སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་དོན་གསུམ་པ། རྨེན་བུ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་དོན་གསུམ་པ། རྨེན་བུ་བཅོས་པ། 

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྕལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །རྨེན་བུའི་ནད་ལས་[ལ་]རྒྱུ་རྐྱེན་དབྱེ་བ་དང༌། །རྟག་[རྟགས་]དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན། །རྒྱུ་རྐྱེན་དྲག་ཤུལ་རྐྱེན་གྱིས་འགྲམ་[འགྲམས་]པའམ། །རླུང་ཁྲག་འཁྲུག་[འཁྲུགས་]པས་རྨེན་བུ་བསྲ་[སྲ་]ལ་འགྲིལ། །ཕལ་ཆེ་[ཆེར་]ཀེ་[སྐེ་]ཇིང་དམིག་[མིག་]ཟུར་སྣེ་པ་[ས་]ཡོང་། །དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་བཞི། །ཤ་རྨེན་ཚིལ་དང་[རྩ་]འབྲས་དང་བརྒྱད། །དེ་རྟག་[རྟགས་]རླུང་སྐྲངས་[རྒྱ་]ཆེ་བུས་འདྲ་གཡོ། །མཁྲིས་གྱུར་སྐྲང་དམར་དྲོད་ཆེ་ཚ་རྣག་ཏུལ[རུལ]། །ཁྲག་གྱུར་དྲོད་ཆེ་ཚ་དམར་རྩ་ཐོག་འོང༌། །བད་ཀན་ཟུག་ཆུ་[ཆུང་]སྨིན་དཀའ་བསིལ་སྲ་སྐྱ། །ཤ་རྨེན་སྲ་ལ་རྒྱ་ཆེ་འཇམ་ཞིང་སྣུམ། །ཚིལ་རྨེན་མདོག་དཀར་བསྲིལ་[བསིལ་]གྲང་འཕེལ་འགྲིབ་འོང་། །རྩ་སྨིན་[རྨེན་]རྩ་སྟེང་སྙི་འགུལ་སྲིད་པའོ། །རྕ་འབྲུམ་ལྟར་[ལྟ་]བུ་སྐྲངས་ཤིང་མནན་ན་ན། །འབྲས་རྨེན་སྲ་འདྲིལ་གཏིང་ཟུག་སྐྱེ་འབྲིང་[འབྲི་]ཆུང་། །སྤྱིར་ན་རང་བཞིན་ཞི་འམ་འཕེལ་རྒྱས་བྱེད། །འགའ་ཞིག་མྱུར་དུ་སྨིན་ལ་མི་སྨིན་འོང་། །འགའ་རེ་ཟུག་མེད་འགའ་རེ་ཟུག་ཡོད་འོང་། །ལ་ལ་སྨིན་དཀའ་ལ་ལ་རུལ་ནས་རྣག །སྲ་ལ་སྨིན་དཀའ་ཡུང་གཤེར་འཁྱག་འདྲ་དང༌། །འབྲོས་ཤིང་འཕེལ་སྐྱེན་ལྕགས་[པགས་]པ་འགས་པས་སྤང་། །བཅོས་ཐབས་གསར་དུ་[དུས་]ནད་སྟོབ་[སྟོབས་]ཆུང་བའི་དུས། །སྤྲ་ཚིལ་བསྐོལ་བསྐུལ་[བསྐུས་]ཤོག་གུས་གནན་[མནན་]ལ་བཞག །རྒྱམ་ཚྭ་བཅའ་ལྒ་ཚན་དོས་བདུག་ཅིང་མཉེ། །མ་ཞི་སྟེང་དུ་མེ་ཡིས་ཚོས་པར་བསྲེག །ནད་སྟོབས་འབྲིང་པོ་ཟླ་བ་ཁ་[གཅིག་]ད་[དང་]ལོན། །བྲག་ཞུན་དྲི་ཆུ་གླད་[ཀླད་]རུལ་ཚ་[ཚྭ་]སྦྱར་བྱུག །ཨ་རུ་གུ་ཁུལ་[གུལ་]སྐྱེར་སྟ་[པ་]བ་ཞུ་[ཆུ་]བཏུང་། །མ་ཞི་འབམ་པོ་བྱ་བྲས་རྣག་ཏུ་བཀུག །སྨིན་ཅིང་རྒྱས་པ་ཟླ་མང་ལོ་ལོན་ལ། །རླུང་སྨན་བཞིན་དུ་ཨ་བའི་[སའི་]དུག་[དུགས་]བཅོས་དང་། །སྣུམ་ཆོས་[འཆོས་]བྱས་ནས་རྕ་སྦྱོང་གང་ཉེ་གཏར། །ཆུ་མ་རྕི་དང་སྒོང་ཐོག་བྲག་ཞུན་དང་། །བུལ་ཏོག་དྲི་ཆུ་སྦྱར་ནས་བྱུག་པར་བྱ། །མ་ཐུབ་བསྲེགས་རྨ་ཁྲ་བོའི་ལུམས་ཀྱིས་བཏུལ། །རྣག་མེད་འཚོ་བར་མི་འོང་རྣག་ཐབས་བྱ། །རྣག་ཏུ་ཁུག་[ཁུགས་]ནས་བཅོས་ཐབས་འབྲས་དང་ཅིག་[གཅིག]། །རྨེན་བུ་ཟུག་ཆུང་འཕྱང་པ་རྩ་བ་བཅིང་། །འཕྲ་[ཕྲ་]བར་སོང་ན་བཅད་ནས་དེ་འཕྲོ་བསྲེག །བད་རླུང་ཀན་དྷ་[ཀཎྜ་]ཀ་རི་དཀར་སྨུག་གཉིས། །ཙི་ཏྲ་ཀ་དང་པི་ལིང་དན་དྷ་[ད་]དང་། །དུར་བྱིད་བུ་རམ་སྨན་མར་བྱུག་རྗེས་སྦྱང་། །རྒྱམ་ཚ་སྒ་མར་བྱུག་སྟེ་[སྟེང་]ཨ་པས་བདུག །ཁྲག་འཁྲིས་[མཁྲིས་]ཨ་རུ་རྒྱ་སྐག་ཙན་དན་དང༌། །ཧུང་[ཧོང་]ལེན་ཤུ་དག་ཀ་ར་སྦྲང་སྦྱར་བཏང་། །ཁྱི་ལྕེ་ཧུང་[ཧོང་]ལེན་བྲག་ཞུན་དྲི་ཆུ་བྱུག །ཤ་རྨེན་ཆང་ན་[ནང་]གཅན་གཟན་སྣ་བཙོས་བདུག །ཚིལ་སྨིན་[རྨེན་]གུ་ཁུལ་[གུལ་]ཟ་ཞིང་བྱི་རུག་བདུག །བྲག་ཞུན་གཉིས་གསུམ་སྐྱེར་པའི་ཁན་དྷ་[ཁཎྜ་]བཏང་། །རྩ་ཆེན་[རྨེན་]གང་[གོང་]འོག་བསྲེགས་ལ་གང་ཉེ་གཏར། །འབྲས་སྨིན་[རྨེན་]ལུམས་ཀྱིས་བཏུལ་ལ་བསྲེག་པ་ཡིན། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་རྨེན་བུ་བཅོས་པའི་ལེའུ་སྟེ་དོན་གསུམ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 3:48 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།