སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་གྱ་དྲུག་པ། གཟའ་ཡི་གདོན་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་གྱ་དྲུག་པ།  གཟའ་ཡི་གདོན་ནད་གསོ་བ། 

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལས་[ལ་]སོགས་གསོ་བ་འཛིན་པ་ཀུན། །གཟའ་གདོན་འཛིན་པའི་དུས་དང་བརྟག་པའི་ཐབས། །བསྲུང་[བ་]བཅོས་ཐབས་ཕྱིར་མི་ལྡོག་པའོ། །འཛིན་དུས་ཚེས་བཞི་བརྒྱད་དང་བཅུ་གཅིག་དང༌། །བཅུ་བཞི་[བཅོ་ལྔ་]བཅོ་བརྒྱད་ཉི་ཤུ་གཉིས་དང་ལྔ། །ཉི་ཤུ་དགུ་དང་རྒྱུད་[རྒྱུ་]དུས་བརྒྱད་ལ་འཛིན། །གཉིས་པ་བརྟག་ཐབས་སྤྱི་དང་ཁྱད་པར་སྤང་བླང་རྟགས[བརྟག་]།སྤྱི་རྟགས་གཞོམས་རིང་[གཞོགས་བཤལ་]མིག་རྩ་གྲུས་[གྲུང་]དུ་སོང་། །ཁ་ལྐུགས་མིག་རྕེ་[བརྩེ་]ངུ་དང་རྒོད་[དགོད་]པར་བྱེད། །ཁྱད་པར་འབྱུང་བའི་མེ་གཟའ་ཆུ་གཟའ་དང་། །མེ་གཟའ་གཞོག་གཡས་འཕོག་ལ་ལྕེ་གཡས་ཐུང་། །ཚ་ཆེ་མེ་རེས་སེན་མོ་བཞོབ་[གཞོབ་]རོག་འོང་། །ཆུ་གཟའ་གཡོན་འཕོག་ལྕེ་ཡི་གཡོན་ངོས་ཐུང་། །ལུས་ཀུན་དྲོད་དང་བྲལ་ལ་ཆུ་རྒྱུས་འཁྱོག་[གྱོང་]། །གཉིས་པ་སྤངས་[སྤང་]བླང་བརྟག་པ་ཉི་ཤུ་དགུ་ལས་[ལ་]ཟིན། །ཕོག་མ་ཐོག་ཏུ་སྐྱུག་ཅིང་སྐྱུག་[ལྐུགས་]པ་དང་། །སྙིང་ཁར་ཆུ་རྒྱབ་[བརྒྱབ་]བསྔངས་པར་མི་ནུས་དང་། །མིག་འཛུམ་མི་ཤེས་དྲུག་བཅུ་[ཅུ་]ཡར་འདས་ནས་[ན་]། །གསོས་ཀྱང་སོས་པར་མི་འགྱུར་སྤང་པའི་རིག[རིགས]། །གསུམ་པ་བསྲུང་བ་རང་སྲུང་ནད་པ་སྲུང་བ་གཉིས། །རང་གི་བསྲུང་བ་སྐམ་[སྐེ་]ཚེ་སྐར་ཕྲ་མན[དཀར་ཁྲ་མེན]། །རྨིག་[རྨིགས་]པའི་ཤ་ལ་སྔགས་བཟླས་ལུས་ལ་བཅང༌། །

ཨཱོ་[ཨོཾ་]བ་ར་ཙ་ཀྲ་ར་ཧཱུ[རཱ་ཧུ་]ལ་སྭཱ་ཧཱ།ཨཱོ་[ཨོཾ་]ཧཱུཾ་སུ་ལི་ཧཱུཾ་སུ་ལི་ཏིང་བྲི་དུ་སུ་སུ་མེ་མེ་ཤིག་ཤིག་སྭཱཧཱ། ཨཱོ[ཨོཾ་]དམ་[སྟུམ་]པོ་ལི་དམ་[སྟུམ་]པོ་ལི་ཏིང་བྷིམ་སྟུམ་བྷེཿསུ་སུ་མེ་མེ་ཤིག་ཤིག་སྭཱཧཱ། བློ་ལ་མ་བརྗེད་བཟུང་ནས་གཟའ་གདོན་རྡུག[ཐུབ]། །ནད་པའི་སྲུངས་[སྲུང་]པ་རིལ་སེལ་[རིང་བསྲེལ་]སྐར་ཕྲ་མན་[དཀར་ཁྲ་མེན་]། །རྨ་བྱ་ཕོ་རོག་སྙིང་ཁྲགས་[ཁྲག་]ལུས་ལ་བཅང་། །གུ་ཁུལ་[གུལ་]དཀར་ནག་ཡུག་[ཡུགས་]སའི་དོར་རྟ་དང་། །ཐུམ་པོ་བྱས་ནས་ལྟ་[ལྟེ་]ཟུར་གཡོན་ལ་གདག[གདགས]། །བཟང་དྲུག་གླ་རྕི་སྒོག་ཐལ་མར་དཀར་བྱུག །རྒྱུ་དུས་དཀར་ནག་ཡུག[ཡུགས་]སའི་དོར་རྟ་དང་། །རྒྱུ་དུས་ནད་པའི་མལ་དུ་ཕུག་རོན་བཅུག །ཨཱོ་[ཨོཾ་]ཏྲི་ཁྱེ་ད་བམ་ཧུཾཿ སྟོད་པའི་[སྡོད་སའི་]གྱང་མ་[ངམ་]ཐོགས་[ཐོག་]ལ་བྲིས་ལ་བསྲུངས། །བཞི་པ་བཅོས་པའི་ཐབས་ལ་རྣམ་པ་གཉིས་ཡིན་ཏེ། །བརྕོན་[བཙོན་]དུ་བཟུང་དང་སྔངས་སུ་གཞུག་པ་དང་། །ཟས་དང་སྤྱོད་ལམ་གཟུངས་དང་གཟའ་འགྱོགས་བྱ། །ཟིན་མ་ཐོག་ཏུ་བཙོས་[གཙོན་]དུ་བཟུང་བ་སྟེ། །ཡུག་[ཡུགས་]སའི་ཞབས་མས་ནད་པའི་མགོ་འཕུར་ལ། །ཀེ་ཏ་བཟླས་ཤིང་གུ་ཁུལ་[གུལ་]དུ་བས་བདུག །གུ་ཁུར་[གུལ་]ཆུས་སྦྱངས་སྔགས་བཏབ་ཁོང་དུ་བཏང༌། །སྒོག་ཐལ་གང་ཐིག་[གངས་ཐིགས་]རྡོ་མཁྲིས་དྲི་ཆུ་སྦྱར། །ལུས་ལ་བྱུགས་པས་འཁོར་ལ་འཕྲོ་མི་འགྱུར། །གཉིས་པ་བསྔངས་སུ་གཞུག་པ་མེ་གཟའ་ལ། །ཉེ་བྲམ་[ཉི་གྲིབ་]མཚམས་སུ་ནད་པ་ཙོག་བུར་[པུར་]བཞགས་[བཞག]། མ་ཚོར་གསང་ཐབས་ཆུ་རྫས་[རྫ་]བདུན་གྱིས་རྒྱབ[བྲན]། །རྒྱབ་ནས་དུང་འབུད་བྲོས་བསྔངས་སྔར་ཤུལ་ཚུད་[དབུལ]། །དེ་རྗེས་བྱུག་པས་བྱུག་ལ་གསོ་བ་ཡིན། །ཆུ་གཟར་[གཟས་]ཟིན་ན་གསང་མཐའ་མེ་ཡིས་བསྐོར། །བྲོས་ན་མདའ་[གྲི་]མཚོན་ཐོགས་རྒྱོབ་སོད་བསྡིག །འབྲོས་ཤེས་སྐད་འབྱུང་ནུས་ན་བཏང་ལ་བཞག །འོག་ཏུ་སོགས་[སོག་]འབོལ་ཡིན་ནས་[སྟེང་དུ་]གསོ་[གོས་]བཏིང་ནས། །རྔ་དུང་སྐད་དང་ཕྲད་ནས་བསྒྱུར་[སྐྱུར་]ཏེ་བཏང་། །ཁ་ཟས་ཆང་དང་མར་རྙིང་ཤ་ཁྲག་སྤངས། །སྦྲང་དང་མར་གསར་ཞོ་དར་དཀར་ཆོས་བསྟེན། །སྤོངས་[སྤོས་]དཀར་སྦྲང་དང་སྦྱར་ནས་ཁོང་དུ་བཏང་། །སྤྱོད་ལམ་མི་གཙང་བསྲུང་ལ་མེ་ཉི་སྤང་། །མེའི་[མི་ཡིས་]མི་ལབ་མི་གཅོལ[ཅོལ་]སྙན་ཚིག་སྨྲ། །ཁྲུས་ཆུ་གྷྲི་ཝང་ག་བུར་བཟང་པོ་དྲུག །ཙན་དྷན་[དན་]གླ་རྩི་སྤོས་དཀར་དྲི་ཆུས་བཀྲུས། །ཡང་ན་དེ་རྣམས་སྒོག་སྐྱ་ནུས་ལྡན་བསྲེག །ཆང་དང་སྦྱར་ནས་ལུས་ཀུན་ཡང་ཡང་བཀྲུ། །གཟའ་གཟུངས་བརྗོད་ཅིང་གཟུངས་ཁྲུས་བྱ་བ་ཡིན། །གཟའ་ཚོགས་གཟའ་འགྱོགས་བྱེད་རྒྱ་བཀྲོལ་ཁ་རྣམས། །གང་ཡང་དང་པོ་ཀླུ་ཆོག་རྒྱབ་བཅོས་བྱ། །དེ་རྗེས་དཀར་གཏོར་དམར་གཏོར་གཉིས་བཤམས་ནས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་གུ་ཁུལ་[གུལ་]གྱིས། །ནད་པ་བདུག་ཅིང་གཟའ་སྔགས་མང་དུ་བཟླས། །ཨཱོཀཏསྐེག་སྭཏཱ[ཨོཾ་ཀེ་ཏ་ཀེ་ཏ་སྭཱཧཱ]། །དེ་རྗེས་སྔགས་ཀྱིས་གཟའ་ལ་གཏོར་མ་བཞིན[བྱིན་]། །ཨཱོ་བག་ཤ་དེ་བ་ནི་རི་བྷ་ལིང་ཏ་ཁ་ཧི་ཁ་ཧི། །སྨྲང་གིས་བཀྲོལ་བ་སྣང་གཤེན་དཔུང་ལ་སྒྲོན། །གཏོར་མ་མི་རྟ་ཆ་ལུག་[ལུགས་]དམར་པའོ། །གཡས་པས་དཀར་གཡོན་པས་དམར་གཏོར་ཐོག། གཟའ་སྔགས་བཟླས་ཤིང་རི་ཟུར་མཐོ་ལ་བསྐྱལ། །དེ་ཤུལ་ནད་པ་དེ་དང་རྒྱབ་སྤྲད་ལ། །རྟེ་བུ་ཞུགས་ནས་བརྟེག་[བརྡེག་]གཏམ་དེ་ལ་དྲི། །དེ་ཡི་ནུབ་མོ་གཟའ་ཡི་བྱེད་[བྱད་]བཀྲོལ་ནི། །སླང་[སླ་]ང་ཆུ་ཡིས་བཀང་པའི་ཁང་[ཁ་]གདང་དུ། །གཟའ་བརྒྱད་གཟུགས་བཀོད་ཁ་དོག་སོ་སོར་བསྒྱུར། །ཤར་ཏུ་ཉི་མ་དམར་པོས་པདྨ་འཛིན། །བྱང་དུ་ལགས་[ལྷག་]པ་སེར་ཨོ་[པོས་]ཨུད་དཔལ་[ཨུཏྤལ་]འཛིན། །ནུབ་ཏུ་ཟླ་བ་དཀར་པོས་ཨུ་[ཀུ་]མུད་ཏ། །ལྷོ་ནས་ཕུར་བུ་ལྗང་ཁུས་པོ་ཏི་འཛིན། །ལྷོ་ཤར་མིག་དམར་མེ་དཔུངས་[ཕུང་]འབར་བ་འཛིན། །ནུབ་བྱང་པ་སངས་དཀར་པོས་རལ་གྲི་ཐོག[ཐོགས]། །ལྷོ་ནུབ་ར་ཧུ་ནག་པོས་སྦྲུལ་ཞགས་འཛིན། །བྱང་ཤར་སྤེན་པ་སྔོན་པོས་དབྱུག་པ་འཛིན། །སླང་[སླ་]ངའི་ཐོག་ཏུ་ཐམས་ཅད་ནུང་དུ་ཁ་གདང་བཞག །གཟའ་ཡི་མིང་དང་སྙིང་པོ་བྲིས་ལ་གླན། །ནད་པ་གཟའ་གཟུགས་བྱེད་[བྱད་]ཐག་སྔོན་[སྔོ་]དམར་སྦྲེལ། །སླང་[སླ་]ངའི་ཕྱོགས་བཞིར་མར་མེ་བཞི་བཞི་སྒྲོན། །ཨཱོ་[ཨོཾ་]ཀི་[ཀེ་]ཏ་ཀེ་ཏ་ར་[རཱ་]ཧུ་ལ་ས་[སྭཱ་]ཧཱ།བརྒྱ་རྩ་བརྒྱད་བཟླས་བྱད་ཐག་བཀྲོལ་ནས་བཅད། །ཡག་ཤཾ་ཕཊ༔ ༔དུར་ཤམ་ཟླ་བ་ཕཊ༔ ༔སེ་ཤིམ་མིག་དམར་ཕཊ༔ ༔ཕགས་ཤམ་ལྷག་པ་ཕཊ༔ ༔དྲག་ཤམ་ཕཊ༔ ༔ཙམ་ཤམ་ར་[རཱ་]ཧུ་ལ་ཕཊ༔ ༔བརྒྱ་རྩ་བཟླས་ནས་ཉི་མ་ཟླ་བ་དང༌། །དམིག་ལག་[མིག་ལྷག་]ཕུར་པ་[བུ་]པ་བ་[པ་]སངས། །སྤེན་པ་ར་[རཱ་]ཧུ་བརྒྱད་སྨྲང་གིས་བཀྲོལ། །བྱེད་[བྱད་]ཐག་གྲིས་བཅད་ཆུ་ཡི་ནང་དུ་བསྐུར། །རྫས་སྣོད་བྱོ་ལ་ཐོ་རས་[རངས་]ཆུ་ལ་བསྐྱལ། །རྒྱུ་དུས་བརྒྱད་ལ་གཟའ་ཆོག་བྱེད་[བྱད་]བཀྲོལ་བྱ། །མི་ལྡོག་ཐབས་ལ་ཟིན་ནས་ཞག་བདུན་ནས། །ཀླུ་བརྒྱད་བྱས་ནས་ཟིན་དུས་རྒྱུ་ཕྱོགས་སུ། །བོང་བུ་ཕུགས་རོང་[ཕུག་རོན་]གླུད་དང་བཅས་ཏེ་བཏང༌། །ནད་པ་སོས་ནས་ཕ་ཝང་ལོང་བུ་དང་། །ཚེ་[ཆོ་]ལོང་འཕྲ་མོན་[ཁྲ་མེན་]གཟའ་གཟུངས་ཉུང་དཀར་སྔགས། །དར་གྱིས་བཏུམ་[བཏུམས་]ནས་རྐན་[སྐེ་]རུ་བཏག་[བཏགས་]པ་ཡིན། །དེ་ཡིས་ཕྱིར་མི་ལྡོག་པའི་ལོག་གནོན་ཡིན། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་གཟའ་གདོན་བཅོས་པའི་ལེའུ་སྟེ་གྱ་དྲུག་པའོ།། །།


མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 2:49 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།