སྨན་རྩིས་དྲ་བ། - ཐུགས་འབུམ་མཁའ་སྔོན།

ལེའུ་ལྔ་པ། གསོ་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.01.2023
ཐུགས་འབུམ་མཁའ་སྔོན། >>


ལེའུ་ལྔ་པ། གསོ་ཐབས། 

ད་ཡང་དཔྱད་བུ་ཁྲི་ཤེས་ཀྱི་(ཀྱིས)ཞུས་པ། ཐམས་ཅད་མཁྱེན་པའི་སྟོན་པ་གཤེན་རབ་ལགས། །གསོ་རིག་ནད་ལ་གཉེན་པོ་ཅི་ལྟར་སླབ་(བསླབ)། །ཐམས་ཅད་མཁྱེན་པས་བདག་ལ་བསྟན་དུ་གསོལ། །ཞེས་ཞུས་སོ། །དེ་ལ་སྟོན་པས་བཀའ་སྩལ་(བསྩལ)པ། དཔྱད་བུ་ལ་སོགས་འཁོར་རྣམས་མ་ཡེངས་ཉོན། །ནད་ལ་གསོ་བར་བྱེད་པའི་གཉེན་པོ་ནི། །ཟས་དང་སྤྱོད་ལམ་སྨན་དཔྱད་བཞི་ཡིན་ཏེ། །རྟ་བོང་ཕྱི་བ་ལོ་ཤ་ཤ་ཆེན་དང་། །འབྲུ་མར་ལོ་མར་བུ་རམ་སྒོག་སྐྱ་ཙོང་། །འོ་མ་ལྕ་བ་ར་མཉེ་ཟན་ཆང་དང་། །འོ་མ་ལྕ་བ་ར་མཉེ་ཟན་ཆང་དང༌། །བུར་ཆང་རྒྱུས་(རུས)བཅུད་རླུང་ནད་ཅན་གྱི་ཟས། །བ་ར་(རའི)ཞོ་དང་མར་གསར་རི་དྭགས་ཤ། ར་ཤ་སྐོམ་ཤ་གསར་པ་ཆག་ཚེ་དང༌། །སྐྱབས་དང་ཁུར་ཚོད་ཆབ་ཚ་ཆུ་བསིལ་དང༌། །བསྐོལ་གྲང་མཁྲིས་པའི་ནད་ཀྱི་ཟས་སུ་བཤད། །ལུག་དང་གཡག་རྒོད་གཅན་ཟན་(གཟན)ཉ་ཡི་ཤ །སྦྲང་རྩི་སྐོམ་པའི་(སྐམ་སའི)འབྲུ་རྙིང་ཟན་དྲོན་དང༌། །འབྲི་ཡི་ཞོ་དང་གར་ཆང་ཆུ་སྐོལ་ནི། །བད་ཀན་ནད་གཞི་ཅན་གྱི་(གྱིས)བསྟེན་པར་བྱ། །རླུང་ལ་དྲོ་སར་ཡིད་འོང་གྲོགས་བསྟན་(བསྟེན)ཞིང༌། །མཁྲིས་པའི་ནད་ལ་བསིལ་སར་དལ་བར་བསྡད། །བད་ཀན་ནད་ལ་རྩོལ་བཅག་དྲ་(དྲོ)བར་བརྟེན(བསྟེན)། །རླུང་ལ་མངར་བསྐྱུར་(སྐྱུར)ལན་ཚྭ་སྣུམ་ལྕི་འཇམ། །མངར་ཁ་བསྐ་བསིལ་སླ་རྟུལ་མཁྲིས་པའི་སྨན། །ཚ་སྐྱུར་བསྐའ་(བསྐ)རྣོ་རྩུབ་ཡང་བད་ཀན་ནོ། །རོ་ནུས་དེ་ལ་སྦྱོར་བ་ཞི་སྦྱང་གཉིས། །ཞི་བྱད་(བྱེད)རླུང་ལ་ཁུ་བ་སྨན་མར་གཉིས། །མཁྲིས་པའི་ནད་ལ་ཐང་དང་བཅུར་ནས་(ཅུར་ནིས)བསྟན(བསྟེན)། །བད་ཀན་ནད་ལ་རིལ་བུ་ཏྲེས་སམ་སྦྱར། །ཁུ་བ་རུས་བཅུད་བཅུ་བཞི་མགོ་ཁྲོལ་ཏེ། །སྨན་མར་ཛཱ་ཏི་སྒོག་སྐྱ་འབྲས་བུ་གསུམ། །རྩ་བ་ལྔ་དང་སྨན་ཆེན་དག་ལ་སྦྱར། །མ་ནུ་སླེ་ཏྲེས་ཏིག་ཏ་འབྲས་བུའི་ཐང༌། །ག་བུར་ཙན་ལྡན་(དན)གུར་གུམ་ཅུ་གང་ཕྱེ། །བཙན་དུག་ཚྭ་སྣ་རྣམས་ཀྱི་རིལ་བུ་དང༌། །ཧྲས་(ཏྲེས)སམ་སེ་འབྲུ་ད་ལིས་རྒོད་མ་ཁ། །ཚྭ་དང་ཅོང་ཞི་བསྲེགས་པའི་ཐལ་སྨན་ནོ། །སྦྱོང་བྱེད་རླུང་གི་ནད་ལ་འཇམ་རྩི་སྟེ། །མཁྲིས་པ་བཤལ་ལ་བད་ཀན་སྐྱུགས་ཀྱིས་སྦྱང་། །འཇམ་རྩི་སླེ་འཇམ་བཀྲུ་མཇམ་(འཇམ)བཀྲུ་མ་ལྷན་(སླེན)། །བཤལ་ལ་སྤྱི་བཤལ་དགོས་(སྒོས)བཤལ་དྲག་དང་འཇམ། །སྐྱུག་ལ་དྲག་སྐྱུག་འཇམ་སྐྱུག་གཉིས་སུ་སྦྱར། །དཔྱད་དུ་བསྐུ་མཉེ་ཧོས་(ཧོར)གྱི་མེ་བཙའ་དང༌། །རྔུལ་དབྱུང་གཏར་ཁ་ཆུ་ཡི་འཕྲུལ་འཁོར་དང༌། །དུག་དང་མེ་བཙའ་རིམ་བཞིན་དཔྱད་ཀྱིས་བཅོས། །དེ་ལྟར་གསོ་ཐབས་དགུ་བཅུ་རྩ་བརྒྱེད་(བརྒྱད)པོ། །ཡེངས་མེད་གུས་པས་བརྩོན་པར་བསྟན་(བསྟེན)བྱས་ན། །ནད་ཀྱི་འདམ་ལས་མྱུར་དུ་གྲོལ་བར་འགྱུར། །ཞེས་གསུངས་སོ། །

གསོ་ཐབས་ཐུགས་འབུམ་མཁའ་སྔོན་ལས་གསོ་ཐབས་ཀྱི་ལེའུ་སྟེ་ལྔ་པའོ།། །།




མཐའ་མའི་འདོན་ཐེངས་།: 17.01.2023 ཉིན། 3:39 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།