སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་བཅུ་བདུན་པ། འཇམ་རྩིའི་ལས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་བཅུ་བདུན་པ། འཇམ་རྩིའི་ལས་བསྟན་པ།

དེ་ནས་ཡང་གསོའ་(གསོ་)བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས།། ལས་ལྔའི་འཇམ་རྩི་གསུངས་པ་བཤད་དུ་གསོལ།། དེ་ལྟར་ཞུས་པས་སྟོན་པས་བཀའ་སྩལ་(བསྩལ་)པ།། དཔྱད་བུ་ལ་སོགས་འཁོར་རྣམས་མ་ལུས་ཉོན།། བཞི་པ་འཇམ་རྩི་འདི་ལ་རྣམ་པ་གཉིས་ཡིན་ཏེ།། རུང་དང་མི་རུང་བརྟག་དང་སྦྱོར་བ་དང་།། བཏང་ཐབས་ཕན་ཡོན་ཉེས་མིག་སོ་སོར་སྟོན།། དང་པོ་རུང་བ་རླུང་གི་གྲང་སྐྲན་དང་།། ལྟོ་བ་སྐྱ་སྦོས་ཙམ་(ཙམ་)པ་འཁྲུ་བ་དང་།། བསམ་སེ་རྡོལ་ནས་ཁུ་བ་ཟླ་མཚན་འཛག། རྒྱུ་ལོང་མཁལ་སྐེད་གྲང་བ་རྒྱས་པ་དང་།། སྨད་སྲིན་སྟོབས་ཆུང་རླུང་ནད་ཀུན་ལ་བཏང་།། མི་རུང་བ་ནི་དུག་ནད་ཡི་ག་འཆུས་དང་དམུ་ཆུ་དང་།། འོར་ནད་མཆིན་པ་རྒྱུ་ལོང་སྣོད་ཚད་དང་།། རྐང་ཚིལ་མ་ཞུ་བད་ཀན་རྒྱས་པ་སྤང་།། གཉིས་པ་སྦྱོར་བ་འཇམ་དང་ནད་སྦྱར་སྟེ།། རླུང་རྐྱང་སླན་(སླེན་)འཇམ་སྦྱོར་བ་བསྔགས་པ་སྟེ།། མཁྲིས་པ་འཁྲུ་(བཀྲུ་)འཇམ་བད་ཀན་འཁྲུ་(བཀྲུ་)མ་སླན(སླེན)།། དང་པོ་སླན་(སླེན་)འཇམ་འབྲི་ཡི་འོ་མ་མར།། རུ་རྟ་བྷེ་(དེ་)བ་དྷ་(ད་)རུ་པི་པི་ལིང་།། རྒྱམ་ཚ་ཨ་རུ་ར་དང་སྦྱར་བས་རླུང་ནད་སེལ།། གཉིས་པ་ཆུ་གནས་ཤ་དང་འོ་མ་མར།། གོང་གི་སྨན་དང་དུར་བྱིད་སྦྱོར་བ་དེ།། བཀྲུ་འཇམ་དེ་ཡིས་མཁྲིས་པའི་ནད་ཕན་སེལ།། གསུམ་པ་བཀྲུ་མ་སླེན་ནི་ཤ་སྐམ་འོ་མ་མར།། གོང་གི་སྨན་དང་སོན་ཆ་སྦྱོར་བ་དེས།། བད་ཀན་འབྲས་བུའི་ནད་རྣམས་དེ་ཡིས་སེལ།། ཡང་ན་རབ་འབྲིང་ཐ་མའི་སྦྱོར་བ་ནི།། རླུང་ལ་རབ་སྟེ་མར་དང་རྩ་བ་ལྔ།། མཁྲིས་པ་འབྲིང་ལ་ཤ་ཁུ་འབྲས་བུ་གསུམ།། བད་ཀན་ཐ་མ་འོ་མ་བཟང་པོ་ལྔ།། ཤ་སྨན་མར་དང་འོ་མ་གྲོགས་སུ་གཅེས།། ཁ་འཛིན་གསུམ་ནི་སོ་སོར་བཏང་བ་ནི།། རླུང་གི་ཁ་འཛིན་ཤིང་ཀུན་ཁ་རུ་ཚ།། མཁྲིས་ནད་ཅན་ལ་སླེ་ཁྲེ་(ཏྲེས་)ཁྱི་ལྕེ་བ།། བད་ཀན་ཅན་ལ་ལྒ་དང་པི་པི་ལིང་།། སྐྲན་ལ་རྒྱ་ཚ་སྲིན་ལ་བྱི་ཏང་ཀ། ཕོ་ལོང་སྦོས་ནད་ཅན་ལ་རུ་རྟ་སྡེབས།། གསུམ་པ་བཏང་བའི་ཐབས་ལ་ལུས་གནད་གཏོང་ལུགས་གཉིས།། དང་པོ་ལུས་གནད་རྐང་པ་གཡས་པ་བསྐུམ།། གཡོན་པ་བསྐྱང་(བརྐྱང་)ལ་ལག་པ་གཡོན་བསྐུམ་ནས།། སྔས་བྱས་གཡས་པ་བསྐྱང་(བརྐྱང་)ལ་བླ་(བརླ་)དཀྱིལ་མནན།། མང་ཉུང་ཚད་ནི་འཁྱོར་(ཁྱོར་)གང་ཕུལ་གང་དང་།། ཕུལ་ལུ་ཕྱེད་དང་དོ་ནི་ཚད་ཡིན་ནོ།། དགོང་མོ་དུས་ལ་བཤང་ལམ་བསལ་ལ་བཅའ།། གྲང་ན་ནུས་པ་མི་ཐོན་ཚ་ན་མཆོག། འོ་དྲོད་ཙམ་བསྲོས་སྨན་དང་བསྲེ་ལེགས་བྱ།། གྲོད་པའི་ནང་དུ་བླུག་ལ་དབུགས་མེད་གཅེས།། སྦུ་གུ་རྒྱུད་(བརྒྱུད་)ནས་གསང་བར་བཅུག་ལ་བསྐྱལ།། གན་བརྐྱལ་(རྐྱལ་)བསྙལ་(ཉལ་)ལ་རྐང་མཐེབ་གཉིས་བཟུང་།། གནམ་དུ་བཏེག་(བཏེགས་)ལ་རྒྱུ་མར་འགྲོ་ཐབས་བྱ།། འཕོང་(འཕོངས་)ཚོས་གཉིས་སུ་རྐང་མཐིལ་ཁུ་ཚུར་བརྡུང་།། མགོ་བོ་ཐུར་དུ་བསྟན་ནས་གན་རྐྱལ་མ་གྲང་ཉལ།། སླན་(སླེན་)འཇམ་དོ་ནུབ་སྲོད་དམ་ནང་པར་དབྱུང་།། དེ་མ་བྱུང་ན་རྩུབ་ཆོས་(འཆོས་)སྨན་སུན་བཏང་།། རླུང་ཤས་ཆེ་ན་མེ་དྲོད་ཉམས་པ་ལ།། སྨན་མར་མི་བྱ་ལེན་(ལན་)འགའ་བསྟུད་ནས་བཏང་།། ཕལ་ཆེའི་ནད་ཕྲན་ཡིན་ན་ལྕག་ལེན་(ལན་)བྱ།། ནད་རྙིང་གསོའ་(གསོ་)དཀའ་ལུས་ཟུངས་ངན་པ་ལ།། གཅིག་དང་གཉིས་སམ་ལན་མང་ཙམ་གྱིས་ཆོག། བཞི་པ་ཕན་ཡོན་རླུང་གནོན་བད་མཁྲིས་ཞེན་པ་སློང་།། བཏང་དྲགས་ཡི་ག་འགག་ལ་མེ་དྲོད་ཉམས།།་དེ་ལ་ནི་རུས་སྤེལ་མ་ནད་ཞེན་འདྲེན།། གྲང་ནད་ཕལ་ཆེར་འཕྲལ་དུ་སེལ་བ་ཡིན།། ཞེས་གསུངས་སོ།།

སྡུག་བསྔལ་ཞི་བྱེད་གསོ་བ་སྨན་འབུམ་དཀར་པོ་ལས་འཇམ་རྩི་སྨད་སུན་གྱི་ལེའུ་སྟེ་བཅུ་བདུན་པའོ།། །།



མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:19 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།