སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་དོན་གཅིག་པ། མེ་དབལ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་དོན་གཅིག་པ། མེ་དབལ་བཅོས་པ། 

དེ་ནས་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྕལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །མེ་དབལ་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་། །རྟག་[རྟགས་]དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན། །རྒྱུ་རྐྱེན་ཟས་སྤྱོད་གདོན་གྱིས་ཁྲག་མཁྲིས་འཕེལ། །ཆུ་སེར་ཚ་བ་རླུང་གིས་ཕྱིར་འཕུལ་བྱེད། །གཉིས་པ་དབྱེ་བ་རླུང་མཁྲིས་བད་ཀན་མཚོན་ལས་བྱུང༌། །གནས་ནི་པགས་པ་དོན་སྙིང་ཀུན་ལ་གནས། །གསུམ་པ་དེ་རྟགས་རླུང་གྱུར་བརྕེ་འདར་བརྩེ་འདར་སྐྲངས་གཟེར་རྒྱུག་[སྐྱུག]། འཁྲིས་[མཁྲིས་]གྱུར་ཁ་སྐོམ་ཚ་དམར་མྱུར་དུ་མཆེད། །བད་འགྱུར་[གྱུར་]གཡའ་འཇམ་མགོ་རྐང་ཚིག་བཞི་[ཚིགས་གཞི་]ན། །མཚོན་བྱུང་རིམ་[རིམས་]འདྲ་འབྲུམ་དམར་ཚ་བས་ཁྱབ། །མགོ་ལུས་རྐང་ལགས་[ལག་]རུས་ན་ལུས་པོ་ལྗི[ལྕི]། །ཕྱིར་བྱུང་མེས་ཚིག་འདྲ་ལ་མཆེད་ནས་འོང་། །ཆུ་བུར་རམ་ནི་དམར་ཙོམ་[ཙམ་]འཐུག་པ་འོང་། །ནང་གནས་གློ་སྙིང་ཚ་གདུང་མྱོས་པ་ཡིན། །སྟོབས་ཉམས་གནས་དེར་ཚ་གཟེར་སྐོམ་དད་ཆེ། །བཞི་པ་བཅོས་ཐབས་ཐོག་མར་གཏར་སྦྱང་ནང་སྐྱོན་བསལ། །དེ་འོག་བྱུག་པས་མེ་དབལ་ཞི་བར་བྱེད། །ཤིང་མངར་དུག་ཉུང་སོ་འཆའ་[ཆ་]སྟོད་བྱུང་རློན། །རྭ་[ར་]གསུམ་ཁྱི་ལྕེ་དུར་བྱིད་སྨད་བྱུང་སྦྱོང༌། །སྲན་ཆུ་[ཆུང་]ནིམ་པ་ཧུང་[ཧོང་]ལེན་ཁྱི་ལྕེ་དཀར། །ཤིང་མངར་སྐྱེར་ཞུན་[ཁཎ་]མེར་བཀོལ་[བསྐོལ་]ཁུ་བ་བླུད། །སྣུམ་བཅུད་མི་བཏང་ཁྲག་འཕེལ་གང་ཉེ་གཏར། །ནང་སྐྱོན་དག་ནས་ཕྱེ་མ་མུ་ཟི་ནག །ར་དུག་ཐར་སྣུ་[ནུ་]ལྡོང་རོས་ལྡེ་གུ་བྱུག །སྣག་ཚ་རུ་རྟ་གླ་བ་བྱུག་པས་སྐེམ། །རླུང་གྱུར་ཤུ་ཏི་བླ་[གླ་]སྒང་པི་པི་ལིང༌། །ཤིང་རུས་[ཤི་ཀྲུ་]འུ་སུ་སྒྲོན་ཤིང་རུ་རྟ་དང༌། །འོ་མ་མར་དང་སྦྱར་ནས་བྱུག་པར་བྱ། །འཁྲིས་[མཁྲིས་]གྱུར་པད་ཙ་[རྩ་]ཨུད་དཔལ་[ཨུཏྤལ་]བ་ལེ་ཀ །རྒུ་[རྒུན་]འབྲུམ་ཙདནྡ་[ཙན་དན་]ཤུག་པ་ཤེལ་ཏང་[ཏ་]དང༌། །ཤིང་མངར་གསེར་བཙག་འོ་མ་ཀ་ར་བྱུག །བད་ཀན་འབྲས་བུ་གསུམ་དང་པུ་ཤེལ་ཙེ། །འདམ་བུ་ཀ་ར་ཤུག་པ་བཙོད་ཁུས་བྱུག །མཚོན་གྱུར་བསིལ་བས་བྱུག་ཅིང་གཏར་ཁ་བྱ། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་མེ་དབལ་བཅོས་པའི་ལེའུ་སྟེ་དོན་གཅིག་པའོ།། །།




མཐའ་མའི་འདོན་ཐེངས་།: 04.01.2024 ཉིན། 3:59 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།