སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་བཅོ་བརྒྱད་པ། གབ་པའི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་བཅོ་བརྒྱད་པ། གབ་པའི་ཚ་བ་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །གབ་ཚད་བཅོས་པའི་རིགས་[རིག་]པ་བསྟན་གྱིས་ཟུངས། འདི་ལ་རྒྱུ་རྐྱེན་ངོ་བོ་མིང་དང་དབྱེ་བ་དང་། །རྟགས་[བརྟག་]ཐབས་བཅོས་ལུགས་དང་ནི་བདུན་ཡིན་ཏེ། །གབ་[ཚད་]རྒྱུ་ནི་གྲང་བའི་རླུང་ཡིན་ནོ། །གཉིས་པ་རྐྱེན་ནི་གསུམ་སྟེ་རང་བཞིན་གབ་པ་དང་། །གནས་ཀྱིས་གབ་དང་རྐྱེན་གྱིས་གབ་པའོ། །ཡུལ་དུས་རང་བཞིན་ན་ཚོད་ནད་ཁམས་རྣམས། །གྲང་རླུང་ཅན་ལ་ཚ་བ་འཕྲ་[ཕྲན་]བུར་འོང་། །དོང་[དང་]པོ་ཉིད་[རང་]གནས་བད་རླུང་འོག་ཏུ་གབ། །དེའི་ཕྱིར་ན་ཚ་བ་ཡེ་ནས་གབ། །གནས་ཀྱིས་གབ་པ་ཕོ་བ་མཁལ་སྙིང་གསུམ། །ཚ་བ་ཞུགས་ཀྱང་གྲང་རླུང་གནས་ཡིན་པས། །ཚ་བ་གཏིང་གབ་ཕྱི་རྟགས་རླུང་དུ་སྟོན། །རྐྱེན་གྱིས་གབ་པ་མ་སྨིན་བཅོས་པ་སྔས། །བད་ཀན་རི་ཐང་མཚམས་སུ་བཅུད་གཏོང་མེད། །གྲང་བའི་འོག་ཏུ་ཚ་བ་གབ་པ་ཡིན། །གསུམ་པ་གབ་ཚད་ངོ་བོ་སྦས་པའི་མེ་དང་འདྲ། །གྲང་རླུང་གཉིས་ཀྱིས་ཚ་བ་མགོ་བཏུམ་[བཏུམས་]པས། །ཚད་རྟགས་བད་རླུང་འོག་ཏུ་བག་ལ་ཉལ། །བཞི་པ་ཕྱི་གྲང་ནང་ན་གབ་པས་གབ་ཆད་[ཚད་]ཟེར། །ལྔ་པ་དབྱེ་ན་སྤྱི་དང་བྱེ་བྲག་གཉིས། །སྤྱི་ནི་[ལ་]ཚ་སྟོབས་ཅན་དང་གྲང་སྟོབས་ཅན། །བྱེ་བྲག་སྙིང་ལ་ཚ་བ་གབ་པ་དང༌། །ཕོ་བར་གབ་དང་མཁལ་མར་གབ་པའོ། །དྲུག་པ་བརྟགས་[བརྟག་]པའི་ཐབས་ལ་རྣམས་[རྣམ་]པ་བཞི་ཡིན་ཏེ། །རྟགས་ཀྱིས་ནད་ངོས་བཟུངས་[བཟུང་]ལ་རྩ་ཆུས་འཆང་[མཚང་]ནས་བྲུ་[འབྲུ]། །གཏར་གྱིས་ཕུག་[ཕུགས་]རྟོལ་[བཙལ་]ཟས་སྨན་མགོ་བཏུམ་བཤུ། །དང་པོ་ངོས་བཟུང་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་ཚ་སྟོབས་ཅན་དང་གྲང་སྟོབས་ཅན། །ཚ་སྟོབས་ཅན་དེ་རྩ་འཕང་[དཔངས་]དམའ་ལ་འགྲིམས་[གྲིམས]། །ཆུ་མདོག་དམར་ལ་ལྟོག་དཀའ་[ལྡོག་དཀའ་]ཤེས་པ་ལྗི་[ལྕི]། །ངོ་གཤེགས་[སྣུམ་]གཉིད་ལོག་ཤུལ་དུ་ཁ་སྣ་སྐམ། །ཁ་ཁ་དང་ཁ་མི་བདེ་སྐབས་སུ་རྔུལ། །ལུས་རྩ་[ལྕི་]མིག་དམར་མགོ་ལྗི་[ལྕི་]སྣ་ཁྲག་འཛག །ཉིན་ནུབ་གཉིད་ཀྱི་དགོ་[གོ་]ལྡོག་ཆེ་དང་ཆུང་། །མེ་ཉིས་ཕོག་ན་ཁམས་ལྕི་གྱིན་[གྱེན་]འགྲོ་ངལ། །བསིལ་དྲགས་དྲོས་དྲགས་གཉིས་ཀ་ནོད་[གནོད་]པ་ཡིན། །གྲང་སྟོབས་ཅན་དེ་རྩ་རྒྱུད་བྱིང་ལ་བུལ། །ཆུ་སྔོ་ལྡོག་ཏུ་མི་འདོད་གདོང་པ་སྐྱ། །དང་ཁ་མི་བདེ་ལུས་གྲོད་[དྲོད་]སྣ་ཆུ་འཛག །ཤེས་བྱིང་ཟས་སྤྱོད་དྲོ་ན་བདེ་སྙམས་[སྙམ་]བྱེད། །གཉིས་པ་བྱེ་བྲག་སོ་སོར་རྟགས་[བརྟགས་]པ་ནི། །སྙིང་ལ་གབ་ན་སེན་མོ་དཀར་པ་ཡིན། །སྲོད་ལ་གཉིད་མེད་ཉིན་མོ་གྲིབ་མ་[མར་]སྙེག །བྲེང་[བྲང་]རྒྱབ་གདོང་ལ་སྲིན་ཐོར་ཤ་སྐྲ་[བཀྲ་]འོང་། །ཚད་འཐུང་[ཆང་འཐུངས་]རྗེས་ལ་དྲ་[དྲན་]པ་མི་གསལ་འཕྱོ། །ཕོ་བར་གབ་ན་ཚ་གྲངས་[གྲང་]གཉིས་ཀ་གནོད། །ཁྱེད་[ཁྱད་]པར་དྲོད་དྲགས་ཕུར་པ་བཅུག་བཞི་[བཙུགས་བཞིན་]ན། །ཤ་སར་[གསར་]མི་ལེན་ཟན་དྲོན་འཛམ་[འཇམ་]པ་ལེན། །མཁལ་མར་བབ་[གབ་]ན་བཟགས་[ཟགས་]ཆུ་ཁྲག་ཏུ་འོང་། །ནན་ལྟར་[ཏར་]རྒྱས་ན་སྒག་[རྣག་]ཏུ་འོང་བ་ཡིན། །ཆང་ཐུང་[འཐུང་]འགྲོ་འདུག་རྗེས་ན་[ལ་]རྐང་པ་ལྗི་[ལྕི་]། །མཁའ་[མཁལ་]རྩ་གང་ཡོད་གཟེར་རིམས་[རམ་]འཁྲིད་ནས་ན། །དེ་ལྟར་ནད་ཀྱི་རྟགས་ལ་གཏང་སྙོམས་[ཐེ་ཚོམ་]ན། །གཉིས་པ་རྩ་དང་ཆུའི་སྒོ་ནས་མཚང་འབྲུ་སྟེ། །རྩ་རྒྱུད་མ་ངེས་ཅི་[ཇི་]ལྟར་འདུག་ན་ཡང་། །གཏིང་ནས་ཅུང་ཟད་གྲིམས་ལ་མཁྲང་སར་ཡོད་[བར་ཡོང་]། །ཆུ་མདོག་མ་ངེས་ཅི་[ཇི་]ལྟར་འདུག་གྱུར་ཡང༌། །རླངས་པ་སངས་བུལ་ཀུ་ཡ་ཞབས་སུ་འོང་། །དེས་མ་རྟོགས་ན་གཏར་གྱིས་ཕུག་རྟོལ་[འཚོལ་]ཏེ། །སྙིང་ལ་བབས་ན་སྣོད་ཁ་གཏར་བས་གསལ། །ཕོ་བར་བབས་ན་རུ་ཐུང་གཏར་བས་ཤེས། །མཁལ་མར་བབས་ན་བྱིན་གཞུག་གཏར་གྱིས་ཕུག་རྡོལ་[འཚོལ་]ཏེ། །ལུས་སྤྱིར་གབ་ན་གསུམ་ཁ་ལྟར་[གཏར་]བ་ཡིན། །རྣག་མཁྲིས་ལྕགས་གཡའ་ཆགས་ན་གབ་ངེས་ཡིན། །ཁྲག་ལ་ངེས་ཤེས་སྐྱེ་བར་མ་ནུས་ན། །བཞི་པ་ཟས་དང་སྨན་གྱིས་མགོ་གཏུམ་བཤུ་བ་ནི། །དོང་[དང་]པོ་ཁ་ཟས་དྲོད་བཅུད་ཁོ་ན་བརྟེན་[བསྟེན]། །ཐོག་མར་གྲང་བ་སོ་[ཞི་]བས་བདེ་ཚོར་ཏེ། །བར་དུ་གྲོང་[གྲང་]བ་ཟད་ནས་ཕན་གནོད་མེད། །ཐ་མ་གཏིང་ཚད་སླེབ་[སླེབས་]དུས་གནོད་པར་འོང་། །དེས་[དེ་]རྗེས་སྨན་གྱིས་མགོ་ཕུད་[ཕུར་]བཤུ་བ་ནི། །སྤྱི་རུ་གབ་ནས་[ན་]ཅུང་[ཅུ་]གང་བདེ་བྱེད་དེ། །སེལ་[སེ་]འབྲུ་བཞི་པས་བདེ་[བད་]རླུང་མགོ་གཏུམ་བཤུ། །གུར་གུམ་ཅུ་གང་ཨུད་དཔལ་[ཨུཏྤལ་]ཚ་བ་འཇོམས། །ཁྱེད་[ཁྱད་]པར་སྣ་ཁྲིད་ནང་ཡིན་[ཡན་]ཕུག་ཚོལ་[ཕུགས་འཚོལ་]གསུམ་སྦྱར་ཏེ། །རང་གནས་སྣ་ཁྲེད་[ཁྲིད་]བཟང་པོ་གསུམ་ཐོག་ནས། །སྙིང་ལ་ཛྭ་[ཛཱ་]ཏི་མཁལ་མར་སུག་སྨེ་[སྨེལ་]དང་། །ཕོ་བ་དག་ལ་ཀ་ཀོ་ལ་སྦྱར་བཏང་། །ནང་བྱེད་[ཡན་]ཀུན་ལ་པི་པི་ལིང་བཏང་ངོ་། །ཕུགས་ཚོལ་[འཚོལ་]གཙོ་བོ་ཙན་དན་གྷི་ཝང་དང༌། །གུར་ཀུམ་གསུམ་ལ་འཁོར་གྱིས་ཁ་བསྒྱུར་ལ། །སྙིང་ལ་སྤོས་དཀར་ཨ་རུ་རུ་རྟ་བསྣན། །མཁལ་མ་[མར་]བྲག་ཞུན་གླ་རྩི་ཨ་རུས་[རུ་]ར། །ཕོ་བར་བོང་ང་དཀར་པོ་ལི་ག་དུར། །བྲག་ཞུན་གསེར་མེ་བསྣན་ལ་ཀ་ར་སྦྱང་[སྦྱར]། །ཐུན་ཆུང་ཆུ་ཚ་འཕུལ་ནས་བྲིད་ལ་བཏང༌། །དང་པོ་བད་རླུང་ལ་ཕོག་མི་འཕྲོད་སྙམས་[སྙམ]། །བར་དུ་གྲང་བ་ཐལ་ནས་གནོད་པ་མེད། །ཐ་མར་ཚ་བ་སླེབ་[སླེབས་]ནས་ཕན་པར་འོང་། །དེ་དག་སུམ་འགྱུར་སྨན་གྱི་མན་ངག་ཡིན། །བདུན་པ་བཅོས་པའི་ཐབས་ལ་རྣམས་[རྣམ་]པ་གཉིས་ཡིན་ཏེ། །སྤྱི་སྡོམ་བཅོས་དང་བྱེ་བྲག་སོ་སོར་བཅོས། །སྤྱི་ལ་བཅོས་པའི་ཚུལ་དང་གཉིས་[གཉེན་]པོ་གཉིས། །བཅོས་ཚུལ་དང་པོ་ཚ་བ་ཕྱིར་དབུལ་བས། །རྐུན་ཆེན་ཕུག་[ཕུགས་]སུ་གཞུག་པར་བྱ་བ་ཡིན། །བར་དུ་མཐོང་དུ་ཀང་དབུལ་[མཐོང་ཀ་འབྱེད་ལ་]ཐང་ཕྱེ་གཉིས། །ཐང་སྤྱོར་འབྲས་བུ་གསུམ་དང་བ་ལེ་ཀ །མཁྲིས་ལ་ཨུལ་དཔལ་[ཨུཏྤལ་]སླེ་ཁྲིས་[ཏྲེས་]ཏིག་ཏ་བོང་ང་བོང་ང་དཀར། །བད་ཀད་[ཀན་]ག་དུར་བ་ཤ་ཀའི་བསྡུས་གྲང་ཐང་[བཏང་]། །ཁ་ཁུར་[ཕུར་]ཕྱེད་(ལ་)ཚ་རླ་ས་[རླངས་]འདོན། །ཐ་མ་ཚ་ལྷག་བསིལ་གསོད་གསད་ཚུལ་བཅོས། །གཉིན་[གཉེན་]པོ་སྨན་དཔྱད་ཟས་དང་སྤྱོད་པ་བཞི། །སྨན་བཅོས་ཚ་བ་ཕྱིར་ཚ་བ་ཁོང་གསོད་ཕྱིར་དབུལ་ངན་ཁྲག་འབྱེད། །དེ་རྗེས་ཚ་བ་སྙིང་གབ་རབ་[རང་]དེ་ལ། །ག་ཕུལ་[པུར་]ཨ་ཀ་རུ་དང་ཙན་དན་དང་། །ལི་ཤི་བསིལ་གསུམ་ཏིག་ཏ་ལི་ག་དུར། །ཀ་ར་དཀར་པོའི་རྟ་ལ་སྦྱར་ནས་བཏང༌། །ཚ་བ་འབྲིང་དང་མཁལ་མར་བབས་པ་ན། །གྷི་ཝང་ཙན་དན་བསིལ་གསུམ་ཨ་རུ་ར། །གླ་རྩི་བོང་ང་དཀར་པོ་ཀ་ར་སྦྱར། །ཚ་བ་ཆུང་དང་ཕོ་བར་གབ་པ་ནི། །གུར་གུམ་ཅུ་གང་ཏིག་ཏ་ཨ་རུ་ར། །བྲག་ཞུན་ཨུད་དཔལ་[ཨུཏྤལ་]མཚེ་[མཚེའི་]ཚིགས་བ་ལེ་ཀ །ཀ་ར་སྦྱར་བ་ཚ་བ་རབ་འབྲིང་ཐང་[ཐ]། །སྙིང་མཁལ་ཕོ་བ་གནས་དང་སྦྱར་ཏེ་བསྟེན། །ཡང་ན་རྟགས་ནང་པི་པི་ལིང་བཞག་ནས། །སྣ་ཁྲིད་ཕུགས་ཚོལ་[འཚོལ་]སྦྱར་བས་ཚ་བ་འཕུལ་ནས་གཅོད། ཁ་ཟས་འབྲངས་[འབྲས་]དང་བ་གླང་ཤ་སར་[གསར་]དང༌། །ཆག་ཚེ་ཞོ་མར་ལུས་ཟུངས་ནད་སྦྱར་བཏང་། །སྤྱོད་ལམ་བསིལ་གནས་དར་[དལ་]བར་གཉིད་མི་ལོག །དེས་ནི་ཚ་བ་ཁོང་ནས་ཕྱིར་འཕུལ་གསོད་པར་གཅོད་[བྱེད]། །གྲོག་ཚང་བཤིག་འདྲའི་ཕྱི་ཚད་སྐྱེས་ན། །དཔྱད་དུ་གང་རྒྱས་རྩ་གཏར་ག་པུས་[པུར་]དང་། །ཨ་རུ་ལྕིམ་[ལྕུམ་]རྩ་བ་ཆུར་སྦང་ལ་སྦྱངས། །རུས་བབས་བདུད་རྩི་ལྔའི་རླང་[རླངས་]དུགས་བྱས། །ཤ་དང་ལྤགས་[པགས་]ལ་ཚ་བ་རྔུལ་དབྱུང༌བྱ། །མཁལ་མ་ནང་རྩར་བབས་ན་རྩ་སྦྱོངས༌བྱ། །དེ་དག་ཚ་བ་རང་སར་དབྱུང་བ་སྟེ། །དུ་བ་འཁྱལ་[འཁྱིམས་]ལ་མཐང་[མཐོང་]ཕྱིར་བྱེར་བ་འདྲ། །ཐ་མ་མེ་ལྷག་ཆུ་ཡིས་གསོད་འདྲ་ནི། །ཚ་གདུག་[གཞུག་]མ་ཐོན་རོ་ལུས་པ་ལ། །ཟས་སྤྱོད་རྐྱེན་ཕྲད་སྤྲད་[སྤྲ་]མེས་རྩས་[མེ་རྩེ་]འཕྲད་འདྲ། །དེ་ཕྱིར་གྷི་ཝང་ཙན་དན་སུག་སྨན་[སྨེལ་]བསིལ་གསུམ་དང༌། །ཤིང་མངར་རྒུན་འབྲུམ་གུར་གུམ་འཛའ་[ཛཱ་]ཏི་པི་པི་ལིང༌། །སིལ་[སེ་]འབྲུ་ཤིང་ཚ་ཀ་ར་སྦྱར་བ་ཡིས། །ཕོ་བའི་མེ་ནི་སིལ་[སེ་]འབྲུ་བཞི་པས་གསོ། །ཚ་བའི་ནད་རོ་གང་ལྡན་སྨིན་བསལ་[སྨན་བསིལ་]གྱིས་གསོད། །བིལ་ཚའི་[བལ་ཚིའི་]ཆུ་ལུམས་ཏིག་ཏའི་སྨན་མར་སྦྱར། །ཟས་སྤྱོད་གང་མི་ལྡང་རོག་[ལྷག་མ་]མེད་རྟགས། །དེ་བྱུང་ཁ་ཟས་ཆ་ཡིས་ཀློད་ནས་བཏང་། །རྗེས་གཅོད་བྱེ་བྲག་གར་བབས་གསང་སྒོ་བསྲེག །གཉིས་པ་ཚ་བ་སོ་སོར་བསོས་[བཅོས་]པ་ནི། །ཚ་བ་ཚབ་[ཚབས་]ཆེ་སྙིང་ལ་གབ་པ་ནི། །ག་ཕུར་[པུར་]ཙན་དན་དཀར་དམར་ཨ་རུ་ར། །ལི་ཤི་བསིལ་གསུམ་ཛ་[ཛཱ་]ཏི་སྙིང་གབ་སེལ། །ཚ་བ་སྟོབས་ཆུང་ཙན་དན་དཀར་པོ་དང་། །ཨུད་དཔལ་[ཨུཏྤལ་][ནཱ་]གེ་སར་ཨ་རུ་ར། །ཛཱ་ཏི་སྐྱུ་རུ་ཀ་ར་སྦྱར་ལ་བཏང༌། །རྗེས་ལ་སྣོད་ཀ་ལྕེ་རྩ་ཐོང་རྩ་གཏང་[གཏར]། །ཚ་བ་ཆོམ་[ཆོམས་]ནས་ནུ་འཕྲག་[དབྲག་]དྲུག་བདུན་བསྲིག་[བསྲེག] །ཁ་ཟས་འཕྱིས་ན་སྙིང་དུ་རླུང་འཛུག་[འཇུག་]པས། །སྔར་བས་ཟས་གློད་འབྲས་གསུམ་སྨན་མར་སྦྱར། །ཕོ་བར་གབ་ལ་སེལ་[སེ་]འབྲུ་ལྔ་པའམ། །ད་ལི་[ལིས་]བདུན་པས་ཕོ་བའི་གཞི་བཟུང་ལ། །གུར་ཀུམ་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །བྲག་ཞུན་དོམ་མཁྲིས་ག་དུར་བ་ལེ་ཀ །ཀ་ར་སྦྱར་བ་གུང་གཉིས་བསྐོལ་གྲང་དབུལ། །ཡང་ན་འདེབས་བེད་[བདེ་བྱེད་]ཆེན་པོ་དུས་བཞིར་བསྟམ་[བསྟེན]། །མེའི་དྲོད་གསོ་སྐར་ཆུ་བསྐོལ་འཕུལ་ནང་ནུབ་བསྟེན། །རུ་ཐུང་སྣོད་ཀ་གཉིས་ལ་གཏར་བ་དང་། །ཆུ་རྩ་ཆུང་སྙིང་ལོ་རྩ་བ་བསྡུས། །དེ་ལ་དུར་བྱིད་པི་ལིང་ཁ་ཚར་བཏགས་[བཏབ]། །དེའི་རྒྱུན་སྦྱོང་བཏང་བ་མཆོག་ཏུ་སྨན། །ཁ་ཟས་བསིལ་དྲོད་སྙམས་[སྙོམས་]བསྟེན་ཕོ་གསང་བསྲིགས་[བསྲེག]། །མཁལ་མར་གབ་ན་དམར་པོ་བཞི་ཐང་བཏང༌། །ཕྱི་[ཕྱེ་]མ་ཙན་དན་གུར་གུམ་སུག་སྨེ་[སྨེལ་]དང༌། །ཏིག་ཏ་བྲག་ཞུན་ཤུག་ཚེར་ཨ་རུ་ར། །ཡང་ན་ཙན་དན་གླ་རྩི་ཨ་རུ་ར། །གུར་གུམ་སུག་སྨེ་[སྨེལ་]ལི་ཤི་ཏིག་ཏ་དང༌། །འཛམ་[འཇམ་]འབྲས་ཀ་ར་སྦྱོར་[སྦྱར་]བཏང་བྱིན་གཞུགས་[གཞུག་]གཏར། །གཟེར་མིག་གླི་[གླ་]རིལ་དྲི་ཆུང་[ཆུར་]བཙས་[བཙོས་]པས་བདུག །རྗེས་ལ་སྦྲོང་[སྦྲང་]ཆང་བོང་ཤས་ལུས་བཟུངས་[ཟུངས་]གསོ། །རྩ་བ་ལྔའི་སྨན་མར་བསྟིན་[བསྟེན་]པ་དང་། །ཚིགས་པ་བཅུ་བཞི་མཁལ་གསང་མེ་ཡིས་བསྡམ། །དེ་བཞིན་གབ་ཚད་བྱེ་བྲག་རྣམ་པ་གསུམ། །ཚ་རྗེས་དྲོད་ཀྱིས་མ་བཅད་གྲང་བར་ལྡོག །དེས་ན་འཁྲུལ་ཚབས་བྱེད་ལ་རྗེས་གཅོད་གཅེས། ཞེས་གསུངས་སོ།།

               གསོ་བྱའི་ནད་འབུམ་ནག་པོ་ལས་གབ་ཚད་བཅོས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།




མཐའ་མའི་འདོན་ཐེངས་།: 04.01.2024 ཉིན། 3:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།