སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཉེར་བདུན་པ། ཆམ་རིམས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཉེར་བདུན་པ། ཆམ་རིམས་བཅོས་པ།

དེ་ནས་འཚོ་མཛད་སྨན་པའི་རྒྱལ་པོ་ཡིས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལས་[ལ་]སོགས་གསོ་བ་འཛིན་པ་ཀུན། །འཆམ་[ཆམ་]རིམས་བཅོས་པའི་རིག་[རིགས་]པ་བསྟན་གྱིས་ཟུངས། །འདི་ལ་རྒྱུ་རྐྱེན་དབྱེ་བ་དེ་ཡི་རྟགས། །བཅོས་པའི་ཐབས་དང་རྣམ་པ་ལྔ་ཡིས་བསྟེན་[བསྟན]། །དང་པོ་རྒྱུ་ནི་རིམས་ནད་སྤྱི་དང་འདྲ་བ་ལ། །ཁྱད་པར་མི་གཙང་ཟས་སྤྱོད་ཁ་འདྲེས་དང་། །རྔུལ་ཚུབ་[རྡུལ་འཚུབ་]གྲིབ་ཕོག་རྐྱེན་ལས་བྱུང་བ་ཡིན། །གསུམ་པ་དབྱེ་ན་གྲེ་ཆམ་གློ་ཆམ་རིམས་ཆམ་གསུམ། །སྣ་ཆམ་དག་དང་རྣམ་པ་བཞི་ཡིན་ནོ། །བཞི་པ་རྟགས་གྲི་[གྲེ་]ཆམ་དང་པོ་རྐན་མཚུལ་ཚ། །བར་དུ་སྣ་ཆུ་འཛག་ཅིང་འཚུལ་[མཚུལ་]པ་འགགས། །ཐ་མ་སྦྲིད་པ་མང་དུ་བསྡུད་[བསྟུད་]ནས་འོང༌། །གློ་ཆམ་དང་པོ་གྲེ་བ་ཚ་ཞིང་འཛེར། །བར་དུ་གློ་མང་མགོ་དང་བྲང་རྒྱབ་ན། །ཐ་མར་རྣག་ཏུ་ལུ་ཞིང་གློ་འཆོར་[གཅོང་]འགྱུར། །རིམས་ཆམ་མགོ་དང་ཚིག་[ཚིགས་]བཞི་[གཞི་]བྱིན་ཉ་[ཉྭ་]ན། །རོ་སྟོད་མི་བདེ་བརླ་རྐང་[རྐེད་]བསྡུ་[བརྡུངས་]སྙམ་བྱེད། །ཁ་ཁ་དང་ཁ་མི་བདེ་གྲང་ཤུམ་ཆེ། །སྲོད་ལ་ཤ་ཚ་རྨི་ལམ་ཟ་ཟི་འོང་། །དེ་ལ་བྲག་ཤུལ་བཅུད་ཤོར་ཚ་བ་རྒྱས། །འཆམ་[ཆམ་]པ་ཁ་ཤོར་ཞེས་བྱ་མང་པོ་འོང་། །ལྔ་པ་བཅོས་ཐབས་གྲེ་ཆམ་ཟས་སྤྱོད་གཟའ་[གཟབ་]པས་འཚོ། །གློ་ཆམ་ཨ་རུ་རའི་ཁ་མུར་ཕན། །སྲོ་ལོ་ཤིང་མངར་སྤང་རྒྱན་གྲང་ཐང་བཏང༌། །དེ་ཡིས་གྲེ་བ་ཚ་ན་ལི་ཤིང་[ཤི་]འོམ་བུ་དང་། །ཨ་རུ་ལུག་མུར་བཙོད་དང་གོ་སྙོད་དྲུག །ལི་ཤི་དྲུག་པ་དེ་དང་སྦྱར་ལ་བཏང་། །ཆམ་རྒན་ལུད་པ་ཡུན་རིང་མ་ཆོད་ན། །ག་སུ་[པུར་]རྩ་བས་[ལྔས་]ཚ་བ་བཏིང་[གཏིང་]བཏོན་ནས། །བུར་དཀར་གསེར་[གསར་]འཇམ་བསིལ་བཅུད་གློ་རླུང་གསོ། །འཆམ་[ཆམ་]རིམས་ལྟོ་བ་བཀུག་ལ་ཆུ་བསྐོལ་བཏུང་། །འབྲས་བུ་གསུམ་(དང་)ཏིག་ཏ་སླེ་ཁྲེས་[ཏྲེས་]བཏང་[དང་]། །མ་ནུ་ཧུང་[ཧོང་]ལེན་ཐང་བཏང་རྔུལ་དབྱུང་བྱ། །དྲི་བཟང་བཞི་ནི་རྐན་དྷ་[གནྡྷ་]པ་ཏ་[ཏྲ་]སུག་སྨེ་[སྨེལ་]དང་། །ན་[ནཱ་]ག་གེ་སར་ཤིང་མངར་བཞི་སྦྱར་བཏང་། །སེལ་[སེ་]འབྲུ་སྐྱུ་རུ་ཞོ་སྦྱར་དེ་བཞིན་ནོ། །བ་ལུ་ད་ཏྲིག་སྟར་བུ་ཚ་བ་གསུམ། །ཟི་ར་ཕྱེ་མ་དབྱི་མོང་རྩི་ཏ་[ཙི་ཏྲ་]ཚ་བ་གསུམ། །དྲི་བཟང་བཞི་ལ་ཆ་ཕྱེ་[ཕྱེད་]ཀ་ར་སྦྱར། །ལུད་པ་འཆམ་[ཆམ་]པ་རྒྱས་དང་དབུག་[དབུགས་]མི་བདེ། །འཇོམས་པར་བྱེད་ཅིང་སྐད་སྙན་ཡི་ག་འབྱེད། །སྣ་ཆམ་ཡོས་ཀྱི་རླངས་པས་བདུགས་ན་ཕན། །ཆུ་ཕྲུལ་[འཕྲུལ་]ཕྱེ་ཚོད་ཆབ་ཚ་ཞོ་དར་བསྟེན། །དྲག་ཤུལ་ཉིན་གཉིད་དྲོད་བཅུད་སྤང་བར་བྱ། །འཆམ་[ཆམ་]པ་སྐྱེམས་[འགྲམས་]ནས་རིམས་འཁྲུག་[འཁྲུགས་]ཤོར་བ་ནི། །བརྩོན་པས་འཁྲུག་[འཁྲུགས་]ཚད་ལེའུ་ནང་བཞིན་བཅོས།      །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་ཚ་རིམས་བཅོས་པའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:32 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།