སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཉི་ཤུ་པ། རྙོགས་པའི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཉི་ཤུ་པ། རྙོགས་པའི་ཚ་བ་བཅོས་པ།

དེས་[དེ་]ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། རྙིངས་[རྙོགས་]ཚད་གསོ་བའི་རིགས་(པ་)བསྟེན་[བསྟན་]གྱིས་བཟུངས་[ཟུངས]། །འདི་ལ་རྒྱུ་རྐྱེན་ངོ་བོ་མིང་བརྟག་དབྱེ་བ་དང་། །རྟགས་དང་བཅོས་ཐབས་རྣམ་པ་བདུན་ཡིན་ཏེ། །ཚ་བ་བརྙོང་[རྙོགས་]པའི་རྒྱུ་ནི་ཆུ་སེར་ཡིན། །གཉིས་པ་རྐྱེན་ནི་རང་བཞིན་རྙོགས་དང་རྐྱེན་གྱིས་རྙིང་[རྙོགས]། །སྤྱོད་ལམ་ཁ་ཐལ་རྙོགས་དང་གསུམ་ཡིན་ཏེ། །རང་བཞིན་ཆུ་སེར་ཤེས་[ཤས་]ཆེའི་ཚ་བ་རྣམས། །བཅོས་རྗེས་ནད་གཞིའི་ཐོགས་[ཐོག་]ཏུ་ལྷུང་བ་ཡིན། །རྐྱེན་གྱིས་སྨྱོང་བས་[རྙོགས་པ་]བཅོས་ལྔ་[སྔས་]ཁ་ཐལ་གཉིས། །བཅོས་སྔས་རྙིངས་པ་[རྙོགས་པ་]མ་སྨིན་ཚ་བ་རྣམས། །སྨན་སྤྱད་[དཔྱད་]ཟས་སྤྱོད་གཉིན་[གཉེན་]པོ་བསྟེན་སྔས་པས། །བད་ཀན་བསྐྱེད་ནས་ཕོ་བའི་དྲོད་ཤོར་ཡིན། །རླུངས་[རླུང་]ནད་བསྐྱེད་པས་ཚ་བ་རྩ་མིགས་[མིག་]བྱེར། །རླུང་གིས་ཁྲིགས་[ཁྲག་]གཡོས་ཆུ་སེར་བསྐྱེད་བ་[པ་]ཡིན། །སྤྱིར་ལ་རྙིངས་[རྙོགས་]ན་བད་སྐད་[ཀན་]རི་ཐང་འཚེམས་[མཚམས]། །བསིལ་བྲག་[དྲགས་]བརྔེན་[བསྟེན་]ནས་ཕོ་བའི་མེ་ཤི་ནས། །རྙིངས་[རྙོགས་]པ་དེ་བཞུགས་[གཞུག་]གྲང་ཆུར་འགྱུར་བ་མིན་[ཡིན]། །གསུམ་པ་ངོ་བོ་རླུང་ཁྲག་ཆུ་སེར་འདུས་ནད་ཡིན། །དཔེར་ན་ཆུ་མིག་རྙོག་དང་བྱེད་[བྱེ་]ཆབ་གཡས་[གཡོས་]པ་འདྲ། །བཞི་པ་མིང་ན་[ནི་]བཅོས་ཉིན་[ཉེས་]དེ་ཡིས་ནད་ལུས་ཟུངས། །སྙོགས་[རྙོགས་]པའི་ཕྱིར་ནད་སྦྱོང་རྙོང་[རྙོགས་]ཚད་ཞེས་ཀྱང་བྱ། །འཇུག་སྒོ་དྲུག་ལ་ཞུགས་ནས་ལུས་ཀུན་ཁྱབ་པར་བྱེད། །ལྔ་པ་དབྱེ་བ་འདི་ལ་སྤྱི་དང་བྱེད་[བྱེ་]བྲག་གཉིས། །དང་པོ་ཚོ་[ཚ་]སྙོངས་[རྙོགས་]གྲང་བའི་སྙོངས་[རྙོགས་]དང་གཉིས། །རྒྱུ་རྐྱེན་ཚ་གྲང་གཉིས་ཀྱིས་ནད་སྟོབས་འབྱུང་བ་ནི། །ཚ་བ་ཆེ་ཆུང་ཡིན་ལ་གྲང་བ་དེ་བཞིན་ནོ། །གཉིས་པ་བྱེ་བྲག་ལྤགས་[པགས་]གྲམ་ཤ་ལ་རྒྱས། །རྩ་རུ་རྒྱུད་ལས་རུས་ལ་ཞིན་[ཞེན་]པ་དང་། །དང་[དོན་]ལ་བབས་དངསྣོད་དུ་ལྷུག་[ལྷུང་]དང་དྲུག། །དྲུག་པ་ཉགས་[རྙོགས་]པ་འདི་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་རྟགས་ཚ་རྙོང་[རྙོགས་]ཆུང་[ཆུ་]དམར་རྒྱ་བཤལ་འདྲ། །རྩ་རྒྱུད་འཕྲ་མགྱོག་[ཕྲ་་མགྱོགས་]གཏིང་ན་རྒྱུག།གདོང་པ་སེར་སྦོང་[སྦོས་]ལྕེ་སྙིང་[རྙིལ་]པན་[སེན་]བཀྲག་འཚོར་[འཆོར]། །འགུལ་ན་རྔམ་པ་རྒོད་ལ་གློ་སྙིངས་[སྙིང་]འདར། །ལུས་པ་[པོ་]ཤེད་ཆུང་རྔུལ་སྙིངས་[སྙི་]ཁ་ལྕེ་སྐམ། །གཉིད་ཆེ་གློ་མང་མྱིག་ལྕིབས་རྐངས་[རྐང་]བོལ་གཡོག་[གཡོ]། །ལུས་པོ་རྩེའི་ཞིངས་[བརྩེ་ཞིང་]རོ་སྟོད་གཟེར་ཕྲན་འོང༌། །ནད་སྟོབས་ཆེ་ན་དན་[དོན་]ལ་རྣག་ཆུང་བསོག་[ཆུ་གསོག]། །གཉིས་པ་གྲང་རྙོངས་[རྙོགས་]རྩ་རྒྱུད་འཕྲད་[ཕྲ་]ཞིང་སྟོང་ལ་མགྱོག་[མགྱོགས་]། །ཆུ་མདོག་དམར་སེར་རྙོག་ཅིང་གདོང་པ་སྦོ། །བྲང་དང་གསུང་ལ་[གསུས་པ་]ངར་གདོང་རྐང་བོལ་གཡོག་[གཡོ]། །ལྕེ་དང་སྣིལ་[རྙིལ་]སྐྱ་ལུས་ལ་[རྔུལ་]རྔམ་པ་རྒོད། །ཕོ་བ་མ་ཆིང་[རྫིང་]ཁ་ཟས་འཇུ་བསྟོབས་[སྟོབས་]ཆུང༌། །ནད་སྟོབས་ཆེ་ནད་[ན་]ཚ་ཆུང་[ཆུར་]འགྱུར་བ་ཡིན། །གཉིས་པ་བྱེ་བྲག་ལྤགས་[པགས་]གྲམ་སྐྲ་དང་བ་སྤུ་བྱེ་[འབྱི]། །ཟ་འཕྲུག་ཤ་[ཤུ་]ཐོར་མ་[མེ་]དབལ་ཆུ་བུར་འོང་། །ཤ་རྒྱས་ཁོལ་བུར་ན་ཞིང་འབྲས་བུ་སྐྱངས་[སྐྲངས]། །དམར་སྲ་[སྲབ་]བརྡར་[བརྟོལ་]ན་རྣག་དང་ཆུ་སྲེར་[སེར་]འཛག །རྩ་འབྲིམས་[འགྲིམས་]རྩ་རྒྱས་ནག་པོར་གསལ་བ་དང༌། །རྩ་སྟིངས་[སྟེང་]སྐྲངས་ཤིང་རྩ་འཁྲུགས་ཡན་ལགས་[ལག་]སྦྲིང་[སྦྲིད]། །རུས་ཞེན་ཤ་སྐེམ་སྔོ་ལ་ཁོལ་བུར་ན། །གདོང་སྐྲངས་ཚགས་[ཚིགས་]ཁ་གཡོའ་[གཡོ་]ལ་སྒྱིད་པ་འཁུམས། །སོ་དང་སེན་མོའི་བཀྲག་ཤོར་སྐྱ་སླེགས་[གླེག་]འགྲོ།སྣོད་དུ་ལྷུང་པའི་[ན་]དང་ཁ་འགགས་པ་དང་། །པྲེན་[དྲི་]ཆེན་འཁྲུ་སྐྱུག་དྲི་མ་འགགས་པས་མ་[ན]། །ཕོ་བ་འཚིམ་བཞིང་[འཚིང་ཞིང་]རྒྱུ་ལོང་འཁྲོག་པར་འགྱུར། །གློང་[གློར་]བབས་དབུགས་སྒོད་[རྒོད་]རྣག་ཁྲག་ལུ། །སྙིངས་[སྙིང་]བབས་འཐིབས་མྱོས་དྲན་ཉམས་བྲང་[གྲང་]ཟས་འདོད། །མཆིན་བབས་ལུས་ལྗི་[ལྕི་]མྱིག་སེར་དང་ཁ་འགགས། །ལྕེ་སྐྲ་[བཀྲ་]སྣིལ་[རྙིལ་]དཀར་ལུས་བྱིངས་སེར་པོར་འགྲོ། །མཚེར་བབས་གཡོན་གཟེར་མཆུ་སྐྲངས་སྦྱིང་[སྦྲིད་]པ་མང༌། །མཁལ་བབས་རྐེད་པ་ན་ཞིང་རོ་སྟོད་ལྗི་[ལྕི]། །བདུན་པ་གསོ་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་ཚུལ་གསུམ་དང་གཉིས་པ་[གཉེན་པོ་]གཉིས། །བཅོས་ཚུལ་དང་པ་[པོ་]རླན་ཆེན་བྱེ་མ་སྐམ། །བར་དུ་ཆུའོ་[ཆུ་བོ་]སྤུར་ཁར་དཀྲམ་[སྦུབས་ཡུར་དྲངས་]པར་བྱ། །ཐ་མ་དགྲ་བོ་སྙིན་[གཉེན་]དུ་བྲིད་ནས་བཅོས། །གཉིས་[གཉེན་]པོ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །དོང་[དང་]པོ་ཚ་བ་སྙོང་[རྙོགས་]སུ་ཆུ་སེར་སྐེམ་པའི་སྨན། །སྤྱི་ལྟར་བསྡུས་ཐང་གསུམ་གྱིས་ཚ་བ་བྱེར་བ་བསྡུ། །ག་ཕུར་[པུར་]རྩ་ལྔ་རུས་གསུམ་ཐང་གིས་འཕུལ། །ཚ་བ་འདུ་ཞིང་རླུང་ཁ་སྙོམས་པར་བྱེད། །ཚབས་ཆུང་བྲག་ཞུན་སིང་ལྡིང་[སེང་ལྡེང་]འབྲུ་ཡིས་[ཁུ་བས་]སྐེམ། །དེ་ནས་ཙན་དན་དཀར་དམར་འབྲས་བུ་གསུམ། །བྲག་ཞུན་སྤོས་དཀར་སྲོ་[སོ་]མ་ར་ཙ་[ཛ་དང༌། །བསིལ་གསུམ་པི་པི་ལིང་དང་ཀ་ར་སྦྱར། །བསྡུས་གྲངས་སེང་ལྡིང་[ལྡེང་]ཆུས་འཕུལ་ཆུ་སེར་སྐེམ། །ངན་ཁྲག་རྩ་ཡི་མིག་ཏུ་འཕུལ་བར་བྱེད། །གཉིས་པ་བར་དུ་ཆུ་བོ་སྐ་[རྐ་]དཀྲམ་[དྲངས་]ནི། །དེ་རྗེས་གང་རྒྱས་རྩ་ཁ་མང་དབྱེ་ཉུང་དུ་བཏེན་[བཏོན]། །འབྲས་བུ་གསུམ་གྱི་རྒྱུན་སྦྱོང་དག་པར་བྱ། །གྲང་རྙོགས་དང་པོ་སེལ་[སེ་]འབྲུ་ལྔ་པའམ། །ཅུ་གང་བདེ་འབྱེད་[བྱེད་]ཆུ་རུས་[ཆུང་ངུས་]ཕོ་བ་བཟུང༌། །དེ་རྗེས་ཐང་གིས་བྱེར་བསྡུ་འབྲས་བུ་སྦྱོངས། །དེ་ནས་བཟང་དྲུག་ཆུ་སེར་སྨན་གསུམ་འབྲས་བུ་གསུམ། །ཤ་རུ་དུར་ཐོད་འགྲན་[འགྲོན་]བུ་ཚ་[ཚྭ་]གསུམ་ཐལ། །སེལ་[སེ་]འབྲུ་ལྔ་དང་ལྟག་སྤྲོད་ཆུ་སེར་སྐེམ། །ནད་སྟོབས་ཆེ་ན་དམུ་ཆུའི་སྦྱོངས་སྐེམས་བྱ། །ཐ་མ་དགྲ་བོ་གཉེན་བསྡུམ་[འདུམ་]གསད་པ་ནི། །ཐ་མར་ཆུ་སེར་ཚད་ལྷག་ཟུངས་སུ་བསྒྱུར། །དེའི་སྦྱོར་བ་སྦྲང་ཆང་རྐྱང་ཁུག་གམ། །གཟེ་མ་སྲོ་ལོ་འབྲས་བུ་གསུམ་སྦྱར་ཆང༌། །ཆུང་[ཆུ་]སེར་སྦང་ལ་རླུང་མཁྲིས་སྲོ་ལོ་དང་། །བད་ཀན་འབྲས་བུ་གསུམ་དང་སྦྱར་བའི་ཆང་། །འབྲས་[འབའ་]སམ་སྨན་མང་[མར་]སྦྲང་དང་སྦྱར་ལ་བརྟེན་[བསྟེན]། །དེས་ཆུ་སེར་ངན་ཁྲག་ཟུང་[ཟུངས་]ཁྲག་ཏུ། །ཟངས་གསེར་འགྱུར་རྩི་བཞིན་འགྱུར་[བསྒྱུར་]བར་བྱེད། །ཟས་དང་སྤྱོད་ལམ་རྙིངས་ཚད་ཅི་[ཇི་]བཞིན་ནོ། །གཉིས་པ་བྱེ་བྲག་སོ་སོར་བཅོས་པ་ནི། །མཆིན་མཚེར་རྩ་གཏར་འབྲས་བུའི་རྒྱུན་སྦྱོང་བྱ། །ནང་འགའ་ཆུ་ཆགས་[ལྕག་]ག་ཕུར་[པུར་]རྩ་ལྔ་བསྟེན། །རུས་[རྔུལ་]འདོན་བ་སྤུའི་སྐྱེ་[སྐྱི་]ཁྲུས་བྱ་བ་སྟེ། །ལུག་གི་གཞུག་ཆུང་བསྡུ་[བརྡུངས་]ནས་ཆང་དྲེ་[བྲེ་]གང་ལ་བསྡུས། །ཕུལ་དོ་རེད་[ལུས་]དུས་བ་ཞོ་ཕུལ་གངབླུག །དེ་བསྐོལ་ཕུལ་གང་དུ་གདུས་རྒྱ་ཚ་དང་། །ཁརུས་[རུ་]ཚ་ལ་ཆ་རེ་བུ་རམ་གཉིས། །བཏབ་ལ་ཞུ་ཞུ་གོས་བཏུམ་ཚ་བ་འདོན། །ཙན་དན་དཀར་པོ་ཆུ་སེར་སྨན་གཉིས་དང་། །སྤོས་དཀར་སྲོ་[སོ་]མ་ར་ཙ་[ཛ་]བ་ཆུས་བླུག །རྩར་བབས་ཕྱི་རྩར་[རྩ་]གཏར་ལ་ནང་རྩ་སྦྱོང་། །ཙན་དན་བཅུ་པས་རྩའི་ཚ་སྐེམ་སྟེ། །དཀར་དམར་ལི་ག་དུར་དང་དོམ་མཁྲིས་དང་། །སྲོ་[སོ་]མ་ར་ཙ་[ཛ་]ཅུ་གང་ལི་ཤི་དང་། །ཨུད་དཔལ་[ཨུཏྤལ་]མཚལ་དཀར་ཧུང་[ཧོང་]ལེན་ཀ་ར་སྦྱར། །རུས་ལ་ཞེན་ན་མི་རུས་བཙའ་བ་[མ་]དང་། །བདུད་རྩི་ལྔའ་[ལྔ་ཡི་]རླངས་ལུམས་བྱ་བ་ཡིན། །རྒྱུན་སྦྱོང་ཁྲུས་དང་མཁལ་རྩ་གཏར་བ་དང༌། །ཤིང་སྨན་[སྣ་]བརྒྱད་པས་རུས་པའི་ཚད་པ་སྐེམ། །སྣོད་ལྷུང་བཤལ་བྱ་ཅུ་གང་བདེ་བྱེད་སྦྱར། །ཚ་བ་གུར་གུམ་གསེར་གྱི་མེ་ཏོག་དང་། །དོམ་མཁྲིས་ཏིག་ཏ་བྲག་ཞུན་ཨ་རུ་ར། །གླས་དང་[གླ་སྒང་]ཀ་ར་སྦྱར་བས་སྣོད་ཚད་སེལ། །གློར་བབས་ཙན་དན་གྷོ་ཝང་ཨ་རུ་ར། །ཅུ་གང་གུམ་[གུར་]གུམ་ཤིང་མངར་རྒུན་འབྲུམ་དང༌། །སྲོ་ལོ་སྤང་རྒྱན་འབྲུ་[འབུ་]སུག་ཀ་ར་སྦྱར། །ཐོན་[ཐོང་]རྩ་གཏར་ལ་སྙིང་དང་ཞོ་ཤ་སྟེ། །ཙན་དན་ཨ་རུ་ར་དང་སྨན་སྨར་[མར་]སྦྱར། །གུར་གུམ་སྤོས་དཀར་ཁ་ཚར་བཏབ་པ་བཏང་། །རྣག་མང་སྟར་བུ་པན་པས་[པཉྫས་]གྱེན་འདྲེན་བྱ། །དེས་[དེ་]རྗེས་ག་ཕུལ་[པུར་]ཉེར་ལྔས་རྣག་ཚད་སྐམ་[སྐེམ]། །ཚ་བ་ཆོམས་ནས་དམར་གསུམ་བསིལ་གསུམ་དང་། །འདམ་བུ་ཤིང་མངར་ཀ་ར་སྦྲང་དང་དམར་[མར]། །སྦྱར་བའི་འདི་[ལྡེ་]གུ་བྱ་ལ་གཏོར་[གཏོང་]བ་ཡིན། །སྙིང་བབས་ཨ་ཀ་རུ་དང་ཙན་དན་དཀར། །ཅུ་གང་གུར་གུམ་ལི་ཤི་ཛ་[ཛཱ་]ཏི་དང༌། །སྐྱུ་རུ་ར་དང་ཞོ་ཤ་ཀ་ར་སྦྱར། །ཐོང་རྩ་གཏར་ལ་སྙིང་གི་ཞོ་ཤ་སྟེ། །ཙན་དན་ཨ་རུ་ར་དང་སྨན་མར་སྦྱར། །གུར་གུམ་སྤོས་དཀར་ཁ་ཚར་བཏབ་ནད་བཏབ་[བཏང་]། །དཀར་ནག་མཚམས་དང་དྲུག་པ་བསྲེག་ལ་ནད་རྗེས་བཅད། །མཆིན་བབས་བྲག་ཞུན་གུར་གུམ་ཅུ་གང་དང་། །ལི་ཤི་བ་ཤ་ཀ་དང་ཏིག་ཏ་དང་། །སྤོས་དཀར་ཀ་ར་སྦྱར་ནས་བཏང་བའམ། །གུར་གུམ་ཏིག་ཏ་གླ་རྩི་སྤོས་དཀར་དང་། །སྲོ་[སོ་]མ་ར་ཙ་[ཛ་]ཤུག་རྩེར་[ཚེར་]སྤང་རྩི་ཀ་ར་སྟེ། །གུར་གུམ་བདུན་པ་དེ་དང་ལྟག་སྤྲད་བཏང་། །གསེར་མདོང་[མདུང་]རུ་ཐུང་གཏར་ལ་འཇམ་ཁྲུས་བྱ། །མཚེར་བབས་གུར་གུམ་སེལ་[སེ་]འབྲུ་བརྒྱད་པ་ལྟག་སྤྲོད་གཏང་། །གཏར་བཤལ་གཉིས་པོ་མཆིན་པར་བབས་དང་འདྲ། །ཕོ་གསང་དང་པོ་ཚིགས་པ་བཅུ་གཅིག་བསྲེག།མཁལ་བབས་གུར་གུམ་སྐྱུ་རུ་འཇམ་འབྲས་དང་། །གླ་རྩི་ཤུག་ཚེར་ཙན་དན་དཀར་པོ་ཀ་ར་དང་། །གུར་གུམ་བདུན་པ་དེ་དང་བྲག་ཞུན་གཏང་། །རྗེས་ལ་གཏོར་[གཏར་]སྦྱོངས་རྩ་ནག་བཅུ་བཞི་བསྲེག །སྦྲང་ཆང་རྐྱང་ཁུག་བཤུལ་ཤེས་[ཤས་]མཁལ་ཟུངས་གསོ། །ཞེས་གསུངས་སོ། །

           གསོ་བྱའི་ནད་འབུམ་ནག་པོ་ལས་རྙོངས་[རྙོགས་]ཚད་བཅོས་པའི་ལེའུ་སྟེ་ཉི་ཤུ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:38 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།