སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ང་ལྔ་པ། འཁྲུ་བའི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ང་ལྔ་པ། འཁྲུ་བའི་ནད་བཅོས་པ། 

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །འཁྲུ་བའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་། །རྟགས་དང་བཅོས་ཐབས་བཞིའི་སྒོ་ནས་སྟོན། །རྒྱུ་ནི་མ་ཞུ་གནས་སྐབས་འཁྲུ་བ་དང༌། །ཕོ་བའི་མེ་ཉམས་རྒྱུ་ལོང་གྲང་བ་སྐྱེས། །འཁྲིས་[མཁྲིས་]པ་སྣོད་ལྷུང་མཆིན་ནད་ཐུལ་[ཐུར་]དུ་བབས། །གཉིས་པ་དབྱེ་བ་རླུང་མཁྲིས་བད་ཀན་འདུས་པའོ། །གསུམ་པ་རྟགས་ནི་མ་ཞུ་དོན་མེད་འགྱིང་[འགྱིངས་]རྗེས་འཁྲུ། །མེ་ཉམས་ཁ་ཟས་མ་རྗེན་[སྨིན་]རྒྱུན་པར་སྦྱངས་[འབྱང་]། །རྒྱུ་ལོང་གྲང་བ་འཁྲོག་འུར་འབྲང་[གྲང་]ན་སྡང་[ལྡང་]། །མཁྲིས་པ་སྣོད་ལྷུང་སེར་པོ་ཁྲག་ཅན་འཁྲུ། །མཆིན་ཚད་བབས་པ་དམར་སྨུག་དུད་ཁ་ཁུར་འཁྲུ། །རླུང་གྱུར་སྦོས་འཁྲོག་སྦུ་[ལྦུ་]བ་སྒྲ་བཅས་འཁྲུ། །འཁྲིས་[མཁྲིས་]པ་དམར་པོ་དྲི་མནན་[མནམ་]ཚོར་མེད་འཁྲུ། །བད་ཀན་བིལ་[བེལ་]སྣབས་འཁྲུ་ལ་ལྟོ་ལྕི་སྒྲིག་[སྒྲེག] །འདུས་པ་ལས་གྱུར་རྟགས་ཀུན་ལྡན་པར་འཁྲུ། །བཞི་པ་བཅོས་ཐབས་མ་ཞུ་མེ་ཉམས་ལ། །བསྙུང་[སྨྱུང་]བྱ་ཡོས་ཐུག་ཤ་གསར་སྒ་སྤོད་བྲན། །བུངས་ཆུང་བསྟེན་ཞིང་ཆང་འཇམ་ཆུ་བསྐོལ་བླུད། །དང་ལ་[ད་ལིས་]བདུན་དང་སྒོད་[རྒོད་]མ་ཁ་བྱེ་སྦྱར། །རྒྱ་ཚ་རྒྱམ་ཚ་ལྕེ་མྱང་ཁ་རུ་ཚ། །ཤིང་ཚ་ཚྭ་སྣ་ཚ་བ་ལྔ་དང་ལ་ལ་ཕུད། །སིལ་[སེ་]འབྲུ་ཤིང་ཀུན་བུ་རམ་རིལ་ལུ་[བུ་]བཏང༌། །སེལ་[སེ་]འབྲུ་ཤིང་ཚ་དྲོད་གསུམ་ཚ་བ་གསུམ། །ལ་ལ་ཕུད་རྣམས་ཆ་སྙོམས་འཁྲུ་བ་གཅོད། །ཟས་སྤྱོད་བསིལ་སྤངས་གཅན་གཟན་སྤུ་དུགས་བསྟེན། །རྒྱུ་ལོང་གྲང་བ་ལོང་གསང་མདུན་རྒྱབ་བསྲོ། །ཙི་ཏྲ་ཀ་དང་སུག་སྨེ་[སྨེལ་]ཚ་བ་གསུམ། །བུ་རམ་སྦྱར་བཏང་ཚ་བ་ལྕམ་པའི་དུད། །འཁྲིས་[མཁྲིས་]པ་[སྣོད་]ལྷུང་མཁྲིས་ཕྱེ་བདུན་པ་དང་། །ཨིན་ཏྲའི་[དྲའི་]བཞི་ཐང་སྦྱར་ནས་བཏང་བ་ཡིན། །མཆིན་ཚད་ཐུར་བབས་བད་སྨུག་ལྟར་བུས་[དུ་]བཅོས། །རླུང་གིས་འཁྲུ་ལ་སྣུམ་དུགས་འཇམ་རྩི་བཏང་། །སིལ་[སེ་]འབྲུ་ཚ་བ་ལྔ་དང་ཁ་རུ་ཚྭ། །ཤིང་ཀུན་བུ་རམ་སྦྱར་བཏང་ཞུན་མར་བླུད། །འཁྲིས་[མཁྲིས་]གྱུར་སེལ་[སེ་]འབྲུ་བོང་ང་བཅའ་སྒའི་ཐང་། །རྩ་འཁྲིས་[མཁྲིས་]བླ་ལྒང་[སྒང་]དུག་མོ་ཉུང་ཧུང་[ཧོང་]ལེན། །ཙི་ཏྲ་ཀ་དང་ཚྭ་གསུམ་བུར་[བུ་]རམ་སྦྱར། །འཁྲིས་སྐྲང་[མཁྲིས་སྐྲན་]མིག་སེར་འཁྲུ་བ་གཅོད་པར་བྱེད། །གླ་སྒོང་[སྒང་]བོང་ང་བིལ་བ་དུག་མོ་ཉུང༌། །ཏིག་ཏ་པ་ཏྲ་འུ་སུ་སྐྱེར་དྷ་[ཁཎྜ]། །ལྒ་དང་འབྲས་བཀྲུས་ཁུ་བ་སྦྱར་བླུད་ནས། །ཁྲག་དང་འཁྲིས་[མཁྲིས་]པ་འཁྲུ་ཞིང་འཁྲོག་པ་སེལ། །བད་ཀན་ཚ་བ་ལྔ་དང་ཨ་རུ་ར། །འུ་སུ་གན་དྷ་[གནྔྷ་]པ་ཏྲ་ཤ་ཁུ་དང་། །འབྲས་ཐུགས་[ཐུག་]སྦྱར་བླུད་ཤིང་ཀུན་ཆུ་དག་དང་། །ཧུང་[ཧོང་]ལེན་བོང་ང་དཀར་པོ་དུག་ཉུང་དང་། །པ་ཏྲ་གཟེར་[གཟེ་]མ་ཚ་བ་ཚ་[ཚྭ་]སྣ་ལྔ། །ཏིལ་དང་ཞོ་བཙོས་བསྲེགས་པའི་ཐལ་བ་དང་། །མར་སྦྱར་མ་ཞུ་བད་རླུང་སྐྲན་འཁྲུ་སེལ། །ཞེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་འཁྲུ་ནད་བཅོས་པའི་ལེའུ་སྟེ་ང་ལྔ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:09 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།