་ཚ་དང་པི་པི་ལིང་བུ་རབ་[རམ་]དང་། །ཕོ་བ་ཟས་ལེན་འཇུ་བའི་གཞི་ཡིན་པས། །སིལ་[སེ་]འབྲུ་ད་ལི་[ལིས་]ཟས་སྤྱོད་དྲོད་བསྟེན་བྱ། །ཞེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་ཕོ་ནད་གསོ་བའི་ལེའུ་སྟེ་སུམ་བཅུ་[ཅུ་]དགུ་པའོ།། །།





མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།