སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་ཉི་ཤུ་པ། ལོག་གནོན་རྩ་སྦྱོང་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་ཉི་ཤུ་པ། ལོག་གནོན་རྩ་སྦྱོང་བསྟན་པ།

དེ་ནས་ཡང་གསོའ་(གསོ་)བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེེ་འཚོ་མཛད་སྨན་པའི་རྒྱལ་པའི་རྒྱལ་པོ་ཆེན་པོ་ལགས། ལས་ལྔའི་ལོག་ནོན་རྩ་སྦྱོང་གསུངས་པ་ནི།། བདག་ཅག་ལ་སོགས་འཁོར་རྣམས་ཀུན་ལ་བཤད་དུ་གསོལ།། དེ་སྐད་ཞུས་པས་སྟོན་པས་བཀའ་སྩལ་(བསྩལ་)པ།། དཔྱད་བུ་ལ་སོགས་འཁོར་རྣམས་འདི་ལ་ཉོན།། སྦྱོང་གི་རིགས་ལ་རྣམ་པ་ལྔ་བསྟན་ཏེ།། སྦྱོང་རྣམས་ལག་ལེན་སྨན་དུ་མ་འཕྲོད་པས།། ནད་ལ་མ་སོང་ཕན་མེད་ཕྱིར་ལ་འགྲིབ།། དེས་ན་ནད་རྣམས་རྩད་ནས་ཐོན་དཀའ་བས།། ལོག་ནོན་རྩ་སྦྱོང་བསྟན་གྱིས་ལེགས་པར་ཟུངས།། འདི་ལ་དོན་ཆེད་གསུམ་གྱི་སྒོ་ནས་སྟོན་པ་སྟེ། སྔོན་འགྲོ་དངོས་གཞི་རྗེས་ཤུལ་གསུམ་པའོ།། དང་པོ་སྔོན་འགྲོ་འདི་ལ་རྣམ་པ་གཉིས་ཡིན་ཏེ།། རིང་བ་ནད་ཀྱི་སྔོན་དུ་འགྲོ་བ་ནི།། འབྲས་བུ་གསུམ་པོ་བསྡུས་པའི་ཆ་སྡོམ་ཐང་།། དགོང་མ་འགའ་ཡི་གོང་ནས་བསྟན་(བསྟེན་)པར་བྱ།། བྱིས་སྦ་(པ་)དགེ་སློང་མཁལ་ནད་ཡོད་པ་ལ།། བསམ་སེའི་ཐིག་ལེའི་རྩ་ལམ་མ་བྱང་བས།། ད་བྱིད་བརྒྱད་སྦྱོར་བཏང་བས་རྩ་ལས་འབྱེད།། ཉེ་བ་སྨན་དཔྱད་ལེགས་འདོད་སྔོན་འགྲོ་ནི།། གཟའ་སྐར་ཚེས་གྲངས་བཟང་དུས་ཆས་བསགས་ལ།། རིམ་གྲོ་གང་ཕན་བྱས་ལ་བགེགས་བསྐྲད་བརྡུང་།། སྦང་(སྦངས་)ཆུ་མང་བསྲོས་མཁན་དཀར་ལོ་མའི་ཆུས།། མགོ་ལུས་ཀུན་བཀྲུས་རྩི་མར་རྙིང་པ་དང་།། སྤང་སྤོས་སྦྱར་ལ་མགོ་ལུས་ཀུན་ལ་བྱུག། མེ་དང་ཉི་མས་བ་སྤུ་སོང་སོང་བསྲོ། སྤྱི་བོ་སྒལ་ཚིག་(ཚིགས་)ཚིག་(ཚིགས་)མིག་དྲག་ཏུ་འཕུར།། གཡེར་མ་ལྒ་ཐང་མང་བཏུང་རྩ་ཁ་འབྱེད།། ཕོ་མོ་སྤྲད་དང་ར་ཡི་མགོ་ཁུ་ལ།། ཉི་དགའི་རྩ་ཚོད་ཚ་(ཚྭ་)གཡེར་བཏབ་པ་བཏུང་།། གཉིས་པ་དངོས་གཞི་ལག་ལེན་དགུ་རུ་སྟོན།། སྣ་སེལ་བཏང་དང་རྣོ་སོ་བཏག་(བཏང་)པ་དང་།། བྱང་བ་བརྟག་དང་སྦྱར་ཚོད་བཟུང་བ་དང་།། སྣ་ཁྲིད་བཏང་ཐབས་བསྟན་པ་དང་།། ཐེབ་(ཐེབས་)པའི་རྟག་(རྟགས་)དང་ཐེབ་(ཐེབས་)ལ་བསྐུལ་ལ་དང་།། མགོ་ན་གནོན་དང་ལག་ལེན་དགུ་ཡིས་བསྟན།། སྣ་སེལ་སུག་སྨེ་(སྨེལ་)སྡིག་སྲིན་རྩ་ཁུ་བྱུག། ལྕམ་པ་ཚ་གྲང་རྟས་བསྒྱུར་མགྱོགས་པར་འབིགས།། གཉིས་པ་རྣོ་སོ་མདུང་འདྲའི་སྨན་སྦྱར་(སྦྱོར་)ནི།། རྒྱ་ཚ་ལི་ཤི་སྡིག་སྲིན་རྒྱ་མཚལ་དང་།། ལྕིམ་(ལྕམ་)པ་གོང་གི་རྟས་ཕུལ་ནད་སློང་དཀྲུག། གསུམ་པ་བྱང་བ་བརྟག་ཐབས་བཟང་ངན་ནི།། རྩ་སྦྱོང་འདི་ལ་བྱང་བ་གཙོ་བོ་ཡིན།། བྱང་བའི་དུག་ཕྱུང་སྦྱར་བ་འཇམ་པ་ཡིན།། རིགས་བཟང་གྲངས་མང་ནད་གྲོངས་(འདྲོངས་)ཆེ་བས་མཆོག། བཟང་བ་དམར་བཀྲ་(ཁྲ་)ཡིན་ནོ་རྡོ་(སྐྱི་)ཚེར་གསེབ་ན་གནས།། ཐན་པ་ཆེ་དང་སྟོན་སེར་ལྡང་དུས་འབུ།། ངན་པ་སེར་བཀྲ་(ཁྲ་)མོ་ལོའི་གསེབ་ན་གནས།། ཆར་པ་ཆེ་དང་སྟོན་རྒུན་(དགུན་)དབྱེ་དུས་བཏང་།། ནག་པོ་ཤིན་ཏུ་བཟང་སྟེ་སྤང་གི་སྦུབས་སུ་གནས།། སྡུག་བསྔལ་ཤི་བ་ནུས་ཆུང་གྲིར་ཤི་བཟང་།། དུག་ནི་མ་བཏོན་བར་གཤོག་ཟུག་ཆེ་དབྱུང་།། འཇམ་པ་བཙལ་བ་མགྱོགས་པའི་གྲོགས་སྡེབས་(བསྡེབ་)ནི།། སྦུར་མགྱོག་དང་ནི་གྲོགས་དང་སྡེབས་(བསྡེབས་)པ་ཡིན།། དེ་མ་འཛོམ་ན་ཕྱ་བའི་(ཆ་གའི་)མགོ་བོ་བཏང་།། ཡང་ན་དུག་གི་འདོན་ལུགས་ལུགས་ཅིག་ནི།། ཡོས་ཚན་ནང་དུ་བཏུམ་ཡང་དུག་སང་སྟེ།། དྲི་ཆུའི་ནང་དུ་ཁོལ་ཙམ་བཙོས་ཡང་ཐོན།། བྱང་བ་མགོ་རྐང་མ་ཚང་ཉེས་སྐྱོན་ནི།། ཟུག་ཡང་ཆུང་སྟེ་ནད་མང་ཐོན་པ་ཉུང་།། རིག་(རིགས་)བཟང་མགོ་རྐང་ཚང་བ་བཅུ་གཅིག་བཏང་།། ཟུག་ཡང་ཚེ་སྟེ་ནད་རོ་མ་ལུས་འདོན།། རིགས་ངན་རྙིང་དུ་སོང་དང་རྐང་ལག་མེད།། ནུས་པ་ཆུང་པས་ཐུན་བསྐྱེད་བཅུ་བདུན་བཏང་།། ནད་ཀྱི་ལུས་གཏོང་རྩ་ལམ་བྱང་བ་དང་།། མགོ་དང་རྐང་ཚིག་(ཚིགས་)སོངས་(སོང་)བའི་ཡོན་ཏན་འབྱུང་།། བཞི་པ་སྨན་གྱི་སྦྱོར་བའི་ཐུན་ཚད་ནི།། བྱང་བའི་ཐུན་ཚད་གོང་དུ་བསྟན་པ་ལ།། རྒྱ་ཚ་བཞི་ནམ་ཅིག་ལ་པད་མ་དང་།། སྡིག་སྲིན་གཉིས་ཀ་སྡེབས་(བསྡེབས་)པ་ཐུན་ཅིག་གོ། མཚལ་དཀར་དྲུག་ནམ་གུར་གུམ་ཐུན་གཅིག་གོ། ཧ་ཤིག་ད་ཚུར་རིལ་མ་ཙམ་དུ་ཡིན།། ཞིབ་པར་བཏག་(བཏགས་)ཅིང་ནན་ཏན་དར་ལ་ཚག་(ཚགས་)། རིལ་བུ་ཆང་གིས་དྲིལ་ཏེ་སྲན་འབྲིང་ཙམ།། ཡང་ན་སྦྱོང་གི་རྣམ་པ་རིགས་གཅིག་ལ།། བྱང་ཆུབ་སེམས་དཔའི་རྩ་སྦྱོང་ནི།། བྱ་མ་བྱིལ་(བྱེའུ་)ནི་གྲིར་ཤིའི་རུས་པ་དང་།། བྱི་བཟུང་འོ་(འོལ་)མོ་སེ་དང་རྒྱ་ཚ་དང་།། གསེར་གྱི་བྱེ་མ་སྡིག་སྲིན་སུག་སྨེ་(སྨེལ་)དང་།། དགུ་བོ་མཚལ་གྱིས་རིལ་ལུ་(བུར་)དྲིལ་བ་དེས།། ལུས་པོ་ཀུན་ལ་ཚད་པ་བྱེར་བ་སྡུད།། ལྔ་པ་དེ་ལ་ལམ་སེལ་སྣ་ཁྲིད་ནི།། གློ་སྙིང་ནད་ལ་ཇུ་(ཅུ་)གང་ཛ་(ཛཱ་)ཏི་བཏང་།། མཆིན་པར་བྲག་ཞུན་མཚེར་ནད་གསེར་མེ་གཏོང་།། མཁལ་ནད་ཅན་ལ་སུག་སྨེ་(སྨེལ་)གཏོང་བ་སྟེ།། དྲག་(དྲེག་)དང་ཆུ་སེར་ནད་ལ་ཆུ་སེར་སྨན་གསུམ་བཏང་།། དེ་བཞིན་ནད་དང་མཐུན་པའི་སྨན་སྡེབས་(བསྡེབ་)བྱ།། སྨན་གྱི་ནུས་པས་ནད་ཐོག་སྨན་འགྲོ་ཤིས།། ཡང་ན་སྣ་ཁྲིས་རྣོན་པོའི་སྨན་དང་སྦྱར།། དྲུག་པ་བཏང་ཐབས་ལེག་(ལེགས་)པར་མཁས་དགོས་ཏེ།། དགོང་མོ་ལྕམ་པའི་རྩ་ཚོད་བསྡུས་ཐང་ལ།། གཡེར་བ་(མ་)བཏབ་པའི་ཐང་བཏང་ཕོ་བ་སྙོམས།། སྲོད་འཁོར་སྣ་སེལ་སྨན་བཏང་རྩ་ལམ་སེལ།། ནམ་ཕྱེད་རྣོ་སོ་བཏང་ནས་བག་ཉལ་གྱི།། ནད་རྣམས་སློང་ཞིང་ཁ་ཞབས་ཟློག་ཅིང་དཀྲུག། སྐྱ་རིང་(རེངས་)ཤར་དུས་རྩ་སྦྱོང་རིལ་བུ་དགུ།། ཚ་གྲང་ནད་དང་མཐུན་པའི་རྟ་ཡིས་ཕུལ།། ཐེབས་ན་ཉི་ཤར་དུས་ནས་སྦྱོང་སྣ་འོང་།། དེ་དུས་མ་བྱུང་མ་ཐེབས་རྟག་(རྟགས་)ཡིན་པས།། རིལ་བུ་བདུན་གྱིས་བསྣན་བཏང་ངེས་པར་ཐེབས།། ཐེབས་པའི་དུས་སུ་རིལ་བུ་ལྔ་ལྔ་ཡིས།། སྔ་མ་ཞུ་དུས་ཕྱི་མ་རིམ་བཞིན་བཏང་།། རིལ་བུ་ཐུན་དུ་དེ་ལྟར་བཅད་བཏང་བས།། བྱང་བའི་དུག་དང་ནད་ཀྱི་གཟེར་གཉིས་ནི།། དུས་ཅིག་མི་ལྡན་ནད་པ་ནད་ཟུག་ཆུང་།། ཆུ་འགགས་མི་སྲིད་ནད་པ་དེ་ལ་འཇམ།། ཡང་ཡང་མནན་པས་མི་ཐེབས་མི་སྲིད་ཅིང་།། སྨན་པའི་ལག་ལེན་མཁས་པའི་ཚད་ཡིན་ཏེ།། དེ་ལྟར་མ་ཤེས་རིལ་བུ་དུས་གཅིག་བཏང་།། བྱང་དུག་ནད་ཀྱི་གཟེར་གཉིས་དུས་གཅིག་ལངས།། གཟེར་ཆེ་ཆུ་འགག་གལ་ཏེ་འཆི་ཡང་བསྲིད(སྲིད)།། བདུན་པ་ཐེབས་པའི་རྟགས་ལ་ཆེ་ཆུང་གཉིས་ཡིན་ཏེ།། ནན་ལྟར་(ཏར་)ཐེབས་ཆེ་ལུས་པོ་ཀུན་སྦྲིད་ཅིང་།། ནད་གཞི་གར་ཡོད་ས་རུ་ན་ཞིང་འཁྱུག། རྒྱུ་ཞབས་ཚ་ལོང་མཚན་མ་ཚ་ཞིང་འགྲེང་།། ཐལ་ཕྱུང་སྦྱང་ཞིང་ལུས་པོ་ཀུན་ཀ་གཡེང་།། ཐེབས་རྟགས་ཆུང་ན་བག་ཙམ་ན་ཞིང་སྦྲིད།། ཁང་(གླང་)རྒན་ཐིགས་པ་བཞིན་དུ་ཐོན་པ་དཀའ།། དེ་ལ་སྨན་ཐུན་ཅིག་བསྐྱེད་བདུན་དྲུག་བཏང་བས་ཆོག། བརྒྱད་པ་ཐེབས་པ་དེ་ལ་ལྕག་གིས་བསྐུལ་བ་ནི།། སིང་པོ་སར་པ་སླ་བ་བསྐོལ་འཇམ་གྱིས།། ཡང་ཡང་བསྐུལ་བས་རྩ་ལམ་ཆུ་ལམ་སེལ།། ཚ་བའི་ནད་ལ་གུ་ཁུལ་(གུལ་)བསིལ་ཆུ་བཏང་།། ཚད་པ་རྒྱུས་ཞེན་ལ་སོགས་ཞེན་ནད་ལ།། རྣོ་བའི་སྨན་དང་རིལ་བུ་སྡེབས་(བསྡེབས་)ནས་བཏང་།། ཡང་ན་སྐབས་སྐབས་ཐུན་རེ་བཏང་བ་ཡིན།། ཡང་ན་ས་རུ་རྡོ་བསྲོ་ཆང་དུགས་བྱ།། ཆང་དང་དྲོད་སྨན་ཚུག་གིས་(ཚུགས་ཀྱིས་)སྨན་དུ་བཀུ (བསྐུ)།། རྐང་པ་གྲང་ན་སྨན་འཇུ་དཀའ་བ་བཏུལ།། ལུས་པོ་གྲང་བར་མི་བྱ་དྲོད་ལ་བསྐོལ(བསྒོར)།། འདྲོང་ཆེར་བྱུང་ན་མ་དག་བར་དུ་བཏང་།། ལུས་གྲང་ཆུ་སེར་རིང་བས་མི་ཐོན་ནོ།། ཟུག་ཆེ་མ་ཟུག་ལྕག་ནི་མ་བསྐུལ་ན།། ནད་ལ་མི་འཆོར་མི་དོགས་ལྕགས་ལྕག་ནི་བསྐུལ།། རྩ་བྲན་(ཕྲན་)ནད་འཁྲུག་འཁྲུགས་ནད་རོ་གཏིང་དག་འགྱུར།། ལྕག་བསྐུལ་ལུས་པོ་མ་གྲང་ནན་ཏན་བྱ།། སྦྱང་སྣོད་སླང་(སླ་)ང་འམ་ནི་གཞོང་པ་ཟད(བཟེད)།། དང་པོ་རྩ་བ་འབྱུང་ལ་བར་བ་ནད་འབྱུང་སྟེ།། སེར་པོ་རྣག་ཁྲག་སྤུ་སོགས་བྱུང་ན་བཟང་།། ཐ་མ་ནད་འདྲོང་ཟུག་གཟེར་ཆུང་བའི་དུས།། སྨན་གྱི་འཕྲོ་བཅད་ལྕག་གིས་ལན་འགའ་བསྐུལ།། དྲུག་པ་རྩ་སྦྱོངས་ལོག་ནོན་བསྟན་(བསྟེན་)ཐབས་ལ།། ལོག་པ་མནན་དང་གབ་པ་བཙལ་བ་དང་།། འགྱིང་(འགྱིངས་)པ་བཀྲལ་དང་ལང་བ་བཅག་པ་དང་།། འགགས་པ་བསལ་དང་འབྱམས་པ་བསྐྱིལ་བ་དང་།། སྤྱང་པོའི་(སྦྱང་བའི་)ལག་ལེན་དྲུག་གིས་བྱ་ར་བྱ།། དང་པོ་མ་ཐེབས་སྐྱུག་ན་མནན་ཐབས་བཤལ་དང་མཐུན།། གཉིས་པ་སྨན་བཏང་བཟང་ངན་རྟག་(རྟགས་)མེད་ན།། སྨན་རྙིང་ནུས་སང་སོ་མ་ཐུན་ཆུང་ངམ།། ཡང་ཅིག་བཏུལ་དྲག་(དྲགས་)སྨན་རྟ་ལོག་པ་ཡིན།། གང་ཡིན་རིག་པས་བརྟག་ལ་ཟློག་(ལྡོག་)ནས་བསྐྱར།། གསུམ་པ་འགྱིང་(འགྱིངས་)པ་མ་སྦྱང་ཕོ་བར་འཁྱིལ།། ཕོ་བར་བསྐུ་མཉེ་ལོག་ན་ལུས་པོ་བསིག། སྟེང་རླུང་མནན་ཅིང་ཕན་ཚུན་(ཕར་ཚུར་)གོམ་པ་བཅག། ལོ་བརྒྱད་དྲི་ཆུ་ཆུ་བསྐོལ་ལེན་(ལན་)འགའ་བཏང་།། རྒྱུ་ཞབས་མཚན་མ་གཟེར་ན་དྲོད་དུགས་བསྲོས།། དེ་ལྟར་མ་ཞི་ཆུ་སེར་འགྱིང་བ་ཡིན།། རྒྱ་ཞབས་མཚན་མ་གཟེར་ན་དྲོད་དུགས་བསྲོས།། དེ་ལྟར་མ་ཞི་ཆུ་སེར་འགྱིང་བ་ཡིན།། རྒྱ་ཚ་སྡིག་སྲིན་དྲོད་སྨན་ཆང་སྦྱར་བཏང་།། དྭ་ཚ་མར་གསར་རིལ་བུ་མིད་ཡང་འདྲོང་།། དེས་མ་ཞི་ན་བྱང་བའི་དུག་ཡིན་པས།། ཆ་གའི་མགོ་བོ་གསུམ་དང་སྦུར་མགྱོག་མཆོག། བོང་ང་དཀར་པོ་ཆང་དང་སྦྱར་ནས་བཏང་།། བཞི་པ་ལངས་པ་གཟེར་ན་ཟུག་ཆེ་ན།། མ་ཁོག་(ཁོགས་)རླུང་གིས་སླང་ནས་གཟེར་བ་ཡིན།། རུས་རྙིང་ཁྲུ་(ཁུ་)བ་ཚ་བ་སྦྱར་ལ་བཏུང་།། དེས་ཀྱང་མ་ཕན་གདོན་ཆེན་བསྐྲད་བརྡུང་བྱ།། ལྔ་པ་འགག་པ་ས་བོན་འཁར་བ་དང་།། རྒྱུ་ལོང་ནང་དུ་ཐུན་བུར་(སྤུ་འཐུམས་)འཐུམ་(འདྲིལ་)པ་དང་།། ཁྲག་ཤ་རྡེལ་འགག་དེ་འདྲའི་སྐྱོན་བྱུང་ན།། རྒྱུ་མ་ཕོ་ལོང་སྙེ་(མཉེ་)ཞིང་མཚན་མ་བཞོ།། མ་ཕན་རྒྱ་ཚ་རུ་རྟ་ཆུ་དག་དང་།། ཕོ་བ་རིལ་གྱི་ཐང་གིས་འོག་སུན་བཏང་།། དྲུག་པ་འབྱམས་ན་(ནས་)སྦྱོང་ཐལ་མ་ཆོད་ན།།  དོམ་མཁྲིས་བཏབ་ན་རང་ལོག་བྱས་པས་འཆད་(ཆད་)།། གསུམ་པ་རྩ་སྦྱོང་རྗེས་ཤུལ་བཅད་ཐབས་ནི།། འདི་ལ་བཅད་ལུགས་སྦྱོང་གི་ཡོན་ཏན་གཉིས།། དང་པོ་གྲང་བའི་ནད་ནི་གསར་དང་འཇམ་རྩིས་བཅད།། དྲོད་ཤའི་ཚོ་ཁུ་ཟན་དྲོན་རིམ་བསྐྱེད་བཏང་།། ཚ་བའི་ནད་རྗེས་བསིལ་ཤའི་ཚོ་ཁུ་དང་།། བསྐོལ་གྲང་ཆུ་དང་མར་གསར་དྲོན་མོ་བཏང་།། ལུས་པོ་དྲོ་ཐབས་དལ་བུས་བཅག་པ་དང་།།  ཟླ་བ་ཕྱེད་དུ་ཕྱི་རྗེས་བསྲུང་བ་གཅེས།། གཉིས་པ་རྩ་སྦྱོང་འདི་ཡི་ཕན་ཡོན་བསྟན་པ་ནི།། ནད་དང་སྨན་གྱི་གཉེན་པོ་སྤྲད་པ་དང་།། སྤྲད་ནས་བཏང་བས་ནད་ཀྱི་སེལ་ལུགས་གཉིས།། དང་པོ་བྱང་བས་རྩ་བརྒྱུད་ཆུ་སེར་འདྲེན།། རྒྱ་ཚ་སྡིག་སྲིན་གཉིས་ཀྱིས་རྩ་ལམ་སེལ།། གུར་གུམ་རྩ་མཉེན་མི་འཆད་(ཆད་)རྩི་བ་བྱེད།། མཚལ་གྱིས་ནད་ཀྱི་དང་(དྭངས་)སྙིགས་སོ་སོར་འབྱེད།། དར་ཚུར་ནད་རྣམས་རྩ་ནས་ཕོ་བར་བསྡུད།། ཧ་ཤིག་སྨན་རྣམས་ནད་ཀྱི་ཐོག་ཏུ་འཁྲིད།། གཉིས་པ་ནད་ཀྱི་སེལ་བ་གང་ཡིན་པ།། སྔ་མའི་ནད་འཇོམ་(འཇོམས་)ཕྱིས་སུ་སྐྱེ་འགྲོ་(འཕྲོ་)བཅད།། མངལ་སྐྲན་བུ་རོ་ལུས་དང་ཁྲག་ཚད་(ཚབས་)བྱེད(བྱེར)།། དུག་དང་ཁྲག་མཁྲིས་ཚ་བ་རྙིང་པ་དང་།། འབྲས་དང་ཟ་འཕྲུག་དྲེགས་(དྲེག་)དང་གྲུམ་བུ་དང་།། མགོ་ཆགས་(ཆག་)རྩར་འཐོར་རྨ་ལད་(ལུད་)སུར་ཡ་དང་།། དམུ་ཆུ་ཚ་སྐྲན་ཆུ་སེར་རྒྱས་པ་དང་།། མཛེ་ནད་ད་རྒན་རྩ་འགྱིང་ཐམས་ཅད་སྦྱང་།། བསམ་སེལ་(སེའུ་)ཁ་ལྷུད་(ལུད་)ས་བོན་འཛག་པ་སྤང་།། སྤྱིར་ན་ནད་རྙིང་ཤ་རུས་བྱེར་ལ་བསྔག(བསྔགས)།།

སྡུག་བསྔལ་ཞི་བྱེད་གསོའ་(གསོ་)བའི་སྨན་འབུམ་དཀར་པོ་ལས་རྩ་སྦྱོང་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། བདུད་རྩི་སྙིང་པོ་སྨན་གྱི་མདོ་ལས་གསོ་བ་རིག་པའི་དངོས་གཞི་དཔྱད་ཀྱི་མདོ་སྡེ་རྫོགས་སོ།། །།


མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:17 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།