སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་གྱ་བཞི་པ། སྨྱོ་བྱེད་ཀྱི་གདོན་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་གྱ་བཞི་པ།  སྨྱོ་བྱེད་ཀྱི་གདོན་གསོ་བ། 

དེ་ནས་ཡོང་[ཡང་]འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །རྣམ་ཤེས་སྨྱོ་བྱེད་ནད་ལ་རྒྱུ་རྐྱེན་དང༌། །དབྱེ་བ་རྟགས་དང་བཅོས་ཐབས་བཞི་ཡིས་བསྟན། །རྒྱུ་རྐྱེན་སྙིང་སྟོབས་ཞེན་[ཞན་]ལ་མྱ་ངན་དང༌། །ཡིད་མི་བདེ་དང་སེམས་ལས་ཆེ་བ་དང༌། །ཟས་སྤྱོད་མི་འཕྲོད་གདོན་གྱིས་རྐྱེན་བྱས་ཏེ། །ཉེས་པ་འཁྲུགས་པས་རྣམ་ཤེས་རྒྱུ་གནས་ཞུགས། །ཡིད་དེ་ལམ་ལོག་དྲན་ཉམས་སྨྱོ་བར་འགྱུར། །དབྱེ་བ་རླུང་མཁྲིས་བད་ཀན་འདུས་པ་དང༌། །ཡིད་གདུང་དུག་གདོན་ལས་གྱུར་བདུན་དུ་བཤད། །གསུམ་པ་རྟགས་ནི་རླུང་གྱུར་ཤ་སྐམ་སྦུ་[ལྦུ་]བ་སྐྱུག །དོན་མེད་གཏར་[གཏམ་]མང་ངུ་ཞིང་འབྲོས་པ་ཡིན། །མིག་སྤྲིན་དམར་ལ་ཁ་ཟས་འཇུ་དུས་ལྡང་། །མཁྲིས་གྱུར་འཁྲོ་བརྡེག་བསིལ་འདོད་མིག་མཆུ་[ཆུ་]སེར། །མེ་དང་དཀར་པོ་སྣང་བ་སེར་པོར་མཐོང་། །བར་རྐན་[བད་ཀན་]རློན་ཞིང་སྨྲ་ཉུང་ཡི་ག་འཆུས། །གཉིད་ཆེ་ཁ་ཆུ་སྣབས་མང་འཇུ་[དུས་]ལྡང་། །འདུས་པ་ལས་ནི་ནད་ཀུན་རྟགས་སྟོན་ནོ། །ཡིད་གདུང་དྲན་སྐྱེས་[རྐྱེན་]དུས་ལྡང་སེམས་མི་བདེ། །དུག་གིས་མདོངས་[མདངས་]ཉམས་སྟོབས་ཆུང་སེམས་འཁྲུལ་བྱེད། །གདོན་གྱུར་གང་གནོད་[གནོད་]དེ་ཡི་སྤྱོད་པ་སྟོན། །བཞི་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་ཡིད་འཇུགས་[འཇུག་]ནད་ཀྱིས་བུ་ག་འགག་པ་བས་[བསལ]། །བདུད་རྩི་ལྔའམ་རུས་པའི་སྐུ་[བསྐུ་]མཉེ་བྱ། །ལུམ་[ལུམས་]དང་སྟོད་འདྲེན་ཁྲུས་གཏར་རྩ་སྦྱོངས་བཏོང་[གཏོང་]། །འབྲས་གསུམ་ཧ་རེ་ནུ་[ཎུ་]ཀ་[སྟེ་]མ་ནུ་ཀམ་[རྟ་སྐམ་]དང་། །སྒྲོན་ཤིང་བ་སྤྲུ་ཡུང་སྐྱེར་པ་ནི་[པརྞ་]གཉིས། །རྒྱ་སྤོས་རུ་རྟ་སྟག་ཚེར་སྲི་[པྲི་]ཡང་ཀུ། །ན་[ནཱ་]ག་གེ་སར་ད་ལི་[ལིས་]དོང་ཁ་བཙོད། །སེལ་[སེ་]འབྲུ་བྱི་ཏང་ཀ་དང་ཀ་ཀོ་ལ། །དབྱི་མོང་ཨུ་དཔལ་[ཨུཏྤལ་]ཙན་དན་ཤུག་པ་རྣམས། །མར་རྙིང་དགེའ་[དགེ་]བའི་སྨན་མར་ཞེས་བྱ་སྟེ། །རོ་རྩ་[ཙ་]བུ་བསྐྱེད་ལུས་རྒྱས་སྨྱོ་བྱེད་སེལ། །ཡིད་འཆོར་ལམ་ལོག་རྣམས་[རྣམ་]ཤེས་རང་མལ་ཕེབ་[ཕེབས]། །ཁྱེད་[ཁྱད་]པར་རླུང་གྱུར་འཇམ་རྩི་སྣུམ་ཆོས་[འཆོས་]བྱ། །བོང་བ་ཞོ་གཅིག་ཆད་[ཆང་]དུ་སྦང་སྐབས་[སྐམ་]བཏག[བཏགས]། །ཨ་རུ་ཞོ་དྲུག་ཆུ་ཕུར་[ཕུལ་]གང་ལ་སྦྱར། །བྲེ་གང་དུས་ན་མར་སྦྱར་བཟང་དྲུག་དང་། །ཞུན་བྱས་ལྡོ་[ལྟོ་]སྟོང་ཆ་ཡིས་བྲིད་ནས་བཏང་། །མ་བྲིད་དུག་ཡིན་དུས་གཅིག་བཏང་ནས་དུག་ཡིན་འཆི། །ཡང་ན་ག་སུ་[བྱ་ཁྱུང་]ལྔ་པ་ཛ་[ཛཱ་]ཏི་མཉམ། །རིལ་བུ་བྱས་ནས་ནང་ནང་རེ་རེ་བསྐྱེད། །ཛྭ་[ཛཱ་]ཏིའི་མར་དང་རུ་[རུས་]ཆེན་སྨན་མར་རྣམས། །ལོ་ཤ་ལོ་མར་ཤ་ཆེན་བུ་འཆང་[གར་ཆང་]བསྟན[བསྟེན]། །ཨ་རུ་ཚ་བ་གསུམ་དང་ཙི་ཏྲ་ཀ །འུ་སུ་ལ་ལ་ཕུད་དང་ཁ་རུ་ཚྭ། །རྒྱམ་ཚྭ་བུ་རམ་སྦྱར་བའི་ཕྱི་[ཕྱེ་]མ་བསྟེན། །རླུང་གསང་དྲུག་པ་སྙིང་གསང་སྙིང་སྨད་བསྲེག །མཁྲིས་གྱུར་དན་དྷ་[ད་]གསེར་ཕུད་མེ་ཏོག་དང་། །ཨ་རུ་ར་དང་པི་པི་ལིང་གིས་སྦྱར་[སྦྱང་]། །ཏིག་ཏ་མ་ནུ་རུ་རྟ་བ་ཤ་ཀ །[ཧོང་]ལེན་གུར་ཀུམ་སྐྱུ་རུའི་ཕྱེ་མ་བཏང༌། །སྙིང་རྩ་གཏར་ནས་ཏིག་ཏའི་སྨན་མར་སྦྱར། །ཟས་སུ་ལུག་ཤ་རྔ་བྲན་ཤ་སར་[གསར་]བསྟེན། །བད་གྱུར་སྤྱང་ཚེར་སྒེབ་ཤེར་[སྒེ་གཤེར་]པོ་སོན་ཆ། །བ་ཡི་འོ་མ་སྦྱར་ནས་སྐྱུག་ཏུ་འཇུག་[བཅུག] །སོ་བ་སྲི་དེ་[སྲེ་ད་]ཆང་ཟན་ཉ་ཕག་ཤ །གོང་སྲེག་ཤ་སྦང་ལས་[ལ་]སོགས་རྩུབ་སྨན་ཟས། །བསྟེན་ནས་མེ་ཐུར་རླུང་ལྟར་བཅོས་པར་བྱ། །འདུས་པ་ཆ་[ཚ་]བ་ལྔ་དང་ཤིང་ཀུན་དང་། །སིལ་[སེ་]འབྲུ་ཁ་རུ་ཚ་ཡི་ཕྱེ་མ་བཏང་། །དེ་དང་འདུས་པ་ཀུན་གྱི་གསོ་ཐབས་སྦྲག །ཡིད་གདུང་དགའ་བའི་ཟས་ནོར་གྲོགས་ལས་[ལ་]སོགས། །གཏམ་སྙན་སེམས་འཕང་མཐོ་ཐབས་དེ་ཡིས་བཅོས། །དུག་ལ་དཔའ་སེར་བོ་[བོང་ང་]དང་[དཀར་]དམར་རྩོད་[རྩད]། །རེ་རལ་ཡང་[ཡུང་]བ་དྲི་ཆུའི་རིལ་བུ་བསྟེན། །ཡིད་གདུང་དུག་གཉིས་ནད་སྟོབས་སྤྱི་རུ་ཆུང་། །གདོན་གྱུར་བྱི་མ་[ལ་]ར་ཐུག་འུགས་ས་བ[འུག་པ་ཝ]། །སྐྱིད་སྡུག་[གཅིན་རྟུག་]མཁྲིས་སེན་སྤུ་སྤ་མོ་[པགས་]དང་། །དགེ་བའི་སྨན་དམར་[མར་]སྤོས་དང་སྦྱར་ནས་བདུག །བལ་ཆེན་ཀུན་བཏག་[བཏགས་]གདོན་ནི་རིམ་འགྲོའ[གྲོ་]བསྟུན། །ཞིམ་བས[བྱི་ལས་]འཇབས་བཅོས་མ་ཐུབ་དྲག་ལ་བསྣུབ། །ཅེས་གསུངས་ཏེ།

གསོད་[གསོ་]བྱའི་ནད་འབུམ་ནག་པོ་ལས། རྣམ་ཤེས་སྨྱོ་བ་གསོ་བའི་ལེའུ་སྟེ་གྱ་བཞི་པའོ།། །།


མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 2:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།