སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་ཉེར་ལྔ་པ། ངན་གཡོ་སྐྱོན་གྱི་སྒོ་ནས་བརྟག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་ཉེར་ལྔ་པ། ངན་གཡོ་སྐྱོན་གྱི་སྒོ་ནས་བརྟག་པ།

དེ་ནས་ཡང་འཚོ་མཛད་སྨན་པའ་(པའི་)རྒྱལ་པོས་འདི་སྐད་གསུངས། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ངན་གཡོ་སྐྱོན་གྱི་སྒོ་ནད་(ནས་)བརྟག་པ་ནི། །མཚན་ཉིད་ཤེས་བྱ་འཚོངས་བྲུ་(མཚང་འབྲུ་)དེ་དུས་སྲིང༌། །སྔར་རྗེས་བཅད་དང་བཅུད་(གཅུད་)ལ་བོར་བ་དང༌། །ཁ་བཅིང་སྤོ་ལ་གདོན་དང་ཐབས་འོག་ཞུག(གཞུག)།

དང་པོ་མཚན་ཉིད་ཤེས་པར་བྱ་བ་ནི། །ནད་ཀུན་སྤྱི་དང་ཁྱད་པར་རྟགས་ཤེས་པས། །འདི་ན་ཙམ་(ཙམ་)ལས་འདི་འོང་རྟོགས་པར་གྱུར(འགྱུར)། །དེ་ཕྱིར་དེ་ལ་འདྲིས་ཤིང་གོམ་(གོམས་)པ་གཅེས། །རིན་ཆེན་ལ་སོགས་བཟང་ངན་ཤེས་པ་ཡང༌། །བསྟན་ཆོས་(བཅོས་)མ་ཡིན་དེ་མེད་པར་ཡང་མིན། །འཚོ་(མཚང་)འབྲུ་ཕོ་ཉ་འབྲེལ་བ་ཐབས་ཀྱི་ཕྱིར། །ཅི་ན་ཇི་ལྟར་གང་བཏང་སུ་ཡིན་ལྟས(དང་)། །ཞག་གྲངས་དཔྱད་པས་མི་སྨྲས་(སྨྲ་)མངོན་པར་ཤེས། །དུས་བསྲིང་རིང་ཐབས་(སྟབས་)མ་ཡིན་ཐང་ཅིག་གནས། །དེ་བར་ལུས་ངག་མ་ཡེངས་གཏམ་ལ་དཔྱད། །རྗེས་དཔྱདགཏེར་(གཏར་)སྲེག་སྨན་སྦྱོར་ཅི་བྱས་བཙམ(བཙལ)། །བརྙེད་(རྙེད་)པ་ཙམ་གྱིས་ཚ་གྲངས་(གྲང་)ཕྱོགས་མཐུན་རྟོག(རྟོགས)། །བཅུད་(གཅུད་)ལ་བོར་བ་མི་སྨྲ་མ་རྟོགས་ན། །སྒྲོགས་ཕྱིར་ངན་པ་མི་བྱ་གདོན་བཅོས་དགོས། །སྨན་ཅིག་སྦྱར་ན་ཕན་ཞེས་བྱིང་པོར་སྨྲ། །ངང་གིས་མི་ཐུབ་འདི་ན་སྤྱི་དཔྱད་འབྱིན། །ཁ་བཅིང་ཞེས་པ་ཁ་ཅིག་ཕྲད་པ་དང་། །སྨྲ་བར་བྱེད་པ་རྨོངས་པས་ཚུད་བྱས་ཏེ། །ཅི་ན་སྨན་པས་ལྟ་ཤེས་བཤད་མི་དགོས། །གསལ་བར་བརྗོད་པས་སྐྱེ་བོ་ངོ་མཚལ་(མཚར་)ཟེར། །སྤོ་ལ་གདོན་པ་ཐབས་ཀྱིས་རྟོགས་གྱུར་ན། །གཞན་དག་རྩ་ཆུན་(ཆུ་)ན་ལུགས་མང་བཏགས་(བརྟག་)དགོས། །ང་ལ་མ་ཡིན་གཅིག་ལ་ཁ་དམར་གདག(གདགས)། །མིག་བལྟས་ཙམ་གྱིས་ཆོ་(ཆོག་)ཅེས་གྲགས་པའོ། །ཡང་ན་ཞིབ་ཏུ་དཔྱད་པས་རྟོགས་མཁས་ཟེར། །ཐབས་འོག་ཞུག་(གཞུག་)པ་ཀུན་གྱིས་སྐད་མི་གཏེར(སྟེར)། །རྣམ་པ་ཁ་མར་(དམར་)གདན་(གདགས་)ལ་རྫོངས་སུ་(རྫོང་ལ་)བྲོས། །དང་པོ་ཟས་སྤྱོད་མི་འཕྲོད་གདོན་གྱིས་བསྐྱེད། །རུལ་སྐྱུར་རྗེན་ཟས་དྲག་དལ་གནོད་ཅེས་བྱ། །གཉེན་པོ་ཕན་གནོད་མེད་པའི་སྙོམས་པ་འབོག །ལྗོང་(རྫོང་)ལ་བྲོས་པ་ནད་དང་སྨན་གྱི་མིང༌། །སྔ་ནས་(ན་)མ་གྲགས་མི་ཤེས་ངོ་མཚར་བརྗོད། །གནོད་སྦྱིན་རྒོད་མ་ཁའི་སྦྱོར་བ།རྨ་བྱ་འཛིན་སྣོལ་གྱི་སྦྱོར་བ།སེང་གེ་དཀར་པོ་ཁ་འཐབ་སྦྱོར་བ།ཞེས་སོགས་བརྗོད་དོ། །ཁྱབ་ཚད་ཀྱི་རླུང་མེ་མཉམ་གྱིས་གནས་སུ་ཞུགས་ཏེ། བད་ཀན་གྱི་ཡུལ་བཟུངས་(བཟུང་)མཁྲིས་པ་དང་ཐབས་(འཐབ་)ཅེས་ལོག་གོ། དེ་ཡིས་མ་ཏོགས་(རྟོགས་)གྱུར་ཀྱང་མཁས་ཁྱད་འབྱིན། །ཞེས་གསུངས་སོ། །

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་ངན་གཡོ་སྐྱོན་གྱི་སྒོ་ནས་བརྟག་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།




མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 1:00 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།