སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་བཅུ་དྲུག་པ། སྐྱུགས་ཀྱི་ལས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་བཅུ་དྲུག་པ། སྐྱུགས་ཀྱི་ལས་བསྟན་པ།

དེ་ནས་ཡང་གསོའ་(གསོ་)བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། ལས་ལྔའི་སྟོད་འདྲེན་སྐྱུག་ཏུ་གསུངས་པ་ནི། བདག་ཅག་ལ་སོགས་འཁོར་བཅས་རྣམས་ལ་བཤད་དུ་གསོལ།། དེ་སྐད་ཞུས་པས་སྟོན་པས་བཀའ་སྩལ་(བསྩལ་)པ།། ལས་ལྔའི་གསུམ་པ་སྟོད་འདྲེན་འདི་ལ་ཡང་།། དོན་ཆད་རྣམ་པ་བཞི་སྟེ་སྔོན་འགྲོ་དང་།། དངོས་གཞི་ཕྱི་རྗེས་བཅད་དང་ཡོན་ཏན་ནོ།། དང་པོ་སྔོན་འགྲོ་འདི་ལ་དོན་ཆད་གསུམ།། བརྟག་པ་སྦྱོར་བ་ལག་ཏུ་ལེན་པ་ཡིན།། དང་པོ་འགྲོ་དང་མི་འགྲོའི་བྱེ་བྲག་བརྟག་པ་ནི།། སྟོད་འདྲེན་རུང་དང་མི་རུང་དབྱེ་བ་གཉིས།། མི་རུང་རླུང་ཆེ་ནད་དང་ཆུ་འགགས་དང་།། མིག་འགྲིབ་སྲིན་ནད་གཞང་འབྲུམ་ཤ་དུག་རྒྱས།། རྒད་པོ་བྱིས་སྦ་(པ་)གདོན་ནད་ཟུང་(ཟུངས་)ཤོར་སྤང་།། གཉིས་པ་རུང་བ་དུག་དང་གླང་འཐབ་དང་།། ཁྲག་མཁྲིས་ཕོ་བར་ལྷུང་དང་ལྷན་(ལྷེན་)སྐྲན་དང་།། མགོ་ནད་དང་ཀ་(ག་)འགག་དང་སྲིན་བུ་ལྡོག། བད་ཀན་ལྕགས་དྲེག་ཅན་དང་ནད་ཀུན་འདྲེན།། གཉིས་པ་སྦྱོར་བའི་སྔོན་འགྲོ་བཤལ་དང་མཐུན།། ཞུན་མར་ཨ་རུ་ཟྭ་ཚོད་དགོས་ཆད་ཆུས།། རྒྱུན་འཁྱེར་ལྟོ་བ་སྣུམ་འདུལ་མི་དགོས་ཏེ།། འདི་ནི་འཕྲལ་ནད་མ་ཞུ་མི་འཕྲོད་ཟས་ཟོས་དང་།། བད་མཁྲིས་རྒྱས་པ་འདུས་པའི་སྟོད་འདྲེན་ཡིན།། གཉིས་པ་ལག་ལེན་དངོས་གཞི་འདི་ལ་བཞི།། སྨན་གྱི་སྦྱོར་བ་སྡེབས་(བསྡེབ་)ལུགས་བཏང་བ་ཡི།། དུས་སྦྱང་ལྕག་ལོག་རྣམ་པ་བཞི་ཡིན་ཏེ།། དང་པོ་སྦྱོར་བའི་སྨན་ལ་གཉིས་ཡིན་ཏེ།། གཙོ་བོ་གསུམ་དང་ཁ་འཛིན་བདུན་ཡིན་ཏེ།། གཙོ་བོ་རི་ཤོ་སྦྱང་ཚེར་དུར་བྱིད་དང་།། བྱེ་མའི་ནང་སྐྱེས་སོས་ཁ་(ཀ་)ཁ་འབུས་རྐོ(བརྐོ)།། དེ་ལ་འཇམ་བཙལ་གསུམ་གྱི་སྡེབས་(བསྡེབས་)སྦྱར་ཏེ།། ཤུ་དག་རྒྱམ་ཚ་པི་པི་ལིང་དང་སྦྱར།། ཁུ་བ་གྲོགས་པོ་འཇམ་པས་རིལ་བུ་དྲིལ།། གཉིས་པ་ཁ་འཛིན་བདུན་པའི་ཁ་སྒྱུར་ནི།། མ་ཞུའི་ནད་ལ་བཅའ་སྒ་སྡེབས་(བསྡེབས་)ནས་བཏང་།། གློ་ནད་ཅན་ལ་ཤིང་མངར་སྡེབས་(བསྡེབས་)པ་སྟེ།། འབྲི་ཏ་ས་འཛིན་བྱང་ཁོག་ནད་ལ་སྡེབས།། སྐྲན་ལ་དབྱི་མོང་སྡེབས་(བསྡེབས་)ཅིང་རླུང་ལ་སོན་ཆ་སྡེབ།། དུག་ལ་བོང་ང་དཀར་པོ་མཁྲིས་ནད་གསེར་ཕུད་བུ།། ཁ་འཛིན་བདུན་གྱིས་སོ་སོའི་ནད་རེ་འདྲེན།། གཉིས་པ་བཏང་དུས་ནམ་ལངས་དུས་ཡིན་ཏེ།། ཁ་བཤལ་སྨན་བཏང་ཙོག་བུར་བཅས་ནས་སྡེབ(བསྡད)།། དང་པོ་སྐྱུག་པ་ལན་འགའ་བཟློག་པ་དེས།། ནད་ལ་རྐོ་(བརྐོ་)ཞིང་གཏིང་ནས་འདྲེན་པ་ཡིན།། མནན་དྲག་མཐུར་(ཐུར་)དུ་རྒྱུག་པས་སློང་དུས་སྐྱུག། དེ་དུས་གན་སྦུབ་པུས་མོ་ཕོ་ཁར་སྟེམ(བལྟེམ)།། མགོ་བོ་ཐུར་འཕྱང་སྣོད་བཟད་(བཟེད་)ནང་དུ་སྐྱུག། སྐྱུག་པའི་མདོག་ལ་ནད་ཀྱི་ཁ་དོག་བརྟགས།། གསུམ་པ་འདྲེན་པའི་ལྕག་ལ་གཙོ་བོ་འཇམ་བཙལ་དྲུག། སྦྱང་ཚེར་རི་ཤོ་དུར་བྱིད་པི་པི་ལིང་།། རྒྱམ་ཚ་ཤུ་དག་རི་ཤོ་བསྡུས་བྱས་ཏེ།། ཆུ་བསྐོལ་ངད་ཡལ་ཙམ་དང་སྦྱར་ནས་བཏང་།། གཙོ་བོ་གསུམ་དང་འཇམ་སྡེབ་བཏང་རེས་བྱ།། སོར་མོ་བྱ་སྒྲོ་གང་འཐད་གྲེ་བར་བཙུག། སྐྱུག་པ་དྲག་ཞན་དག་ལ་རག་ལུས་པས།། ལུས་ཟུངས་ནད་ཀྱི་སྟོབས་དང་སྦྱར་བ་ཡིས།། སྐྱུག་པ་བྲུས་ལ་ཐོན་པའི་ཐབས་བྱའོ།། ལྕག་དང་སྐྱུག་པའི་གྲངས་ལ་ནད་སྦྱར་བ།། ནད་ཚབ་(ཚབས་)ཆེ་ལ་བརྒྱད་ལ་འབྲིས་ལ་དྲུག། ཐ་མ་བཞི་ཡིན་བུངས་ཚད་མང་ཉུང་ཡང་།། དེ་མཐུན་བྲེ་ཕྱེད་གང་དང་དེ་ཡིན་ནོ།། ཁ་དོག་དང་པོ་བད་ཀན་མདོག་ཏུ་འོང་།། བར་དུ་ཆུ་མཁྲིས་འདྲེས་དང་ཐ་མ་ཆུ།། རབ་འབྲིས་ཐ་མའི་རིག་པ་སོ་སོར་བརྟག། བཞི་པ་དཔྱད་ལོག་རྣམ་པ་ལྔ་ཡོད་དེ།། ལོག་པ་འཐོར་བུའི་རླུང་སྐྱེས་མཁྲིས་ཁ་ཞུད།། བད་ཀན་སྨུག་པོའི་མཚོ་དང་གློ་རྩ་བརྡོལ།། སྨན་ལོག་མིག་གི་ཡུལ་དུ་སོང་བའོ།། དང་པོ་མགོ་ན་སྟོང་སྐྱུག་ཤེས་པ་མྱོས(སྨྱོས)།། དབང་པོ་ཉོག་ན་མགོ་རླུང་འཐོར་བུ་ཡིན།། ཟུང་(ཟུངས་)ཁྲག་སྐྱུག་པས་བཀུ་(བསྐུ་)མཉེ་གསུར་དུད་བཏང་།། བཙའ་སྒོ་སྲེ་ལོང་ཐང་གིས་ནོན་པ་ཡིན།། གཉིས་པ་མཁྲིས་པ་ཁ་ཞུད་ཟས་སུ་སྐྱུག།  ཏིག་ཏ་དུག་མོ་ཉུང་དང་པ་ཏོ་ལ།། དོམ་མཁྲིས་བཏང་བས་སྐྱུག་པ་འབྱམས་ན་ནོན།། རྐང་ལག་མཆིན་རྩ་བཤལ་རིང་(གཤའ་རིངས་)གཏར་བ་ཡིན།། གསུམ་པ་བད་སྨུག་མཚོ་སེལ་རྡོལ་བ་ན།། མཆིན་པའི་སྟེང་དུ་རྡོ་གྲང་ཆང་(ཆུ་)དུག(དུགས་)བྱ།། འུ་སུ་དོམ་མཁྲིས་ཇུ་(ཅུ་)གང་གུར་གུམ་དང་།། ཀ་ར་ཆུ་ཡིས་ཕུལ་ནས་བཏང་བས་ནོན།། བཞི་པ་གློ་རྩ་ཁ་རྡོར་(རྡོལ་)རྩ་ཁ་བསྡམ་པ་ནི།། བཙོད་ཐང་བསྐོལ་བའི་ནང་དུ་དོམ་མཁྲིས་དང་།། ཇུ་(ཅུ་)གང་ཤིང་ཚ་གུར་གུམ་བཏབ་པས་ནོན།། ལྔ་པ་ལོག་སྨན་མིག་ལ་ལོག་ན་ཆུ་ཆག་བྱ།། སྣ་རྩ་དཔྲལ་རྩ་གཏར་ན་ནོན་པ་ཡིན།། གསུམ་པ་རྗེས་ཤུལ་གོང་མ་བཤལ་དང་མཐུན།། ཟས་དང་སྤྱོད་ལམ་དེ་བས་སྤྱོད་པས་རུང་།། གུ་ཁུལ་(གུལ་)གླ་སྒང་མར་དང་དུད་བཏང་ན།། མགོ་དང་སྟོད་རླུང་མི་འཁྲུག་(འཁྲུགས་)དབང་པོ་གསལ།། སྨན་རོ་བཤལ་ཕྱིར་རྒྱམ་ཚའི་ཐང་བཏང་གཅེས།། བཞི་པ་སྟོད་འདྲེན་ལེགས་པའི་ཡོན་ཏན་ནི།། ལུས་ཡང་དང་ཀ་(ག་)བདེ་ཞིང་དབང་པོ་གསལ།། ཁ་དབུགས་དྲི་ཞིམ་མཆིལ་སྣབས་སང་ཞིང་(སངས་ཤིང་)དག། དེ་ལྟར་བྱས་ན་ནད་རྣམས་མ་ལུས་འདྲེན།།

སྡུག་བསྔལ་ཞི་བྱེད་གསོ་བ་སྨན་འབུམ་དཀར་པོ་ལས་སྟོད་འདྲེན་གྱི་ལེའུ་སྟེ་བཅུ་དྲུག་པ་རྫོགས་སོ།། །།



མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:21 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།