སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་གོ་གཅིག་པ། རྒས་པ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་གོ་གཅིག་པ། རྒས་པ་གསོ་བ། 

དེ་ནས་ཡང་གསོ་བ་རིགས་[རིག་]པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། །བསྐབས་[སྐབས་]དོན་བཅུ་གསུམ་རྒས་པ་ཚེ་གསོ་བ། །བདག་ཆགས་[ཅག་]འཛིན་པའི་འཁོར་ལ་བརྟན་[བསྟན་]དུ་གསོལ། །དེ་སྐད་ཞུས་པས་སྟོན་པས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ནད་མེད་ལུས་སྟོབས་གསོ་བའི་རིག་པ་སྟོན། །ལུས་སྟོབས་གསོ་བ་འདི་ལ་གཉིས་ཡིན་ཏེ། །རྒྱུན་ཟད་ལུས་གསོ་རོ་རྩ་[ཙ་]ཁུ་བ་བསྐྱེད། །དང་པོ་རྒས་གསོ་ཚེ་སྲིང་བཅུད་ལེན་ནི། །ཕན་ཡོན་གནས་དང་བསྟན་ལུག་[རྟེན་ལུགས་]བྱ་ཐབས་བཞི། །ཕན་ཡོན་ཚེ་སྲིང་ན་ཚོད་དུས་ལ་སྐྱོལ། །ལུས་མདངས་སྟོབས་བསྐྱེད་དབང་པོ་དྲན་ལ་[པ་]གསལ། །བློ་རྣོ་སྐད་[གདངས་]ལྡན་ཞིང་རོ་རྩལ་[ཙར་]བྱེད། །གནས་ན་[ས་]དབེན་ཞིང་ས་གཙང་ཉམས་དགའ་བར། །ཆུ་ཤིང་འཛོམ་པར་བར་ཆད་མེད་པར་བསྒྲུབ། །བསྟན་[རྟེན་]ནི་ཧ་ཅང་རྒན་པ་མ་ཡིན་པ། །མི་[མེ་]ཉི་ཆགས་སྤྱོད་ལུས་སེམས་དྲག་ལས་དང༌། །རྔུལ་[རུལ་]སྐྱུར་ཚད་[ཚྭ་]དང་སྔོ་རྔད་[ངད་]སྤང་བྱས་ནས། །ཚེས་གྲངས་བཟང་ལ་ལྷ་མཆོད་ཁྲུས་བྱས་ནས། །བྱི་[བྱ་]བའི་ཐབས་ལ་རྕོལ་[གཙོར་]སྒྲུབ་ཞོལ་དཔྱོད་[ཞོར་སྤྱད་]གཉིས། །གཙོའོ་[གཙོ་བོ་]སྒྲུབ་པ་སྣུམ་ཆོས་[འཆོས་]དུག་[དུགས་]བྱས་ནས། །ཨ་རུ་སྐྱུར་[སྐྱུ་]རུ་རྒྱམ་ཚྭ་པི་པི་ལིང༌། །ཤུག་[ཤུ་]དག་ཡོང་[ཡུང་]བ་བཅའ་ལྒ་པི་[བྱི་]ཏང་ཀ །བུ་རམ་བ་ཆུར་སྦྱང་[སྦྱར་]པའི་ཁྲུས་ཀྱིས་སྦྱངས། །མ་སྦྱང་བཅུད་ལེན་རོ་རྩ་[ཙ་]སྦྱོར་དྲེད་[བྱེད་]པ། །དྲི་བཅས་ཚེར་[ཚོས་]ལྟར་བྱས་པ་དོན་མེད་འགྱུར། །སྒྲ་ཅན་[གཅན་]འཛིན་གྱི་ཁྲག་ལྟོ་སྒོག་སྐྱ་བཅུད་ལེན་མཆོག །ཤུན་པ་ཕྲལ་ལ་ཞག་གཅིག་ཆང་ནང་སྦོས[སྦང༌]། །བཙག་ཆུ་རིལ་མར་གང་[གངས་]ཆུ་ཙམ་པ་དང་། །བ་ལྕི་སྦྱར་བས་ནང་པར་རན་ཙམ་བསྟན་[བསྟེན]། །རྗེས་ལ་འོ་མ་ཞུན་མར་བསྐོལ་པ་ཡིན། །ཤ་ཁུ་ནད་གསུམ་གང་འཕྲོད་ད་[དེ་]སྐོལ་བླུད། །ཡང་ན་སྒོག་སྐྱ་མར་བཅོས་[བཙོས་]བཙེར་[བཙིར་]བའི་བདེ་[ལྡེ་]གུ་ཡིན་[དེ]། །སྣོད་བླུག་ནས་ནང་བདུན་གསུམ་མནན་ཏེ་བཞག །དེ་ནས་རྩི་ཙམ་བཞག་པའི་ཞག་གྲངས་བསྟེན། །རླུང་ཤས་ཅན་གྱི་ཚེ་འཕེལ་རིང་དུ་འཇོགས[འཇོག]། །བྲག་ཞུན་མདོག་ནག་པ་[ས་]མེད་བ་གཅིན་བྲོ། །རིན་ཆེན་སྣ་ལྔ་ནང་ནས་ལྕགས་ཀྱུ་ཡིན། །སྣུམ་སྤྱིན་དཀའ་[ཁ་]ལྕི་ལྕག་[ལྕགས་]ལས་གྱུར་ཡིན་མཆོག །གསེར་དངུལ་ཟངས་ལྕགས་སྦྱར་ཏེ་འོ་མས་ཕུལ། །ཡང་ན་ནད་དང་གང་འཕྲོད་སྨན་ཆ་སྙམས་[མཉམ]། །ལྕགས་ཀྱི་སྣོད་དུ་བསྟན་[བཅུག་]ནས་བཟའ་ལྕགས་[ཚད་]ན[ནི]། །ཞོ་གཉིས་ཞག་བདུན་བར་བསྟེན་རྩ་གཅིག་པར། །སྲང་ཕྱེད་རེ་བསྟེན་ཞེ་དགུའི་བར་དུ་ནི། །སྲང་རེ་བསྟེན་ཞིང་རྒྱ་སྲན་མ་ནི་སྤངས། །ས་སྟེང་མ་བཅོས་པ་བྲག་ཞུན་གྱིས། །མ་བཅོས་པ་ཡི་ནད་ཡོད་གང་ཡང་ཡོད་མ་མིན། །ཁྱད་པར་ཚ་ཤས་ཅན་གྱི་ཚེ་འཕེལ་བྱེད། །ཙི་ཏྲ་ཀ་དང་སྦང་ཙི་[སྦྲང་རྩི་]མར་སྦྱར་བས། །ཟླ་གཅིག་ནད་དང་འཕྲོད་པའི་ཟས་དང་སྦྱར། །ཚེ་རིངས་[རིང་]ལུས་རྒྱས་མེ་དྲོད་འབར་བར་འགྱུར། །བད་ཀན་གྲང་ནད་ཅན་གྱི་ཚེ་བསྲིང་གནས། །གཅིན་དང་སྦྱར་ནས་བསྟེན་ནས་མཛེ་ནད་གསོ། །ཨ་རུ་བར་སྐྱུ་རུ་འབྲུ་པ་[འབྲས་བུའི་]སྨན་མར་གྱིས། །དབང་གསལ་སྟོབས་བསྐྱེད་མི་ནུས་ནད་རྣམས་སེལ། །ན་ཚོད་མི་རྒན་དལ་[དར་]ལ་འཇོག་པར་བྱེད། །རྩིབ་[རྩི་]བཞི་དང་མ་ལྔ་ཡིས་བཅུད་བློངས་[བླངས་]པ། །བྲག་ཞུན་དང་ཕི་[ས་ཡི་]དང་མས་ཤ་གསོ་ལ། །ཅོང་ཞི་རུས་པའི་[རྡོ་ཡི་]དང་[དྭངས་]མས་རུས་པ་གསོ། །བུ་རམ་ཤིང་གི་དངས་མས་ཆུས་རུས་[ལུས་སྟོབས་]གསོ། །སྦྲང་རྩི་མེ་ཏོག་དང་མས་མདུངས་རྣམ་[མདངས་རྣམས་]གསོ། །མར་དཀར་རྩི་ཡི་དངས་མས་བཅུད་རྣམས་གསོ། །ཤུག་འབྲམ་[འབྲུ་]བལ་[འོམ་]བུ་མཁན་པ་འཚེ་[མཚེ་]དང་བཞི། །རླུང་མི་སྙམས་[སྙོམས་]པ་ཚེ་ཡི་བདུད་རྩི་ཡིན། །འདི་ཡིས་བཅུད་ལེན་སྲོག་གཅོད་ནད་དགུ་གྲོལ། །རྒས་རྟག་[རྟགས་]ཀུན་པོས་[ནུབ་]བཅུ་དྲུག་ལེན་[ལོན་]དང་མཚུངས། །གླང་པོའི་སྟོབས་ནི་སེང་གེའི་རྩལ་བཞིན་བསྐྱེད། །རྨ་བྱའི་མདང་[མདངས་]འདྲ་འགྲོས་བོང་[བང་]ཅོང་[ཅང་]ཤེས་མཚུངས། །ཚེ་སྲོག་བར་ཆོད་མེད་པར་མཐར་ཕྱིན་འགྱུར། །དེ་ཡི་སྦྱར་ཐབས་ཆེན་པོ་ཆུང་ངུན་[ངུ་]གཉིས། །དང་པོ་ཅོང་ཞི་བྲེ་གང་ཞོ་གཅིག་ཆུར། །གདུས་ཁུ་བྲེ་གང་ཅིག་[རྩིགས་]མ་བཏོན་པ་དེ། །བདུད་རྩི་བཞི་དང་བྲག་ཞུན་བྲེ་འཕྲད་[ཕྱེད་]ཕྱེད། །གུད་གུད་འདུས་[གདུས་]པའི་ཁུ་བ་འཁྱོར་[ཁྱོར་]བ་རེ། །སོ་[འོ་]མ་མར་སྲང་སུམ་བཅུ་[ཅུ་]ཆུ་བཅད་ལ། །བུ་རམ་སྦྲང་བྲེ་དོ་སྦྱར་ཐོད་བཟང་བླུག །སྨན་དེ་ཡི་དམ་ལྷ་རུ་བྱིན་རླབས་ནས། །འོད་དུ་ཞུ་སྟེ་བྱང་སེམས་བདུད་རྩི་དམིགས། །ཟླ་བ་ཡར་ངོ་ཚེས་ཅིག་[གཅིག་]ནང་པར་ནས། །སྔ་དྲོ་རྒྱུན་བསྟན་[བསྟེན་]མི་རྔུལ་ཙམ་དུ་བཙང་[བཅག]། །ཆུང་[བ་]སྦྱོར་ཞིང་[ཅོང་ཞི་]ཕུལ་གང་ཡི་[སྤང་]མེས་བསྲེག །དཀར་པོར་སོང་དུས་ཆུ་འཁྱག་ནང་བླུག་[བླུགས་]ནས། །སེར་ཐོན་ཙམ་ན་བསྟོན་[བཏོན་]ནས་འོ་བྲེ་གང་། །མར་གསང་[སྲང་]གསུམ་བསྡེབས་བཙོས་ནས་ཞོ་ཙམ་དུས། །བྲག་ཞུན་བཞི་ནས་[ནམ་]བདུད་རྩི་འཁྱོར་[ཁྱོར་]བ་རེ། །སྦང་[སྦྲང་]ཕུལ་གསུམ་དང་ཆ་[ཆང་]རྒན་བུར་བསྲང་[སྲང་]གསུམ། །བྲག་[དར་]ཙམ་བཙོས་ནས་སྣོད་བཟང་ནང་དུ་བསྲེགས། །ཅོང་ཞི་དཀར་དྷོ་[རྡོ་]ལྕགས་དྷོ་[རྡོ་]མངར་གསུམ་ཆ་སྙམས་[མཉམ་]བསྡེབས། །ཐོད་པོར་[པར་]བླུག་ནས་རང་ཉིད་ཡི་དམ་བསྒོམ། །བྲུམ་[བྷཱུཾ་]ལས་སྣོད་གཡུང་དྲུང་ཚེའི་གུར། །ནང་དུ་ཉི་ཟླའི་གདན་ལས་ཡི་གེ་ཨཱཿ འོད་ཟེར་འཕྲོ་འདུས་འཆི་མེད་ཚེ་ཡི་ལྷ། །དཀར་པོ་ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན། །དེ་ཡི་ནང་དུ་ཚེ་ཡི་གཡུང་དྲུང་སྟེང་། །ཉི་ཟླ་ཚེ་ཡི་གའུ་བདུད་རྩིས་བསྐང་། །བདག་ལས་འོད་འཕྲོས་ཚེ་ཡི་ལྷ་བསྟིམ། །དེ་ལ་འོད་འཕྲོས་སངས་རྒྱས་སེམས་ཅན་གྱིས། །ཚེ་མདང་[མདངས་]ཕྱོགས་བཅུ་ཀུན་ནས་འོད་ཟེར་འདུས། །བདུད་རྩི་ཚེ་ཡི་གའུ་ནང་དུ་སྟིམས། །ཨཱ་ཨཱོ་ཧཱུཾ། །གཡུང་དྲུང་ཚེ་རྣི་[ནི་]ཨ་མྲི་[མྲྀ་]ཏ། །བ་བཱ་དེ་གུ་རེ་སི་ཏི་ཛ་ཛཿ ཁྲི་འབུམ་བཟླས་པས་ལྷ་ཡང་འོད་དུ་ཞུ་ནས། །བདུད་རྩི་གྱུར་ནས་སྨན་ལ་ཡང་ཡང་བསྟིམ། །རིལ་བུ་སྔགས་བཅས་བདུན་གསུམ་ནང་དུ་བསྟེན། །བདག་ལུས་འོད་ཀྱིས་སྐུ་ལ་ཡེ་ཤེས་སེམས། །སྡིག་སྒྲིབ་དག་ནས་ཚེ་ཡི་ལྷ་རུ་སམ[བསམ]། །ར་མོ་ཤག་གི་རྩ་བ་སྟོན་དཔྱིད་སྐོས[བརྐོས]། །གཏུབ་ཞིབ་ར་[ས་]བཤལ་ཁུ་བ་ཐིམ་ཐིམ་བཙོས། །གྲིབ་སྐམ་གྲུས་[དྲུས་]ཕྱེ་གསུམ་གསུམ་ཆ་བསྲེས་པའི། །དང་པོ་ཚ་བ་ཟན་འཆང་[ཆང་]ཟན་དྲོན་བྱ། །ལུས་ཀྱི་ཆ་འཕྲ་[ཕྲ་]འཇུག་ནས་རམ་ཉེ་སྦྱངས། །བད་མཁྲིས་སྐྱེས་ན་དེ་ཡི་གཉེན་པོ་སྦྱར། །ཆུ་སེར་སེལ་ཞིང་ཚེ་སྲིང་ནད་ཀོན་[དཀོན་]བྱེད། །མེ་ཏོག་སྣ་ཚོགས་བཅུད་ལེན་བྱེད་པ་ནི། །བསིལ་དྲོད་རིགས་རྣམས་ཆ་སྙམས་[མཉམ་]དུག་དང་འཕྲལ། །རྨ་ཕབ་དྲིལ་སྐབས་[གྲིབ་སྐམ་]བྱས་ནས་མངར་གསུམ་སྦྱར། །གྲེ་གང་[དྲོ་གོང་]རྒྱུན་དུ་ཐུར་འགྲོ་རེ་བསྟེན་ན། །མདངས་ལྡན་འདུ་བ་ཆ་སྙོམས་རྒན་པ་སེལ། །མུ་ཟིའི་བཅུད་ལེན་གསེར་འདྲ་པ་[ས་]མེད་དེ། །བཏུལ་ནས་ནད་གཞི་གང་ཡོད་གཉེན་པོའི་སྨན། །ཡང་ན་ཨ་རུ་ཆ་སྙམས་[མཉམ་]མངར་གསུམ་སྦྱར། །སྲན་མ་སེ་བ་བཞི་ནམ་ཞོ་ཕྱེད་དང་། །ཞོ་གང་རིམས་བསྐྱེད་མ་ཞུ་དྲི་ཆུ་བཏུང་། །ལུས་ཀྱི་ཆུ་སེལ་[སེར་]ཐོན་རྗེས་ཁྲག་འཁྲུ་ན། །དང་པོ་དྲི་མ་ཁྲག་ཅན་འོང་གི་དེ་སྐམས་བཏང་། །དྲོད་སྐྱེད་ཆུ་སེལ་[སེར་]ནད་དང་མཛེ་ནས་སེལ། །རྡོ་ཡི་བཅུད་ལན་[ལེན་]ཅིང་[ཅོང་]ཞི་ས་དུག་བཏོན། །ནད་དང་འཕྲོད་སྨན་བསྟན་[བསྟེན་]ནས་མངར་བའི་རྟ་ལ་སྐྱོ[བསྐྱོན]། །ནང་རེ་ཐུར་འགོ་རེ་བསྟེན་མང་ན་དྲུས་ཕྱེ་ནི། །ཅོང་ཞི་ཆ་སྙམས་[མཉམ་]པ་[པི་]ལིང་སྦྱར་བ་འཁྱོར་[ཁྱོར་]རེ་བསྟན[བསྟེན]། །ཚ་བ་ཟན་དྲན་[དྲོན་]ཆང་རིམ་བཞིན་བསྟེན། །མུ་[མ་]ཞུ་ཡུ་གུ་ཤིང་གི་ཐང་བཏང་ཤིས། །གཅོང་ནད་ཞིས་[ཞི་]ནས་ལུས་སྟོབས་འཕེལ་བར་བྱེད། །མར་ནག་ཤིང་ཏོག་ཤ་མོང་བསྲུང་བ་གཅེས། །དྲི་ཆེན་བཟང་དྲུག་ཨ་རུ་མངར་གསུམ་སྦྱར། །ཆུ་ལ་སྟོན་[བཤལ་]ནས་དུག་བཏོན་རིལ་ལུ་[བུ་]ནང་རེ་བསྟན[བསྟེན]། །ཡང་ན་དྲི་སྐོམས་[གྲིབ་སྐམ་]བྱས་པས་དྲུག་[དྲུས་]ཕྱེ་ཆ་མཉམ་ནས། །སྦལ་[སྤེལ་]ནས་ཟན་འཆང་[ཆང་]བྱས་ནས་བསྟན་[བསྟེན་]པར་བྱ། །གདོན་སེལ་ཚེ་རིང་མཁའ་འགྲོའི་བྱིན་རླབས་ནས། །སོ་མ་ར་ཙ་[ཛ་]གཅིག་བསྲེས་ཟླ་བ་གཅིག་བསྟེན་ན། །ཏིལ་ནག་སྦྱར་ཟོས་མཛེས་[མཛེ་]རྒྱས་འཇོམས་ཚེ་བསྲེ་[བསྲིང་]། །བྱི་ཐང་དཀར་[ག་]དང་གོ་ཕྱེ་[བྱེ་]ལྕག་[བཅའ་]སྒ་དང་། །སྦྲང་མར་སྦྱང་[སྦྱར་]བཟོས་[ཟོས་]རྒས་པའི་ནད་ལ་[ལས་]གྲོལ། །བཅུད་ལེན་དེ་རྣམས་ཟླ་དྲུག་ལོ་གཅིག་སྟེན[བསྟེན]། །བཅུད་ཀྱི་འབྲས་བུ་ཐོབ་པར་བྱེད་པ་ཡིན། །ཅི་བཞིན་མ་འཕྲོད་ཞོར་ལ་བསྟེན་ན་ཡང་། །གང་[གོང་]གི་ཡོན་ཏེན་[ཏན་]ཕར་[ཕལ་]ཆེར་ཐོབ་པར་བྱེད། །བཅུད་ལེན་བྱེད་དུས་གཞན་གྱི་ནད་བྱུང་ན། །ནད་དེ་གསོའ་[གསོས་]ནས་དེ་བརྗེས་[རྗེས་]བཅུད་ལེན་རྐྱང་[བསྐྱར]། །ཞེས་གསུངས་སོ།།

གསོ་བྱེད[བྱའི་]ནད་འབུམ་ནག་པོ་ལས་རྒས་[པ་]གསོའ་[གསོ་]བའི་བཅུད་ལེན་གྱི་ལེའུ་སྟེ་གོ་གཅིག་པའོ།། །།


མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 2:43 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།