སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཞེ་བདུན་པ། སྐད་འགགས་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཞེ་བདུན་པ། སྐད་འགགས་གསོ་བ།

བདུད་རྩི་སྨན་གྱི་མདོ་ལས་ནད་ཀྱི་སྡོང་པོ་ལྔ་གསོ་བའི་མདོ་སྡེ་མཛད། །སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དེ་ནས་ཡང་གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས། །མུ་ལེ་གྲུམ་ཤིང་སྨན་གྱི་སྡོང་པོ་ལ་ལོ་འབྲས་སྨན་གྱི་ཕུང་པོ་རྒྱས་པ་ཞིག་སྟོན་པ་ལ་ཕུལ་ནས་གསོལ་པ། །ཀྱེེ་མཚོ་[འཚོ]མཛད་སྨན་པའི་རྒྱལ་པོ་ལགས། །འདུ་བ་ནད་ཀྱི་རྩ་བ་སྡོང་པོ་ལ། །བཅོས་ཐབས་མདོ་ནས་དེ་ལྟར་བསྟན་ལགས་ན། །ཡལ་ག་གྱེས་པ་ལྟ་བུར་རྩ་བ་དེ་ལས་བྱུང་། །སྡོང་པོ་དེ་ལས་དགྱེས་[གྱེས]པའི་ནད་རྣམས་བཅོས་ཐབས་ཀུན། །བདག་ཅག་འཛིན་པའི་འཁོར་ལ་བསྟེན་[བསྟན]དུ་གསོལ། །དེ་སྐད་ཞུས་པས་སྟོན་པས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །རྩ་བ་སྡོང་པོ་ལས་བྱུང་ཡལ་ག་འདྲ་བ་ཡི། །གསོ་ཐབས་བསྟན་གྱིས་འཛིན་པས་དམ་པར་བཟུང་། །འདི་ལས་[ལ]དོན་ཆེད་[ཆེན]གསུམ་གྱིས་ཕྱེ་ནས་སྟོན། །འདུ་བ་རང་གི་ལུས་ལས་བྱུང་བ་དང་། །ཕ་རོལ་རྐྱེན་ལས་བྱུང་བའི་རྐྱེན་ནད་དང་། །ནད་མེད་ཕུང་པོ་བརྟེན་པའི་ཟུང་[ཟུངས་]གསོ་གསུམ། །རིམ་པ་བཞིན་དུ་མི་ནོར་ཁྱོད་ལ་སྟོན། །དང་པོ་རང་གི་ལུས་ལ་བྱུང་བའི་ནད། །འཐོར་བུའི་ནད་དང་བྱི་སྦ་[བྱིས་པ་]རང་འབྱུང་རྨ། །དང་པོ་མདོ་གནས་བདུན་པ་འཐོར་བུའི་བཅོས་ཐབས་སྟོན། །ཐོར་བུའི་ནད་ལ་སྐད་འགགས་དང་། །ཡི་ག་འཆུས་དང་སྐོམ་པ་[དད་]སྐྱིགས་བུ་དང་། །དབུག་[དབུགས་]མི་བདེ་དང་གྲུལ་[གྲོལ་]མ་སྲིན་བུ་དང༌། །སྐྱུག་པ་འཁྲུ་དང་དྲི་མ་འགགས་པ་དང་། །ཆུ་སྙིང་[སྙི་]ཆུ་འགགས་བྲལ་ཚད་[ཚད་འཁྲུ་]དྲེག་གྲུམ་དང༌། །ཆུ་སེར་རྩ་དཀར་ལྤགས་[པགས་]ནད་འཕྲན་[ཕྲན་]བུ་དང་། །གོ་རིམ་མི་ནོར་བཅུད་[བཅུ་]དགུ་ཁྱོད་ལ་སྟོན། །དང་པོ་སྐད་འགགས་ནད་ལ་རྒྱུ་རྐྱེན་དང་། །དབྱེ་བ་རྟགས་དང་བཅོས་ཐབས་བཞི་ཡིས་བསྟེན་[བསྟན]། །རྒྱུ་རྐྱེན་ཟས་དང་སྤྱོད་ལམ་གདོན་ལ་སོགས། །འདུ་བ་འཁྲུགས་པས་སྐད་(འགགས་)ནད་བསྐྱེད་འགྱུར། །གཉིས་པ་དབྱེ་བ་རླུང་མཁྲིས་ཁྲག་དང་བད་རྐད་[ཀན་]དང༌། །ཟད་བྱེད་ཚིལ་གྱུར་དས་ཆད་ཅིག་[བདུན་]དུ་བཤད། །གསུམ་པ་རྟགས་ནི་རླུང་གྱུར་སྐད་ལ་འཕེལ་འགྲིབ་ཆེ། །གྲེ་བ་རྩུབ་ཟིང་[ཚ་]གྲ་མས་གང་པ་འདྲ། །འཁྲིས་[མཁྲིས་]གྱུར་གྲེ་བ་ཚ་སྐམ་ཚིག་མི་ཐར། །ཁྲག་གྱུར་དྲག་ཤུལ་བཅུད་གནོད་གྲེ་བ་དམ། །བད་ཀན་འགུལ་[མགུལ་]པ་འགགས་ལ་སྐད་དམ་[དམའ་]འཛེར། །ཟད་བྱེད་དངས་མ་ལས་བྱུང་དུ་བདུགས་འདྲ། །བྲུད་ནས་བདེའམ་སྙམས་[སྙམ་]པའི་ཡིད་ལ་འོང་། །ཚག་[ཚིལ་]གྱུར་སྐད་འགགས་ཚེ་[ཚོ་]ཆེས་ཟས་ལས་བྱུང་། །དེས་[དས་]ཆད་དགྲེ་[གྲེ་]བ་ན་ལ་སྐད་མི་འབྱིན། །བཞི་པ་བཅོས་ཐབས་དང་པོ་རླུང་གྱུར་ནི། །ཨ་རུ་ཅུ་གང་ཤིང་མངར་སྤང་རྒྱན་དང་། །རུ་རྟ་སྲོ་ལོ་སུག་སྨེ་[སྨེལ་]ལི་ཤི་དང་། །ཀ་ར་འབྲས་མཆིན་[ཆན་]མར་ལ་སྦྱར་ཏེ་བཏང་། །ཟས་ཟོས་རྗེས་ལ་ཆུ་ཚན་བཏུང་བར་བྱ། །སྣུམ་ལྡན་དུགས་བྱ་འོ་ཐུག་མར་བཏབ་བླུད། །མཁྲིས་གྱུར་བམ་སོ་[བ་ལ་]ཧ་ལོ་རྩ་བ་རྒྱ་ཤུག་དྲི་བཟང་བཞི། །རྒྱམ་ཚ་སྦྱར་བསྐོལ་སྣ་ཡི་སྨན་དུ་བཏང༌། །ཤིང་མངར་ཞུན་མར་འབྲས་ཐུག་བཅས་ལ་བླུད། །སྤང་རྒྱན་ཤིང་མངར་བོང་ང་དཀར་པོ་དང་། །སྤང་རྒྱན་གསུམ་སྟེང་ཅུ་གང་ཀ་ར་བཏབ་ལ་བཏང་། །ཁྲག་གྱུར་སྐྱུ་རུ་རའི་ཐང་བཏང་སྐྱོར་གོང་གཏར། །བད་གྱུར་ཚ་བ་ལྔ་དང་ཡ་བག་ཤ་[བཀྵ]། །ཨ་རུ་ར་དང་སྦྲང་རྩི་སྦྱར་བ་བཞིན་[བྱིན]། །ནས་ཐུག་སྐྱུ་རུ་ར་དང་པི་པི་ལིང་། །ཐུགས་[ཐུག]པ་བྱས་ནས་དྲོད་སྨན་བཏབ་པ་བསྟེན། །སེལ་ཀ་[དཀའ]སྐྱུག་སྨན་རྣོན་པོས་སྦྱངས་རྗེས་བསྲེག །ཟས་བྱིད་[བྱེད]དུ་བ་ཨ་རུ་མར་དཀར་སྣ་སྨན་བཏང༌། །ཤིང་ཚ་སུག་སྨེ་[སྨེལ]དྲོད་སྨན་ཅུ་གང་དང༌། །ཀ་ར་རིམ་བསྐྱེད་སྦྲང་སྦྱར་འདི་[ལྡེ]གུ་བཏང༌། །ཚིལ་གྱུར་སྲན་མས་ཉམས་སྨད་ཟས་སྨན་ཀུན། །བྱི་རུག་གུལ་ནག་རྩུབས་ཆོས་[རྩུབ་བཅོས]ཁྲག་མང་དབྱུང་། །དེས་[དས]ཆད་ཤ་ཁ་ར་དང་སྦྲང་རྩི་སྦྱར། །མངར་གསུམ་བསྐོལ་ནས་ནང་པར་ལྟོ་སྟོང་བརྟེན་[བསྟེན]།  །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་སྐད་འགག་[འགགས]གསོ་བའི་ལེའུ་སྟེ་བཞི་བཅུ་བདུན་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:17 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།