སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་བཅུ་དགུ་པ། རྙིངས་པའི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་བཅུ་དགུ་པ། རྙིངས་པའི་ཚ་བ་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །རྙིངས་ཚད་གསོ་བ་བསྟེན་[བསྟན་]གྱིས་རིགས་པས་བཟུངས་[ཟུངས]། །འདི་ལ་རྒྱུ་རྐྱེན་ངོ་བོ་མིང་དང་དབྱེ་བ་དང་། །རྟགས་དང་བཅོས་ཐབས་རྣམས་[རྣམ་]པ་བདུན་ཡིན་ཏེ། །རྒྱུ་ནི་ཚ་བ་ཡུན་སོང་ལོ་ཟླ་འདས། །གཉིས་པ་དེའི་རྐྱེན་ལ་གསུམ་ཡིན་ཏེ། །རང་བཞིན་རྐྱེན་དང་[གྱིས་]རྙིང་[རྙིངས་]དང་སྦྱོར་བས་རྙིང་[རྙིངས]། །རང་བཞིན་རྙིངས་པ་བད་སྨུག་ཤས་ཆེ་བས། །ལོ་དང་ཟླ་བར་ཟུངས་དང་ཡེ་ནས་འདྲེས། །རྐྱེན་གྱིས་རྙིངས་པ་ཚ་བ་འཕྲ་[ཕྲན་]བུ་ལ། །ཟབ་[ཟས་]སྤྱོད་མ་བསྲུངས་ཕྱགས་[ཕྱོགས་]མེད་བཏང་བ་ཡིན། །སྟོབས་ཆུང་རྒྱས་པར་མཆད་[མཆེད་]ཀྱང་མ་ནུས་ཏེ། །ཟས་སྤྱོད་རྐྱེན་དེས་ཚ་(བ་ཞི་མ་སྟེར།) །ཡང་ན་སྨིན་མཁྲིས་ཤེས་[ཤས་]ཅན་ལ་བཅོས་སྔས་དང་། །སྦྱོར་བ་སྨིན་ནི་[དམན་པ་]སྟོབས་ཆུང་འཇམ་[ཆམ་]འཁྲུགས་སམ། །འགྲམ་[འགྲམས་]ཆུང་གཉིན་[གཉེན་]པོས་མ་གནོན་ཡུན་སང་[དུ་]འབྱུང་། །གསུམ་པ་རྙིངས་ཚད་རང་ཉིད་ངོ་བོ་ནི། །དེ་ལྟར་རྐྱེན་དེས་ལོ་དང་ཟླ་བ་རུ། །ནད་དང་ཟུངས་སུ་འདྲེས་ནས་ཞེན་པ་དེས། །ལྕགས་ལ་བཙས་[བཙའ་འམ་]རས་ལ་སྣུམ་ཞེན་ནམ། །དར་ལ་རྩི་ཞེན་འདྲ་བ་བསྟོན་པས་བཀའ་[འདོན་པ་དཀའ]། །བཞི་པ་མིང་ནི་ལོ་ཟླ་མང་སོང་ནས། །རྙིངས་ཚད་དབྱེ་ན་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་རྙིངས་ཚད་རླུང་ལྡན་རླུང་མེད་གཉིས། །རླུང་མེད་སྦྱོར་དམན་རྐྱེན་གྱིས་འཐུང་ནས་འབུམ་[རྙིངས་ལས་བྱུང་]། །རླུང་ལྡན་མ་སྨན་[སྨིན་]རླུང་ཤེས་[ཤས་]ཆེ་བ་ལ། །བཅོས་སྨན་སྔས་པས་ནད་ལ་བྱ་ཤོར་ནས། །གཙགས་[གཅིག་]བཅོས་གཅིག་སྐྱེས་ཚ་བ་མོ་སད་ནས་[མ་བསད་པས་]། །རླུང་ཚད་འཐབ་ཅིང་ཡུན་དུ་ལས་[ལུས་]པའམ། །ཚ་རླུང་རི་ཐང་འཚམས་[མཚམས་]སུ་བཅུད་སྔས་པས། །ཚད་གཞུག་ལུག་[ལུས་]པ་རླུང་དང་སྡོང་ལས་བྱུང༌། །གཉིས་པ་བྱེ་བྲག་དབྱེ་བ་ཤ་ལ་རྒྱས་པ་དང་། །རྩ་རུ་གྲམ་ཞིང་རུས་ལ་ཞེབ་[ཞེན་]པའོ། །དྲུག་པ་དེ་ཡི་རྟགས་ལ་སྤྱོད་[སྤྱི་]དང་བྱེ་བྲག་གཉིས། །སྤྱིའི་རྟགས་ལ་རྙིངས་ཚད་རླུང་མེད་དེ། །རྩ་རྒྱུད་འཕྲ་[ཕྲ་]ཞིང་ཆུ་དམར་རླངས་ཡུན་རིངས་[རིང་]། །གདོང་སྣུག་[སྣུམ་]ཁ་འབྱར་རྐན་ཕུགས་སྐམ་ལ་གྱོང༌། །མིག་རྩ་དམར་ལ་ཚག་ཅིང་མཆི་(མ་)མཛག་[འཛག] །ཤ་མདོག་སྔོ་སྐམ་དྲིག་[དྲེག་]པ་ཆུང་ངུན་[ངུར་]ཆགས། །འགུལ་ན་གློ་སྙིང་འཕར་ཞིང་རོ་སྟོད་(ཚ)། །ཡན་ལག་བཞི་དང་ཁག་[ཁོག་]སྨད་ལྗི་[ལྕི་]ལ་སྦྲིང་[སྦྲིད]། །ཟས་སྐོམ་གྲང་སྙིག་[སྙེག་]སྙིང་ལ་བསིལ་གྲིབ་འོང་། །ཉིན་གུང་སྲོད་ལ་ན་ཞིང་རྔུལ་ཁ་སྙིང་[སྙི]། །གཉིད་ཆེ་དྲོད་བ་[བག་]རྗེས་ལ་ལྡང་ཞིང་ན། །ཚ་བ་གཞིང་བསད་[གཞན་པས་]་དང་ཁ་བག་ཙམ་བདེ། །རླུང་ལྡན་དེ་འདྲ་ཁྱེད་[ཁྱད་]པར་ལུས་ཤེས་[ཤེད་]ཆུང༌། །སྐབས་སུ་ཕྲུམ་སེར་ཁྱེར་ལ་བ་སྤུ་རྩ་[བརྩེ]། །དོན་མེད་རྔུལ་འོང་གཟེར་གྲམ་རུས་ཚིགས་ན། །གཉིས་པ་བྱེ་བྲག་ཤ་རྒྱས་ཁར་[ཁོལ་]བུར་སྐྲང་། །དམར་སྲ་བཙིར་ན་ན་ལ་རྣག་ཆུ་ཁྲག་འཛག །ལྤགས་[པགས་]ལ་གྲམ་ན་རྩ་[བརྩེ་]ཞིང་ཚ་བར་[བེར་]བྱིད་[བྱེད]། །རྩར་གྲམ་ཡན་ལག་ལྕི་སྦྲིང་[སྦྲིད་]ཚ་ཞིང་འཁྱུག །རྩ་རྒྱས་ནག་པར་[པོར་]གསར་[གསལ་]མངོན་རྩ་ཐོག་སྐྲང་། །རུས་ཞེན་ཁོལ་བུ་ན་ཞིང་སོ་མདོངས་[མདངས་]ཉམས། །ཤ་མདོག་སྔོ་སྐམ་སྒྱིད་འཁུམས་ཚིགས་ཁ་གཡོ། །མདུན་[བདུན་]པ་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་པའི་ཚུལ་དང་གཉིས་[གཉེན་]པོ་གཉིས། །བཅོས་ཚུལ་དང་པོ་གྱོང་པོ་རླན་སྦང༌སྟེ། །ཐང་གིས་ཞེས་པ་སླང་[སློང་]བར་བྱ་བ་ཡིན། །བར་དུ་སློང་ནས་ཐལ་ཚན་ཆུ་ཡིས་བྲན། །ཐ་མ་དུག་གི་སྡོང་པོ་རྩད་ནས་འདོན། །གཉིས་[གཉེན་]པོ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །དང་པོ་ཚ་སྒན་[རྒན་]ལུས་སྤྱིར་གྲམ་ཞེན་དེ། །བསྡུས་[བསྡུ་]ཞིང་ནད་ཁྲག་ལུས་ཟུངས་དབྱེ་བའི་ཕྱིར། །འབྲས་བུ་གསུམ་དང་ཏིག་ཏ་སླེ་ཁྲིས་[ཏྲེས་]ཐང་། །བསྐོལ་གྲང་ཡུན་བསྲིད་[བསྲིང་]ཟླ་ཕྱེ་རླན་གྱིང་[གྱིས་]སྦང༌། །རྔུལ་འཆད་[ཆད་]ལུས་ཡང་ཁམས་དངས་དང་ཁ་བདེ། །གཟེར་བ་ཞིའམ་འདུས་ན་གང་བབས་རྩ། །མངས་དུས་[མང་དུ་]རླངས་བཏོན་ཁ་འབྱེད་ཉུང་ངུན་[ངུ་]གཏེར་[གཏར]། །གཉིས་པ་ཐལ་ཚད་ཆུ་ཡིས་བྲིན་[བྲན་]པ་ནི། །ཏིག་ཏ་ཧུང་[ཧོང་]ལེན་འབྲས་བུ་གསུམ་དང་ཨ་རུ་ར། །སྤང་རྩི་བསྐོལ་བཏང་ཚ་བ་རོལ་དུ་གསོད། །ཕྱི་[ཕྱེ་]མ་ག་ཕུལ་[པུར་]ཉི་ཤུ་རྩ་ལྔ་པའམ། །འབྲས་བུ་གསུམ་མམ་སེང་ལྡིང་[སེང་ལྡེང་]ཐང་གིས་འཕུལ། །དེའི་རྗེས་ལ་ཨ་རུ་ར་མཆུ་སྙུང་བདུན། །བ་རུ་ར་ལ་གསུམ་སྟེ་སྐྱུ་རུ་ར་ལ་གཉིས། །ལྕིམ་[ལྕུམ་]རྩ་ཨ་རུ་ར་མཉམ་ཚོ་གཅིག་དང་། །དུར་བྱེད་[བྱིད་]རིལ་མ་ཚམ་ཞིག་བ་ཆུར་སྦང་། །ཀ་ར་སྦྱོར་ལ་སྦྲང་གིས་འཕུལ་ཏེ་བཏང་བས་རྒྱུན་དུ་འཁྲུ། །ལྟོ་སྟོང་བཏང་བས་ངེས་མེད་རྒྱུན་དུ་འཁྲུ། །ནད་ཟུངས་སྟོང་[སྟོབས་]དང་སྦྱར་ལ་དུས་ལ་གཅོད། །ཞེད་ཚད་རྩད་ནས་རྩད་ནས་འདོན་པའི་སྨན་མཆོགས་[མཆོག་]ཡིན། །དེ་ནས་རླུང་མེད་ཚད་པའི་ལྷག་མ་ལ། །གྷི་ཝང་ཙན་དན་སུག་སྨན་[སྨེལ་]བསིལ་གསུམ་དང་། །ཨུད་དཔལ་[ཨུཏྤལ་]སླེ་ཁྲེས་[ཏྲེས་]བྲག་ཞུན་ཀ་ར་སྦྱར། །རླུང་ལྡན་ཡིན་ན་ཏིག་ཏའི་སྨན་མར་ཤེས་[ཤིས]། །དེས་[དེ་]ལྟར་བཅོས་ཀྱང་ཚ་བ་སླར་འཕེལ་ན། །སྟོང་[སྟོངས་]ཚད་འབྱུང་བས་ཟས་ཀྱིས་རླུང་སྣ་བླན་[གླན]། །དེས་ཀྱང་མ་ཞི་ལུས་ཟུངས་ཚ་བར་ལོག །ཅིས་ཀྱང་མི་ཕན་ལ་ཆེན་བཟླ་བའི་རྟགས་[འདའ་བར་འགྱུར་]། །དེས་ན་མཁྲིས་ཚད་རླུང་ཚད་ཟུང་[ཟུངས་]ཞད་ཀྱི། །ཚ་བ་རྣམ་པ་གསུམ་འདི་བརྟག་པ་གཅེས། །ཁ་ཟོས་[ཟས་]རི་དགས་[དྭགས་]བ་གླང་ཤ་གསར་དང་། །བ་རའི་ཞོ་དར་མར་གསར་ཆག་ཙི་[ཚེ་]གཏང༌། །ཟུངས་ཟད་ཡོས་ཚང་[ཆང་]སྲོ་ལེས་[ལོས་]བསིང་[བསིངས་]པ་ལ། །རིགས་པས་ཚད་བླང་བཏགས་ཅི་[བརྟགས་ཤིང་]གཏང་བར་བྱ། །སྤྱོད་ལམ་མེ་ནི་ལུས་ངག་རྩོལ་བ་སྤང༌། །བསིལ་ལ་ཉིན་གཉིད་མི་ལག་[ལོག་]དར་[དལ་]བར་སྡད་[བསྡད]། །གསུམ་པ་དུག་སྟོང་རྩད་ནས་ལོན་པ་ནི། །དེ་ལྟར་བཅོས་རྗེས་རོ་མེད་བདའ་དབོས་ཏེ། །ཅུང་ཟད་ལུས་ཀྱང་ཉུང་མང་[མ་]འདྲ་སྟེ་མཆད་[མཆེད]། །དེ་ཕྱིར་ཟས་སྤྱོད་གོང་བཞིན་ལོ་ཟླའི་བར་དུ་གཟབ། །ཉི་ཤུ་རྩ་ལྔ་སྦྱར་ན་[ནས་]ཆུ་ལྕགས་[ལྕག་]བབ་[བྲན་]། །སྣེས་དམ་[སྣེའུ་དམར་]སྦྱོར་བ་ནང་མ་འགག་[འགའ་]གཏང་སྟེ། །སྲིད་[སྲད་]དཀར་སྟབ་སིང་[སེང་]འབྲས་བུ་གསུམ་པའི་སྨད། །ཐུན་ལ་ག་པུར་བསྐོལ་བཏང་ལ་སྨན་འཇུ་དུས། །གོངས་[གོས་]མང་ཡེབས་[བྱིབས་]ལ་རྔུལ་དང་རླན་པས་དྲངས། །རྔུལ་དབྱུང་དེ་ཡིས་ཚད་རོ་ལུས་མི་སྲིད། །ཚ་བ་མེད་ངེས་གོ་ཡང་ཞག་བཅུ་ཆུན་[ཚུན]། །ཟས་དང་སྤྱོད་ལམ་ཆ་ཡིས་གློད་ཅིང་བཏང་། །གཉིས་པ་བྱེ་བྲག་སོ་སོར་བཅོས་ལ། །ཤར་རྒྱས་ག་ཕུར་[པུར་]ཉི་ཤུ་རྩ་ལྔ་སྦྱར། །མཆིན་རྩས་གཙོས་བྱེས་[གཙོ་བྱས་]རྩ་ཁ་མང་དུ་ཕྱེ་[དབྱེ]། །སྣེལ་མར་[སྣེའུ་དམར་]རྔུལ་དབྱུང་ནང་འགའ་ཆུ་ཆག་[ལྕག་]དང་། །རྒྱུན་སྦྱོངས་འདི་ལ་བྱ་བ་སྔགས་[བསྔགས་]པ་ཡིན། །རྩ་ལ་བབས་ན་ཙན་དན་དཀར་དམར་དང་། །ཅུ་གང་གུར་གུམ་ལི་ཤི་ག་དུར་དང་། །དོམ་འཁྲིས་[མཁྲིས་]ཨུད་དཔལ་[ཨུཏྤལ་]སྲོ་[སོ་]མ་ར་ཙ་[ཛ་]དང་། །མཚན་[མཚལ་]དང་ཧུང་[ཧོང་]ལེན་ཀ་ར་སྦྱར་བ་སྟེ། །ཙན་དན་བཅུ་ཅིག་[གཅིག་]པ་ཞིང་དུ་[ཀར་]སྦྱར་ནས་བསྟང་[བཏང་]། །གང་རྒྱས་རྩ་གཏར་སྐྱེད་ཆུང་རྩ་སྦྱོང་བྱ། །རུས་ལ་ཞེན་ལ་ཤིང་སྣ་བརྒྱད་པོ་སྦྱར་བ་ཡིན། །རུས་སྙིང་[རྙིང་]བདུད་རྩ་[རྩི་]ལྔའི་རླངས་ལུམས་བྱ། །མཁལ་རྩ་གཏར་ཞིང་འབྲས་བུའི་རྒྱུད་[རྒྱུན་]སྦྱོང་གཅིས་[གཅེས྄།  །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་རྙིངས་ཚད་བཅོས་པའི་ལེའུ་སྟེ་བཅུ་དགུ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:38 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།