སྨན་རྩིས་དྲ་བ། - ཐུགས་འབུམ་མཁའ་སྔོན།

ལེའུ་དྲུག་པ། དཔེ་དོན་གྱི་རྣམ་གྲངས་རྣམ་པར་བཀོད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.01.2023
ཐུགས་འབུམ་མཁའ་སྔོན། >>


ལེའུ་དྲུག་པ། དཔེ་དོན་གྱི་རྣམ་གྲངས་རྣམ་པར་བཀོད་པ།
 

དེ་ནས་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། བསྟན་འགྲོའི་དཔལ་ཡོན་སྟོན་པ་རིན་པོ་ཆེ། །གསོ་རིག་ཐུགས་འབུམ་ནམ་མཁའ་སྔོན་པོ་ལ། །དཔེ་དོན་རྣམ་གྲངས་ཇི་ལྟར་གསུངས་པར་ཞུ། །དེ་ལ་སྟོན་པས་བཀའ་སྩལ་(བསྩལ)པ། ལེགས་སོ་དཔྱད་བུ་ཁྲི་ཤེས་ལ་སོགས་འཁོར་རྣམས་ཉོན། །གནས་ལུགས་ངོས་འཛིན་གསོ་བའི་རྩ་བ་ལ། །རྣམ་པར་མ་གྱུར་བལྟ་རེག་དྲི་བ་དང་། །ཟས་སྤྱད་(སྤྱོད)སྨན་དཔྱད་སྡོང་པོ་དགུ་རུ་དྲིལ། །ཡལ་ག་ལུས་ལ་ནད་ཟུང་(ཟུངས)དྲི་མ་གསུམ། །ནད་ལ་རྒྱུ་རྐྱེན་འཇུག་སྒོ་གནས་དང་ལམ། །ལྡང་དུས་འབྲས་བུ་ལྡོག་རྒྱུ་མདོ་དོན་དགུ། བན་ལྟ་བ་ལྕེ་ཆུ་རེག་པ་རྩ་ལ་གསུམ། །དྲི་བ་སློང་རྐྱེན་ནད་ལུག་(ལུགས)གམ་(གོམས)པ་གསུམ། །ཟས་ལ་ཟས་སྐམ་(སྐོམ)དྲུག་སྟེ་སྤྱོད་ལམ་གསུམ། །སྨན་ལ་རོ་དང་ནུས་པ་གཉིས་གཉིས་དྲུག །སྦྱར་ཐབས་ཞི་བྱེད་དྲུག་དང་སྦྱོང་བྱེད་གསུམ། །དཔྱད་གསུམ་བཞི་བཅུ་རྩ་བདུན་གྱེས་པ་ཡིན། །རྒྱས་པའི་ལོ་འདབ་བརྒྱ་དང་ཉི་ཤུ་ལྔ། །ནད་ཀྱི་ཟིན་ཏིག་དྲུག་བཅུ་རྩ་གསུམ་དང་། །བལྟ་བ་དྲུག་དང་དག་(རེག)པའི་རྩ་རྒྱུད་གསུམ། །དྲི་བ་ཉེར་དགུ་རླང་(རླུང)ཟས་བཅུ་བཞི་དང་། །མཁྲིས་ཟས་བཅུ་གཉིས་བད་ཀན་ཟས་སྐམ་(སྐོམ)དགུ། སྤྱོད་ལམ་དྲུག་དང་སྨན་གྱི་རོ་ནུས་དགུ། ཁུ་བ་གསུམ་དང་སྨན་མར་རྣམ་པ་ལྔ། །ཐང་ཕྱེ་བཞི་བཞི་རིལ་བུ་རྣམ་པ་གཉིས། །ཏྲེས་སམ་ལྔ་དང་མི་འདིས་(འདའི)བཅོས་ཐབས་དགུ། དཔྱད་སྡེ་བདུན་ཏེ་ནད་གཞི་བརྒྱ་རྩ་བརྒྱད། །སུམ་ཅུ་རྩ་བརྒྱད་ངོས་བཟུང་བརྟགས་པ་སྟེ། །བཅོས་པའི་ཐབས་ལ་དགུ་བཅུ་རྩ་བརྒྱད་དོ། །སྤྱི་སྡོས་(བསྡོམས)ཉིས་བརྒྱ་རྩ་བཞིར་རྒྱས་པ་ཡིན། །མེ་ཏོག་ནད་མེད་ཚེ་རིང་གསལ་བ་དང་། །འབྲས་བུ་ས་བོན་ནོར་བདེ་བ་གསུམ་དུ་སྨིན། །དཔེ་དང་སྦྱར་ཏེ་རྣམ་གྲངས་བཀོད་པ་ཡི། །གསོ་རིགས་(རིག)སྙིང་པོ་རྩ་བའི་ཐུགས་འབུམ་འདི། །གསོ་རིགས་(རིག)རྒྱུད་འཛིན་བློ་ལྡན་སྤྱོད་ཡུལ་ལས། །བློ་དམན་ལོག་རྟོགས་ཅན་གྱིས་རྟོགས་མི་འགྱུར། །སྤྱོད་དགའ་རྒྱ་ཆེའི་གཞུང་དུ་བལྟ་བར་གྱིས། །ཞེས་གསུངས་སོ། །

གསོ་རིགས་(རིག)སྙིང་པོ་རྩ་བ་ཐུགས་འབུམ་སྔོན་པོ་ལས་དཔེ་དོན་གྱི་རྣམ་གྲངས་རྣམ་པར་བཀོད་པའི་ལེའུ་སྟེ་དྲུག་པའོ།། །།

 

 

 

 

 

མཐའ་མའི་འདོན་ཐེངས་།: 17.01.2023 ཉིན། 2:37 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།