སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་སོ་བརྒྱད་པ། མཁལ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་སོ་བརྒྱད་པ། མཁལ་ནད་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་རྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །རྒྱལ་བུ་ལྟ་བུ་མཁལ་ནད་བཅོས་ཐབས་བསྟེན་[བསྟན]། །འདི་ལ་རྒྱུ་རྐྱེན་དབྱེ་བ་རྟགས་པ་དང་། །བཅོས་ཐབས་བཞི་ཡི་སྒོ་ནས་བསྟན་པ་ལ། །རྒྱུ་ནི་བརྡབ་དང་མི་ཐེག་བཀུར་[ཁུར་]དང་བཏེག །རླན་ལ་འདུག་དང་ཡུན་རིང་ཆུ་ལས་བྱས། །གཉིས་པ་དབྱེ་བ་མཁལ་རླུང་མཁལ་གཅོང་དང་། །འོར་ལྷུང་མཁལ་ཚད་ཚུ་[ཆུ་]ཤོར་གྲུམ་དང་། །མཁལ་རྒན་ནད་དང་རྣམ་པ་བདུན་ཡིན་ཏེ། །གསུམ་པ་རྟགས་ནི་མཁལ་རླུང་རྐེད་པ་འཆོངས་[འཕྱོངས་]ནས་ན། །ནད་མིག་མི་མངོན་རྣ་བ་འོན་པར་འགྱུར། །མཁལ་གཅོང་སྨད་གྲང་རྐེད་པ་འཁོར་ནས་ན། །རྐང་པ་བཤལ་ལ་དབྱིད་[དཔྱི་]དང་རྐེད་པ་ཟུག །ཆུ་སྲིད་[སྲི་]བཅུད་ལྷུག་[རླུགས་]བཤུལ་ཤ་འཁྲིད་ནས་གཟེར། །འོར་ལྷུང་མཁལ་རྐེད་ན་ཞིང་ཟ་ཕྲུག་བྱེད། །འགྲོ་འདུག་བྱེད་ན་པུས་མོ་བོལ་གོང་སྐྲངས། །མཁལ་ཚད་ཆུང་[ཆང་]འཐུང་འགྲོ་འདུག་བྱས་ན་ན། །ཆུ་ཁ་ཚ་ཞིང་ཤ་རུས་བར་ནད་[ན་]འཁྱུག(མཁལ་མ་ཆུ་ཤོར་མཁལ་རྩ་འགྲམས་པའམ)།མཆིན་ཁྲག་བཅས་པས་ཟགས་ཆུ་ཁྲག་ཏུ་འབྱུང༌། །མཁལ་འགྲམས་བྱེར་རྒྱས་ལྷུང་བ་རྣམས་[རྣམ་]པ་གསུམ། །སྟོད་དུ་བྱེར་ན་ལྟག་ཆུའི་འགྲམ་གཉིས་ན། །སྐེ་ཀྱོག་མི་ཤེས་སྒུར་པོར་འགྲོ་བ་ཡིན། །བར་དུ་རྒྱས་པ་མཁལ་རྐེད་འཁོར་ཞིང་ན། །དཔྱི་སྟེང་འབྲེལ་མཚམས་རྩ་ནག་སྦོ་ཞིང་གཟེར། །གློ་དང་སྦྲིད་པ་བྱུང་དུས་བཟོད་མེད་ན། །ཚིག་[ཚིགས་]པ་ཁ་བྱེ་རྐེད་པ་ཀྱོག་པོར་འགྲོ། །སྨད་དུ་ལྷུང་བ་རྐང་པ་བཤལ་ཞིང་སྦྲིད། །བླ་[བརླ་]སུལ་བྱིན་རྒྱབ་[སུལ་]པུས་མོའི་ཚིག་[ཚིགས་]མཚམས་ན། །མཁལ་སྲུབ་[གྲུམ་]རྐེད་པ་ན་ཞིང་ཚ་ཏང་འཁྱུག །གློ་དང་སྦྲིད་པ་བྱུང་ཚེ་སྤྱི་[དཔྱི་]མིག་གཟུགས་[ཟུག]། ལྒལ་[སྒལ་]པར་རེངས་ཤིང་མཇིང་པ་འགྱུར་མི་ཤེས། །ནམ་སྟོད་ན་ཞིང་ནམ་སྨད་བདེ་བ་ཡིན། །ཤ་ཆང་དྲོད་བཅུད་ཟོས་རྗེས་ཚ་བ་སྐྱེ། །ད་རྒན་ཚིག་[ཚིགས་]པ་ཕྱིར་ཐོན་སྒུར་པོར་འགྲོ། །བཞི་པ་བཅོས་ཐབས་དང་པོ་མཁལ་རླུང་གཟེ་མའི་ཆང༌། །རྩ་བ་ལྔ་ཡི་སྨན་མར་འཇམ་རྩི་བཏང༌། །རིལ་བུ་བྱ་ཞིང་(བཅུ་བཞི་)རྩ་ནག་བསྲེགས། །མཁལ་གཅིང་[གཅོང་]ཐོང་ཚེར་མཁལ་མ་མར་བཙོས་ལ། །ཁུ་བ་བཙག་ལ་ཚ་བ་གསུམ་དང་རྒྱམ་ཚ་དང་། །ལ་ཕུད་ལྕ་པ་རམ་ཉེ་གཟེ་མ་དང་། །ཆང་སྲི་[བསིངས་]གནུར་[བསྣུར་]ལ་བུ་རམ་ལྒ་དང་མར། །བཏབ་སྟེ་ཚོས་སར་བཙོས་ལ་དྲོ་འཇམ་བཏབ་[བཏང༌]། །རྩ་བ་ལྔ་ན་གུད་བཙོས་ཁུ་བ་དང་། །ར་གསུམ་ཤ་སྣ་བཙོས་པའི་ཁུ་བ་སྲ། །ལྒ་དང་བྲེ་གའི་མར་དང་པི་པི་ལིང༌། །གུད་དུ་བསྡུས་པས་གཅིག་ཏུ་འདུས་པ་ཡིན། །ཅོང་ཟི་[ཞི་]སུག་སྨེ་[སྨེལ་]སླེ་ཁྲེས་[ཏྲེས་]ཁ་ཚར་བཏབ། །བུ་རམ་སྦྲང་དང་སྦྱར་ནས་བཏང་བར་བྱ། །བྷ་[འབའ་]སམ་མར་ལ་ད་བྱིད་སྨུག་པོ་དང༌། །གཙང་ས་[རྩངས་པ་]མཆིལ་ས་ཕུག་རོན་ལང་བཏང་[ཐང་]རྩེ། །ཅོང་ཞི་ཚ་བ་གསུམ་དང་འབྲས་བུ་གསུམ། །ཞོ་ཤ་གསུམ་དང་ཛ་[ཛཱ་]ཏི་སྡིག་སྲིན་དང༌། །སུག་སྨེ་[སྨེལ་]བྲེ་ག་བུ་རམ་བཏབ་ལ་བཏང་། །ཁྱེད་[ཁྱད་]པར་གཅིན་སྙིང་[སྙི་]ས་བོན་འཛག་པ་གཅོད། །སུག་སྨེ་[སྨེལ་]ཚ་བ་ལྔ་དང་ཚ་[ཚྭ་]སྣ་ལྔ། །སྡིག་སྲིན་ལྕམ་པ་འབྲས་གསུམ་མར་སྦྱར་བཏང༌། །སྤུ་དུགས་སྣུམ་དུགས་བྱི་དུག་[ཕྱིང་དུགས་]མེ་བཙའ་དང་། །གང་བབས་བོང་ཤ་ཕྱི་བའི་ཤ་ཆང་བསྟེན། །འོང་[འོར་]ལྷུང་འབོམ་[འབམ་]པོ་སིང་ལྡིང་[སེང་ལྡེང་]སྨན་མར་ལ། །ཚ་[ཚྭ་]སྣ་འཚོག་[འཚོགས་]ཚད་སྦྲང་དང་སྦྱར་ལ་བཏང༌། །བོང་བུ་ཕྱི་བ་རྟ་རྐྱང་བཤུལ་ཤ་བསྟེན། །ཟ་ཕྲུག་གཡེར་མ་ཆུ་དག་ཡོངས་པ་[ཡུང་བ་]དང༌། །མར་སྙིང་[རྙིང་]ཕག་ཚིལ་བསྲེས་[བྱུགས་]ལ་ཉི་མས་བསྲེགས། །པུས་མོ་བོལ་གོང་ཚན་ཆེན་[སྐྲངས་ཚེ་]ཚན་དུག་[དུགས་]བྱ། །མཁལ་ཚད་ནད་ལ་མཁལ་མ་ཞོ་ཤ་དང༌། །གུར་ཀུམ་སྐྱེར་ཤུན་སྡིག་པ་ཀ་ར་སྦྱར། །བྱིན་བཞུགས་[གཞུག་]ལོང་རྩ་གཉིས་ལ་གཏར་བར་བྱ། །མཁལ་མའི་ཟག་[ཟགས་]ཆུ་ཁྲག་ཏུ་བྱུང་སྲིད་ན། །མཁལ་རྩ་འགྲམས་སམ་མཆིན་ཁྲག་བབས་པ་ཡིན། །བསིལ་གསུམ་བྲག་སྔོས་[ཞུན་]དོམ་མཁྲིས་བ་ཤ་ཀ །ཤིང་ཚ་བ་ལུ་ཀ་ར་སྦྱར་ལ་བཏང༌། །རུ་ཐུང་ལོང་རྩ་གཏར་ལ་ཆུ་ཆག་བྱས་[ལྕག་བྱ]། །ཆུ་ཤོར་སྐྱུ་རུ་རའི་ཐང་གཏང་གཏར། །དམར་པོ་བཞི་སྟེ་ཨ་རུ་རྒྱ་རྐག་[སྐག་]ཞུ་མཁན་དང་། །བཙོད་དང་ཙན་དན་བཅུ་ཅིག་[གཅིག་]སྦྱར་བཏང་སྟེ། །གུར་གུམ་གླ་རྩི་བྲག་ཞུན་ཏིག་ཏ་དང་། །མཁལ་མ་ཞོ་ཤ་བཙོད་ཚོས་ཞུན་མཁན་དང་། །ཨ་རུ་ཤུག་ཚེས་ཀ་ར་བཅུ་ཅིག་སྦྱར། །གཱི་[གི་]ཝང་གླ་རྩི་གསེར་གྱི་བྱེ་མ་དང་། །བསིལ་གསུམ་ལྕམ་པ་སྡིག་སྲིན་འབྲས་སྣ་གསུམ། །བྲེ་ག་ཀ་ར་སྦྱར་བའི་ཕྱེ་མ་བཏང༌། །སྟོད་བྱེར་མེ་ཏོག་རྩ་གཏར་ལུམས་སུ་གཞུག །བར་དུ་རྒྱས་ན་རྩ་སྦྱོང་ཤིས་པ་ཡིན། །སྨད་ལྷུད་[ལྷུང་]བྱིན་བཞུགས་[གཞུག་]གཏར་དང་ཆུ་ལུམ་[ལུམས་]བྱ། །གསུམ་པོ་ཀུན་ལ་ཚ་བ་ཆོམ་[ཆོམས་]རྗེས་ན། །རྩ་བ་ལྔ་ཡི་སྨན་མར་སྦྱར་བར་བྱ། །གཟེར་མིག་གང་ཡོད་སྟེང་ན་[དུ་]མེ་བཙའ་གཞག །མཁལ་གྲུབ་[གྲུམ་]ཨ་རུ་ཟངས་རྩི་རྒུན་འབྲུམ་སོགས། །སྔོན་བུའི་སྟེང་བསྣན་བཤལ་དང་ཆུ་ལུམས་བྱ། །བཙད་[རྩད་]ནས་སྦྱངས་ཏེ་སེང་ལྡིང་[ལྡེང་]ཕྱེ་མ་སྦྱར། །བསིལ་གསུམ་ཞོ་ཤ་གསུམ་དང་འབྲས་སྣ་གསུམ། །ཆུ་སེར་སྨན་གསུམ་གསེར་གྱི་བྱེ་མ་དང༌། །སྡིག་སྲིན་བྲེ་ག་སྦྲང་གི་འདེ་གུ་བཏང༌། །བདུད་རྩི་ལྔའི་མེ་ཏོག་འབྲུ་སྣའི་གླང་[རླངས་]ལུམས་བྱ། །བྱིན་གཞུགས་[གཞུག་]ལོང་རྩ་ཁྲག་ལ་སྦྱར་ལ་གཏར། །ཚ་བ་ཆོག་[ཆོགས་]ན་སྦྲང་ཆང་ཡོངས་རྫོགས་སྦྱར། །སིང་ལྡིང་[སེང་ལྡེང་]སྨན་མར་སྦྲང་དང་སྦྱར་ལ་བཏང༌། །ཆུ་སེར་འོར་སྒོ་ཀུན་ན་[ཏུ་]མེ་བཙའ་བསྲེགས། །ད་རྒན་ནད་ལ་བདུད་རྩི་ལྔ་ཡིས་བདུག །རྩ་སྦྱོང་བྱས་ལ་བྷ་[འབའ་]སམ་སྨན་མར་སྦྱར། །སུག་སྨེ་[སྨེལ་]ཤིང་ཚ་ཟི་ར་པི་པི་ལིང༌། །རུ་ཏ་[རྟ་]དྲེ་[བྲེ་]ག་བུ་རམ་རིལ་ལུ་[བུ]བཏང༌། །ཚིག་[ཚིགས་]པའི་སྟེང་འོག་མེ་ཐུར་ལྗུར་[ཅུར་]འབྱིན་འཕང་། །ཞེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལ་[ལས་]མཁལ་མའི་ནད་གསོ་བའི་ལེའུ་སྟེ་སུམ་བཅུ་[ཅུ་]བརྒྱད་པའོ།། །།





མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།