སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་བཅུ་གཅིག་པ། སྨན་ཆང་གི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་བཅུ་གཅིག་པ། སྨན་ཆང་གི་སྡེ་ཚན་བསྟན་པ།

དེ་ནས་ཡང་གསོ་བ་རིག་པ་འཛིན་པའི་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེེའ་(ཀྱེེ་)འཚོ་མཛད་སྨན་པའི་རྒྱལ་པོ་ལགས། ཡན་ལག་སྨན་ཆང་སྦྱོར་བ་གསུངས་པ་ཡང་།། བདག་ཅག་འཁོར་རྣམས་ཀུན་ལ་བཤད་དུ་གསོལ།། དེ་སྐད་ཞུས་ཏེ་སྟོན་པས་བཀའ་སྩལ་(བསྩལ་)པ།། དཔྱད་བུ་ལ་སོགས་ཉན་པའི་འཁོར་རྣམས་ཀུན།། ཡན་ལག་གསུམ་པ་སྨན་ཆང་སྦྱོར་བ་ནི།། བད་ཀན་རླུང་གི་ནད་ལ་མཆོག་ཡིན་ནོ།། སྦྲང་རྩིའི་ཆང་ལ་ལག་ལེན་གསུམ་ཡོད་དེ།། རྐྱང་པ་ཁུག་པ་ཡོངས་རྫོངས་རྣམས་(རྣམ་)པ་གསུམ།། དང་པོ་སྦྲང་ཆང་རྐྱང་པའི་སྦྱོར་བ་ནི།། སྦྲང་རྩི་དར་གྱིས་བཙག་ནས་སྤྲ་ཚིལ་སྟོན།། སྦྲང་རྩི་བྲེ་གང་ཆུ་བྲེ་དྲུག་བཏབ་ནས།། ཡང་གཅིག་སྔ་མ་(རྔ་མས་)ལེགས་བཙག་བསྡུས་པ་ན།། བྲེ་དོར་སོང་དུས་ཆུ་བྲེ་གང་བླུག་ནས།། ངད་པ་བཅད་ཕྱིར་ཕྱར་ན་འོ་དྲོད་ཙམ།། སྦང་ཕབས་སྙིམ་གང་བླུག་པ་ཞོ་བཞི་དང་།། ཀ་ར་ནང་བཅུག་ལེགས་པོར་དྲོས་པར་བཏུམ།། བོ་དགོས་བྱས་ནས་ཤིང་ལ་གཏོད་ནས་བསྙལ།། སུག་སྨེ་(སྨེལ་)བཏབ་པས་ཕབས་ཐལ་བྱེད་པ་ཡིན།། ཞག་མ་གསུམ་མམ་ལྔ་རུ་མནན་པས་ལྡང་།། ལང་དུ་(དུས་)དྲི་འཕྱུར་སྦུ་(ལྦུ་)བ་ཆིལ་ལེ་འབྱུང་།། ཚ་བ་གསུམ་པོ་ཁ་ཚར་བཏགས་(བཏབ་)ནས་ཀྱང་།། རྒོངས་(དགོངས་)དང་ཐོ་རངས་ཇ་སུན་ཙམ་རེ་བཏང་།། རླུང་ཚབ་(ཚབས་)ཆུ་སེར་ཚིག་(ཚིགས་)གྲམ་ཚ་གྲང་འདྲེས།། རུས་ལ་ཚ་བ་གསེར་(གསར་)དང་མཁལ་རླུང་དང་།། ཆུ་སེར་ནད་ལ་བདུད་རྩི་ཆེན་པོ་ཡིན།། ཁུག་པ་བུ་རམ་བཏབ་ལ་གོང་བཞིན་བསྙལ།། དེ་ཡིས་རླུང་དང་ཆུ་སེར་སེལ་བར་བྱེད།། གསུམ་པ་སྦྲང་ཆང་ཡོངས་རྫོགས་བྱ་བ་ནི།། ཚ་བར་སེང་ལྡེང་གོང་གི་སྟེང་དུ་བསྣན།། མེ་ཏོག་དབྱར་(གཡར་)མོ་ཐང་ནི་འཚོགས་(ཚོགས་)ཚད་བསྡུས།། གྲིབ་སྐམ་བྱས་ནས་ཆུ་ཐུབ་སྣོད་དུ་བཏིག། ཞག་གཅིག་པ་ན་ཚོད་ཆུ་བསྣན་ལ་བསྲིང་།། སྦྲང་རྩི་ཕུལ་གང་མེ་ཏོག་ཁུ་བ་སྡེབས(བསྡེབས)།། འོ་དྲོད་ཙམ་ཅིག་བསྲོས་ནས་ཞག་གསུམ་བསྙལ།། མེ་ཏོག་ཆང་ཞེས་བྱ་སྟེ་སྦྲང་བཞིན་རྩི།། བུར་ཆང་ནས་གྲོ་གཟེ་མ་དྲོད་སྨན་བཏབ།། བསྙལ་ནས་ལང་དུས་བུར་ཆུ་རྒྱབ་(བརྒྱབ་)ནས་བསྲིང་།། གློ་སྙིང་མཁལ་ཚད་རུས་པའི་རླུང་ནད་དང་།། བད་རླུང་སྐྱ་བོ་སེལ་བའི་རྩི་ཡིན་ནོ།། ཡང་ན་བུ་རམ་ནས་ཆང་མར་གསུམ་བསྐོལ།། དེ་ལ་སུག་སྨེ་(སྨེལ་)མར་དང་གོ་སྙོད་སྨན་ནག་གསུམ་བཏབ་ནས།། ཞག་གསུམ་བསྙལ་བས་གྲང་རླུང་མ་ལུས་སེལ།། ཚ་བའི་མིག་བྲོས་རླུང་རོ་འགོག་རྐ་(དཀའ་)འདོན།། གཟེ་ཆང་གཟེ་མ་ནས་དང་བསྲེས་ལ་བཙོས།། གཟེ་མ་ཆུ་དང་བསྲེས་པའི་ཁུ་བ་དེས།། གཟེ་ནས་བསྲེས་པའི་གླུམ་ལ་བརྒྱབ་ལ་བསྲིང་།། རུས་པའི་རླུང་དང་མཁལ་རླུང་ཆུ་སེར་འཇོམས།། རུས་པའི་ཆང་ནི་ཚང་ཆུང་རུས་པ་དང་།། ཐོང་ཚེར་ནད་རུས་མ་ཡིན་རུས་བུབ་(བུབས་)གཅིག། ཞིབ་ཏུ་བརྡུང་ལ་ལེགས་པར་བཙོས་ཁུ་ལ།། བུ་རམ་བཏབ་པས་རུས་ཞུགས་རླུང་ལ་རྩི།། སྲེ་ལོང་མང་བཙོས་བརྡུང་པའི་རུས་ཆང་གིས།། འཐོར་བུའི་རླུང་སེལ་ཚ་བ་ཀུན་དང་མཉམ།། སྲོ་ལོའི་ཆང་སྦྱོར་སྲོ་ལོ་ཆུར་སྦང་པ།། གྲོ་ཆང་བསིང་པས་གློ་ཚད་རླུང་གིས་བཀྱག་(བཀྱགས་)པ་ལ།། རླུང་ལ་རྩི་ཏེ་ཚད་པ་དེ་ལ་བསིལ།། དེ་ལ་ཏིག་ཏ་ཨ་རུ་ར་དང་སྦྱར་ནས་བསིང་།། བསིལ་ཚད་སྙིགས་རླུང་འདྲེས་པ་སེལ་བར་བྱེད།། ཁྱི་ལྕེ་སྦང་བའི་ཁུ་བས་ཚྭ་(ཚ་)བ་སེལ།། རུས་ཆང་ཛ་(ཛཱ་)ཏི་སྦྱར་བས་སྙིང་རླུང་སེལ།། རྒུན་ཆང་བུ་རམ་བསྡེབ་པས་གློ་ནད་སེལ།། འབྲུ་ཆང་ན་ལེ་ཤམ་གྱི་ཆང་བསྡེབ་པས།། བད་ཀན་ནད་སེལ་རླུ་(རླུང་)རིགས་ཀུན་ལ་རྩི།། འབྲུ་ཆང་རྒྱ་ཚ་སྦྱར་བའི་ཚ་ཆང་དེས།། ལྒང་པ་ཚིག་ཚིགསཔའི་གྲང་རླུང་མ་ལུས་སེལ།། སེང་ལྡིང་(ལྡེང་)ཆུ་སྦང་(ཆུ་སྦངས་)བསིང་པ་ཆང་དང་སྦྱར།། ཆུ་སེར་ནད་ལ་བདུད་རྩིའི་མཆོག་ཡིན་ནོ།། བཟང་དྲུག་འབྲུ་ཆང་ཟུང་(ཟུངས་)ཟད་དུག་ལ་སྨན།། གཞན་ཡང་ནད་ཐོག་གང་སྨན་སྨན་རྣམ་(རྣམས་)ལ།། ཆུ་ཡིས་བསིང་བའི་ཁུ་བ་སྨན་ཆང་ཡིན།། ཡང་ན་ཆང་ལ་སྨན་ཕྱེ་བཏག་(བཏགས་)པ་དེས།། ལུས་ཀྱི་རླུང་སེལ་ཕོ་བའི་མེ་དྲོད་བསྐྱེད།། ཟན་ཆང་ཟན་ལ་བསྙལ་བའི་ཟན་རྔོན་(སྔོན་)ལ།། ར་མཉེ་ལྕམ་པ་ལྕམ་པ་(གཟེ་མ་)རྣམས།། རྩ་བ་བསྐོས་(བརྐོས་)པའི་ཕྱེ་མ་ཞིབ་བཏག་(བཏགས་)ནས།། སླང་(སླ་)ངར་བརྔོས་ནས་བག་སེར་ཙམ་བྱས་ནས།། བྷ་ལོ་དེ་དང་སྡེབས་ཏེ་ཕབ་བཏབ་སྟེ།། བསྙལ་བས་ལངས་པའི་ཆང་དེ་ཆུ་ཡིས་བསིང་།། བུ་རམ་སྒ་དང་མར་བཏབ་ལག་པས་བཏུལ།། ཡང་ན་མར་དང་བསྡེབ་ནས་བཙོས་པ་བསྟན(བསྟེན)།། གྲང་རླུང་མཁལ་རྐང་(རྐེད་)ནད་དང་རྐང་པ་བཤལ།། རྣ་བ་འོད་(འོན་)དང་ཚིག་(ཚིགས་)བཞི་(གཞིར་)ཆུ་སེར་བཟུང་།། སྨད་ཀྱི་དྲོད་ཤོར་གྲང་བས་དྲི་ཆུ་བསྡོམ།། ཁོག་སྨད་གྲང་རྣག་འབྱམས་པ་འདི་ཡིས་གཅོད།། ཆང་སྨན་བསྡེབ་ལ་སྦྱོར་བ་ཉི་ཤུ་ཡོད།། དཔྱད་བུ་ལ་སོགས་འཁོར་རྣམས་སེམས་ལ་ཞོག། ཅེས་གསུངས་སོ།།

གསོ་བ་སྨན་འབུམ་དཀར་པོ་ལས་ཆང་སྨན་གྱི་སྦྱོར་སྡེ་བསྟན་པ་སྟེ་ལེའུ་བཅུ་གཅིག་པ་རྫོགས་སོ།། །།



མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:27 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།