སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་གྱ་བརྒྱད་པ། སྦྱར་བའི་དུག་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་གྱ་བརྒྱད་པ། སྦྱར་བའི་དུག་གསོ་བ། 

དེ་ནས་གསོ་བ་རིགས[རིག་]པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེེའ་[ཀྱེེ་]འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། །ཕྱི་རོལ་ལས་ཀྱིས་གྱུར་པའི་འདུ་བ་ལས། །མདོ་གནས་བཅུ་གཉིས་དུག་གི་བཅོས་ཐབས་འདི། །བདག་ཅག་འཛིན་པའི་འཁོར་ལ་བསྟན་དུ་གསོལ། །དེ་སྐད་གསུངས་པས་སྟོན་པས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལག་[ལ་]སོགས་གསོ་བ་འཛིན་པ་ཀུན། །དུག་ལ་སྦྱར་བའི་དུག་དང་དངོས་ཀྱི་དུག །རང་བཞིན་དུག་དང་རྣམ་པ་གསུམ་ཡིན་ཏེ། །དང་པོ་སྦྱར་བའི་དུག་ཅེས་བྱ་བ་ཡང་། །ནམ་ཞིག་ལྔ་བརྒྱའི་ཐ་མར་གྱུར་པའི་ཚེ། །དུས་ངན་དབང་གིས་ལས་ངན་སྤྱོད་པར་བྱེད། །དེ་དུས་དུན་ཙེ་མུ་ཏེགས[སྟེགས་]བསམ་ངན་གྱིས། །ནུས་པ་དུག་ལ་རེ་ནས་དུག་རྣམས་གཏང་། །དེ་ལ་རིགས་དང་འཇུག་ཚུལ་ངོས་བཟུང་དང༌། །བཅོས་ཐབ་[ཐབས་]ལོག་ནོན་ཕྱི་རྗེས་བཅད་པ་དྲུག །དང་པོ་དུག་རིགས་བསྐུར་བ་རྟ་ཡིས་དབྱི[དབྱེ]། །མཐོང་བ་ཉི་མའི་ཟེར་ལ་བསྐུར་བ་དང༌། །འགོམ་པ་ས་ཡི་རླུང་[རླངས་]ལ་བསྐུར་བ་དང༌། །དུ་བ་རླང་[རླུང་]གི་རྫི་[རྫི་]ལ་བསྐུར་བ་དང་། །རེག་པ་སྣུམ་གྱི་རྟ་ལ་བསྐུར་བ་དང༌། །ཁོང་པར་ཁ་ཡི་ཟས་ལ་བསྐུར་དང་ལྔ། །དེ་ལས་དབྱེ་བ་ཡུལ་དང་བསྐུར་བ་[རྫས་སྦྱོར་]དང༌། །ནད་ཀྱི་རིགས་དང་ལྡང་བའི་དུས་ཀྱིས་དབྱེ། །ཡུལ་ནི་རྒྱ་གར་རྒྱ་ནག་དོལ་པོ་མོན། །མཚོན་ཆ་གསལ་ཤིང་དེས་[ཧོས་]དང་རྩི་དང་བཞི། །རེ་རེ་ལ་ཡང་སྟོང་དང་རྩ་བཞིར་སྦྱོར། །རྫས་སྦྱོར་རིན་ཆེན་རྡོ་དང་ཤ་སྦྱོར་དང༌། །རྩི་སྦྱོར་དངོས་དང་སྔོན་[སྔོ་]ལས་སྦྱར་བ་དྲུག །རིན་ཆེན་གསེར་དང་ཟངས་དང་མཁར་བ་དང༌། །ལྕགས་དང་དངུལ་ཆུ་ཞ་ཉེ་ལས་སྦྱར་དང་། །ཁྱད་པར་ཞ་ཉེ་རྔུལ་[དངུལ་]ཆུ་ལས་སྦྱར་མངས[མང་]། །རྡོ་ནི་སྦལ་རྒྱབ་ཏི་ཚ་ཅང་[ཅོང་]ཞི་མཚལ། །མུ་ཟི་ཕ་ཝམ་[ཝང་]ལོང་བུ་རྣམས་ལ་སྦྱོར། །ཤ་སྦྱོར་ཤ་ཁྲགས་[ཁྲག་]མཁྲིས་པ་སྤུ་རུ་[རུས་]ལྔ། །ཤ་ནི་ཙེ་ཙེ་[ཚེ་ཚེ་]ར་དང་མཁའ་ལྡིང་བྱ། །ཁྱི་དང་སྲེ་མོང་བྱང་པ་ཉ་སྦལ་སྡོམ། །སྡིག་པ་རྩ་[རྩངས་]པ་ལ་སོགས་སྣ་ཚོགས་སྦྱོར། །ཁྱད་པར་ར་དུག་གསུམ་ལ་སྦྱར་བའོ། །རྩི་སྦྱོར་དུག་རིགས་ཀུན་གྱི་བཅུད་བསྡུས་ཡིན། །དངོས་ལ་སྦྱར་བ་བོང་ང་ནག་པོ་དང༌། །བཙན་དུག་ར་དུག་[གསུམ་]ལ་སྦྱར་བའོ། །སྔོ་ལས་[ལ་]སྦྱར་བ་ཐང་ཕྲོམ་འོལ་མོ་སེ། །ཞོ་ཤ་གཟེ་མ་ཐར་ནུ་དུར་བྱིད་དང་། །སྣ་ཚོགས་ཀུན་ལ་སྦྱོར་བ་བྱེད་པ་ཡིན། །གཙོ་བོ་ཐང་ཕྲོམ་འདི་ལ་སྦྱོར་བ་མང༌། །དེ་ལ་ལྡན་འདུས་དུ་མར་འགྱུར་བ་ཡིན། །མང་པོར་ཕྱེས་པས་རྟོགས་པ་ཤིན་ཏུ་དཀའ། །གཉིས་[གཉེན་]པོ་ལོག་ན་སླར་ཉིད་གནོད་པ་ཡིན། །མདོར་ན་ཚ་སྦྱོར་གྲང་སྦྱོར་གཉིས་ལ་བསྡུས། །རིན་ཆེན་རྡོ་ལས་སྦྱར་བ་གྲང་མ་[ལ་]འགྱུར། །ཤ་རྩི་སྔོ་སྦྱོར་ཧ་ལ་གཙོ་བྱས་པ། །གྲང་བར་མི་སྲིད་ཚ་སྦྱོར་དུག་ཏུ་གྱུར། །འདྲེས་སྦྱོར་དེ་ཡི་ཚ་གྲང་འཐབ་པར་བྱེད། །ནད་རིགས་མཛེ་དུག་དྷོ་[སྨྱོ་]དུག་ཚ་གྲང་དུག །རྨ་ཁ་རྒྱུ་སྐམ་ཟ་རིམ་[རེམ་]ལྟགས་[ལྟག་]དགྱེ་དང་། །རྒྱ་ནད་རིངས་[རེངས་]འཁུམ་སྲི་[སྲིན་]བུ་སྣ་ཟ་[ཟན་]དང་། །སྨུག་པོ་སྐེམ་བྱེད་འཁྲིས་[མཁྲིས་]ནད་མིག་སེར་དང་། །རིམས་ནད་རྩ་བྱེད་[བྱེར་]ནག་པོ་རྡེགས་[རྡེག་]བྱེད་དང་། །འཁྱམ་པོའི་གཟའ་ནད་ཆུ་འགག་ལས་[ལ་]སོགས་པ། །མི་མཐུན་ནད་རིགས་དུ་མ་འོང་བ་ཡིན། །ལྡན་[ལྡང་]དུས་ལོ་ཟླ་ཞག་གིས་བྱེད་པའི་ཕྱིར། །ཞག་དུག་ཟླ་དུག་ལོ་དུག་གསུམ་དུ་འགྱུར། །གཉིས་པ་འཇུག་ཚུལ་ཅི[ཇི་]ལྟར་འཇུག་པ་ནི། །འཇུག་ཚུལ་ཟེར་བསྐུར་མདངས་ལ་འཇུག །རྗེ་[རྫི་]བསྐུར་རྩ་སྒོ་སྣ་ནས་འཇུག་པ་དང་། །རླངས་ལ་བསྐུར་བ་སྣ་སྒོ་བ་སྤུ་གཉིས། །སྣུམ་ལ་བསྐུར་བ་བ་སྤུའི་སྒོ་ལས་འཇུག །ཟས་ལ་བསྐུར་བ་སོ་ལམ་ཁ་ནས་འཇུག །དེ་ཉིད་དང་པོ་ཕོ་བའི་ནང་དུ་འབབ། །དུག་དེ་དངས་མ་ལ་ཞན་[ཞོན་]ནད་བཅས་ཀྱིས། །སྒྲོག་[སྒྲེ་]སྐྱུག་ཟོས་ལ་མཁྲིས་[འཁྲེན་]པས་མ་ཞུ་འདྲ། །དངས་མ་མཆིན་པའི་གནས་སུ་ཁྲག་གྱུར་པས། །མཆིན་པའི་རོ་སྟོད་ན་གཟེར་རྩ་རྣམས་འཁྱུགས། །ཁྲག་ལས་ཤ་གྱུར་སྔོ་སྐེམ་རྐོར་[ཀོ་]ལེར་ན། །ཤ་ལས་ཚིལ་གྱུར་ཤད་[ཤེད་]བྲི་གཉིད་མི་སྙོམས། །ཚིལ་ལས་རུས་པར་གྱུར་པས་སོ་སེན་ན། །ཚིགས་མིག་རུས་པ་མི་བདེ་ཁོལ་བུར་ན། །ཀླད་པ་རུས་ལ་ཞུགས་པས་རྐང་དུ་འགྱུར། །མགོ་འཁོར་ཉི་མ་མི་སྙོམས་[བཟོད་]རྐང་རུས་འཁྱུག །སྒལ་པའི་ཚིགས་བྱེད་[བྱེར་]བཙོར་[བཙིར་]ན་ཕན་སྙམས་[སྙམ་]བྱེད། །གླད་[ཀླད་]ཞུགས་ས་བོན་དཀར་དམར་གཉིས་སུ་སྨིན། །སྐྱེས་པའི་བཅུད་འཛག་ཆགས་པ་འཆོར་བ་དང༌། །བུ་[བུད་]མེད་ཟླ་མཚན་འབྱམས་སམ་འཁྱིལ་བར་བྱེད། །ས་བོན་དངས་མ་མདངས་བསྒྱུར་སྙིང་ལ་གནས། །མདངས་ཕྲོག་[ཕྲོགས་]བརྗེད་ངས་མྱོས་འཐིབས་སྙིང་མི་བདེ། །མདོར་ན་དངོས་[དྭངས་]མའི་རྟ་ལ་དུག་ཞོན་པས། །ལུས་ཟུངས་བདུན་དང་ཟགས་པ་ཀུན་ལ་ཁྱབ། །གནས་ཀྱིས་བསྒྱུར་ན་ནད་རྟགས་ཅིར་ཡང་སྟོན། །རླུང་མཁྲིས་བད་ཀན་འདུ་བ་འཁྲུགས་པར་བྱེད། །དེ་ཕྱིར་དང་པོ་བར་དང་ཐ་མ་གསུམ། །ངོས་བཟུངས་[བཟུང་]བཅོས་དང་རྗེས་གཅོད་ཤིན་ཏུ་དཀའ། །སྦྱོར་བའི་རིགས་དང་ལུས་པོའི་ནད་གཞི་དང་། །ཁ་ཟས་རྟ་ཡིས་བསྒྱུར་བས་དོན་ལ་འཇུག །སྣོད་ལྷུང་རུས་ཞེན་རྩ་རུ་རྒྱུག་པ་དང༌། །ཤ་ལྤགས་[པགས་]ལ་སོགས་མ་ངེས་གར་ཡང་འབབ། །གསུམ་པ་བརྟག་པའི་ཐབས་ལ་སྤྱི་སྒོས་གཉིས་ཡིན་ཏེ། །དང་པོ་སྤྱིའི་བརྟག་ཐབས་འདི་ལ་རྣམ་པ་གསུམ་ཡིན་ཏེ། །ཕྱི་རྟགས་མ་ནོར་མོ་[མི་]འཁྲུལ་ངོས་བཟུངས་[བཟུང་]དང་། །ནང་རྟགས་རིགས་པས་སོ་སོར་བརྟག་པ་དང་། །མི་འཆོར་[འཚོ་]འཆི་རྟགས་གཏན་ནས་སྤང་པ་གསུམ། །དང་པོ་ངོས་བཟུང་ཕྱི་ནང་གསང་བ་གསུམ། །ཕྱི་རྟགས་འདུ་བ་གཞིན་[གཞན་]དང་རྒྱབ་ཤ་བཅད། །ནང་རྟགས་རྩ་ཆུ་ན་ལུག་[ལུགས་]སློང་རྐྱེན་གྱིས། །ནད་ཀྱི་ངོས་བཟུངས་[བཟུང་]བདེན་པས་ངེས་ཤེས་ཀྱེ[བསྐྱེད]། །དང་པོ་ནམ་ལོང་[ལངས་]མ་བཏམ་[གཏམ་]ཟས་མ་ཟོས། །མཆིལ་མ་མ་ཕོས་རང་ལུགས་ཆུ་གཙང་བླུག །ཁར་ལྡིང་དུག་མེད་ཞབས་སུ་ཡོད་པའི་རྟགས། །རྒྱ་རུ་ལ་བྱུག་སྟེང་བཏབ་ཁོལ་ན་ཡོད། །མཁར་གོང་སོལ་མོས་བསྲེགས་པའི་སྟེང་དུ་བླུག །བཅག་པས་ནས་ཏེ་ནག་པོར་སོང་ནས་[ན་]ཡོད། །བ་མེན་ར་[རྭ་]ནང་དྲི་ཆུ་ཆུང་[ཆང་]སྦྱར་བླུག །བྱི་དུར་[ཐུར་]གྱིས་དཀྲུག་གཞིན་[འཇའ་]ཚོན་མདོག་ཤར་ཡོད། །ཡང་ན་དྲི་ཆུ་བ་མེན་རྭ་ནང་བླུག །རི་བོང་སྨང་[སྨ་]རས་བཀྲུག་[དཀྲུགས་]པ་ཚིགས་[ཚིག་]ན་ཡོད། །ནད་པའི་དྲི་ཚུར་[ཆུར་]མུར་ཁོང་[གོང་]སྐྲ་བྲག་[བྲེག་]བཅུག །ཞག་ལོན་ནང་པར་སྐམ་སྐྱོག་[ཀྱོག་]ཚིག་འདྲ་ཡོད། །ར་མེད་དངུལ་ལེབ་སོ་ནང་གཏོར་ལ་གཞག །ནང་པར་ཕྱི་བ་དཀར་[དཀའ་]ན་ངེས་པར་ཡོད། །ཆང་འཁྱོར་[ཁྱོར་]གང་དང་ཧཱུ་[ཧུ་]ལུ་ཁ་སྦྱར་བས། །དེ་ནུབ་འཐུང་ནས་མི་སྨྲ་ནང་པར་བར[བལྟ]། །ལྕེ་སྣིལ་[རྙིལ་]རྐན་ལ་གཞའ་ཚོན་འདྲ་ན་ཡོད། །རྨ་བྱའི་མདོག་ཅིག་[མདོངས་གཅིག་]མར་གཏུམ་ཁ་རུ་དམྱིད[མིད]། །ནང་པར་ཆུས་བཀྲུས་མདོག་མ་ནམ་ནས་[ཉམས་ན་]ཡོད། །དེ་ལྟར་ཕྱི་རྟགས་མ་ལུས་ཀུན་ཚང་ན། །ཡིན་པར་ངེས་ཏེ་འོན་ཀྱང་མ་ངེས་པས། །གཉིས་པ་ནང་རྟགས་ནད་ངོས་བཟུང་བ་ནི། །རྩ་རྒྱུད་མ་ངེས་གང་ལྟར་སྣང་ན་ཡང་། །འགྱུར་ལྡོག་མང་ཞིང་གདོན་རྩ་འདྲ་ན་ངེས། །ཆུ་ཡི་མདོག་ལ་མ་ངེས་ཅེར་[ཅི་]འདུག་ཀྱང་། །མཁར་[འཁར་]སྣོད་ཁ་སྦྱར་པ་[ས་]འོག་རླང་[རླངས་]པ་བསྲུབ[སྲུབས]། །ས་རྡོ་རིན་ཆེན་སྔོ་ཡི་ཕྱེ་མ་ལ། །སྦལ་སྒོང་འདྲ་དང་ནག་སྙིང་[རྙིང་]གཞའ་ཚོན་མདོག །ཡང་ན་དངས་སངས[དུག་]ཏུ་ངེས་པ་སྟེ། །ཟངས་བྱུགས་ཁ་དོག་ནག་པོར་སོང་ན་ཡིན། །བ་[ན་]ལུགས་ཁོང་དུ་སོང་ནས་ཟླ་གཅིག་དུས། །གློ་ཆམ་མེད་[མོད་]ཅིང་ཤེད་ཆུང་ཁམས་མི་བདེ། །ཟླ་གཉིས་ལོན་[ན་]གནའ་ལྟར་ལྡང་དུབ་བྱེད། །གསུམ་ནས་གར་བབས་གནས་དེར་ན་ལ་འཕྲིག །བཞི་ནས་ཟས་སྤྱོད་གང་སྦྱར་དེ་ཡིས་སློང་། །དེ་ཡང་སྦྱོར་བ་ནད་ཁམས་ཟས་ཀྱི་རྟ། །རིགས་དང་ནད་[ཁམས་]ཅི་ལ་སྦྱར་ནས་བཏང་། །འབབ་པའི་དབང་གིས་རྟགས་མངོས་[མ་ངེས་]ངོས་ཟིན་དཀའ། །ཟས་རོ་མི་ཚོར་སྒྱིད་བསྐྱུར་[སྐྱུར་]ཡིད་མི་བསྲུན། །ལུས་ཀྱི་སྟོབས་འཆོར་ཤ་སྐེམ་ཁ་དོག་སྔོ། །ལྕེ་འགག་[འགས་]སྤུ་རྩེ་[བརྩེ་]སེན་མོའི་རྩ་རྣམས་སྦྲིད། །མགོ་འཁོར་ཤེད་[ཤེས་]འཆོལ་འགྲོ་ན་གོམ་པ་འཁྱོར། །མགོ་དང་ཕོ་མཆིས་[མཆིན་]ཁ་བསྐོར་རོ་རྒྱབ་ན། །ཤ་འགུལ་འཕྲིག་འཁྱུག་ཉ[ཉྭ་]རྐང་གཞི་ནས་ན། །མེ་ཉི་བསིལ་གྲིབ་སྙེག་ཅིང་སྟོད་[འདུག་]མི་ཚུགས། །རྔུལ་དང་ཚད་པ་གཉིད་ལས་[ལ་]འཕེལ་གྲིབ་[འགྲིབ་]བྱེད། །ཁ་མངལ་སྦྲིད་པ་མང༌དང་མིག་མི་གསལ། །སྐབས་སུ་འཁྲུ་སྐྱུག་དྲི་ཆུ་སྲི་བ་དང༌། །གསང་བ་མི་ལྡང་ལན་རེ་སྙིང་མི་དགའ། །སྟོད་སྨད་ཡན་ལག་ཁོལ་བུར་ན་ཞིང་སྐྲངས། །སོ་དང་རྣ་བ་མགོ་དང་མིག་འབྲས་གཟེར། །འཇིང་པ་རིངས་[རེངས་]དང་གྲོ་[གྲེ་]བ་འཛེར་ལས་[ལ་]སོགས། །ངེས་མེད་སྣ་ཚོགས་དུ་མའི་དྲག་[རྟགས་]འོང་སྟེ། །ཁ་སོ་རུས་པ་ན་བས་རླུང་དང་འདྲ། །མིག་སེར་ཚ་བ་སྐྱེས་པས་མཁྲིས་པ་འདྲ། །འཇུ་དཀར་[དཀའ་]གཡོ་ཚུལ་རྟོགས་[སྟོན་]པས་བད་ཀན་འདྲ། །རྩ་འཁྱུག་[འཁྱུག་]རོ་སྟོད་གཟེར་ན་[བས་]ཁྲག་ནད་འདྲ། །སྦྲེད་[སྦྲིད་]བེམ་ཟ་ཕྲུག་འོང་བས་ཆུ་སེར་འདྲ། །གྲང་ཤུམ་ཚིགས་བཞི་[གཞི་]ན་བས་རིམ་[རིམས་]དང་འདྲ། །ཁྲག་སྐྱུག་ཕོ་བ་ན་བས་སྨུག་པོ་འདྲ། །སྟོབས་ཆུང་ཤ་ལྤགས་[པགས་]སྐམ་པས་ས་བདག་འདྲ། །དེ་དག་སྦྱར་དུག་ནད་རྟགས་ན་ལུགས་ཡིན། །ཁྱད་པར་རྩ་དང་ཆུ་གཉིས་འགྱུར་ལྡོག་མང་། །སྣ་ཚོགས་ནད་སློང་བས་འགྱུར་ལྡོག་མང་། །ཟོས་པས་མི་ཕན་ཤ་འབྲོས་ལུས་སྟོབས་ཉམས། །ཕོ་མཆིན་མི་བདེ་རིམས་མང་སྙིང་མི་དགའ། །དོན་མེད་ན་ཞིང་ལེན་[ལན་]རེ་དྲག་པ་འོང་། །དེ་བདུན་ལྡན་ན་ངེས་པར་ཡིན་པ་ལ། །ཕན་གནོད་རྟགས་ནི་ཉལ་པོ་རྟ་བོང་ཞོན། །ཁ་ཟས་དང་པོ་གང་ལ་སྦྱར་བའི་རྟ། །གཏར་ཁྲག་ཚ་བས་ལྡང་ན་ནང་རྟགས་ཡིན། །ནང་རྟགས་དེ་རྣམས་ཚང་ན་མི་འགྱུར་ལ། །གསུམ་པ་ནང་རྟགས་ངོས་མ་ཟིན་ན་གསང་བར་བརྟག །ཆུ་ཆུང་ཚ་བར་ཉ་དང་ཕག་གི་ཤ །བཏབ་པའི་ཚོད་[མས་]ལྡང་ན་ཡིན་པར་ངེས། །རག་ཤ་[རཀྵ་]ཆུང་[ཆུར་]བསྡུས་སྲོད་ལ་འཁྱོར་[ཁྱོར་]གང་བཏང༌། །ཁམས་འཁྲུག་ལུས་ལྗི་[ལྕི་]ཁྲུམ་[ཕྲུམ་]སེར་ཁྱེར་ན་ཡིན། །རེ་རལ་བ་འོར་བཏབ་བཏང་སྐྱུག་ན་མཆིས། །ཙན་དན་དཀར་པོ་སྐྱེར་ཤུན་ཡུན་[ཡུ་]གུ་ཤིང་། །སྤྱི་བཞུར་ཁུས་ཕུལ་འཁྲུ་སྐྱུགས་གཟེར་ན་ཡིན། །ཨ་རུ་སྤང་རྒྱན་སེ་སྐྱེར་བར་ཤུན་ཐང༌། །བཏབ་པས་ཚིག་བཞི་[ཚིགས་གཞི་]བསྡམ་སྟེ་ན་ན་ངེས། །ཤུགས་[ཤུག་]འབྲུམ་ཤིང་ཀུན་གླ་རྩི་འབྲས་བུ་གསུམ། །བ་ཆོར་[ཆུར་]བསྐོར་[བསྐོལ་]ཐང་གར་བབས་ཟུག་ལྡན་[ལྡང་]ཡིན། །སེ་རྒོད་འོམ་བུའི་ཐང་བཏང་ཆུ་བཅོས་[བཙོས་]པ། །འདྲིལ་ན་ཟས་ངན་དུག་ནད་ཡིན་ནོ་ངོས[ངེས་]ཤེས་སྐྱེད། །ཀུན་གྱིས་མ་རྟོགས་སྡུད་སྨན་བཏང་བས་གསལ། །གཉིས་པ་སྒོས་བརྟག་འཇུག་སྒོ་རྫས་ཀྱི་རིགས། །ནད་རིགས་ལྡང་དུབ་བབས་པའི་སྒོ་ནས་རྟགས[བརྟག་]།དང་པོ་འཇུག་སྒོ་རིགས་ཀྱིས་རྟག་[བརྟག་]པ་ནི། །ཉི་ཟེར་དུད་པ་རླངས་ལ་བྱུང་བའི་དུག །དང་པོ་མཚུལ་པ་ཚ་ཞིང་མགོ་བོ་ན། །ལུས་སྤྱི་སྙོམས[སྙོམ་]ལ་སྐྱི་[སྒྱིད་]སྐྱུར་ཚིག་པ་ཟ། །ཚིགས་གཞི་བྱིན་ན་[ཉྭ་]ཉི་[ན་]ཞིང་ཕྲུམ་སེར་ཁྱེར། །ཚབས་ཆེ་གཡོ་སྐམ་ཞ་རིངས་[རེངས་]གཟའ་ནད་འདྲ། །རིགས་[རེག་]པ་དང་པ་[པོ་]ལྤགས་[པགས་]པ་ཚ་སྦྲིད་ཟས་[ཟ]། །ཕྲུག་རྗེས་འབྲུམ་ཐོར་ཤུ་བ་སྐྲངས་འབུར་འོང༌། །དེ་ནས་ཕལ་ཆེ་[ཆེར་]རྩ་ལ་བྱེར་བ་འོང་། །འགག་[འགའ་]རེ་ལྷོག་པ་འགབ་[འགའ་]རེ་འབྲས་སུ་འགྱུར། །ཐ་མ་ཤ་རུལ་རྩ་འཆད་[ཆད་]རུས་པ་ཟད། །གཉིས་པ་རྫས་རིགས་སྦྱོར་བའི་སྒོ་ནས་བརྟགས་པ་ནི། །དབྱིག་དྲུག་[དུག་]ཤ་སྐམ་ཤེད་འཆད་[ཆུང་]སྔོན་པོ་[པོར་]འགྲོ། །ན་ཚ་མི་ཆེ་ཕོར་[ཕོ་]བར་ཞུགས་འོང་གྲང་། །ཁ་ལ་གཡའ་བྲོ་མཚན་མ་ལྡང་མི་འགྱུར། །མིག་སེར་སྦོ་སྒྲིགས[སྒྲེག་]ཞོ་འཐུང་ཁྲག་ཏུ་འོང་། །རྡོ་སྦྱོར་ཕོ་བ་སྲ་ལ་ཡན་ལག་འཕྲ[ཕྲ]། །དང་པོ་ཚ་བ་འདྲ་ལ་གྲང་བ་ལྡོག །མཆིན་མཁྲིས་ཕོ་འཚེར་[མཆེར་]སྟེང་དུ་སྐྲན་དུ་འདྲིལ། །ཤ་སྦྱོར་ཕོ་མཆིན་མི་བདེ་མིག་སྤྲིན་སེར། །གྲེ་བ་འཛེར་ལ་མྱིག་འགྲིབ་མེད་[མིད་]པ་ལྟེམ། །ལུད་པ་ཁྲག་འོང་ཁྲག་ཏུ་འཁྲུ་བར་འོང་། །མགོ་དང་སྐད་[སྐེ་]འཇིང་ཕྱི་ཤ་ནང་ཁྲག་[གྲོལ་]རྣམས། །གང་བཏང་དེ་བབས་ཁོལ་བུར་ན་བ་ཡིན། །སྤུ་སྦྱོར་རྒྱུ་ཞབས་སྲིན་བཞིན་ན་བ་ལ། །རྒྱུ་ཁྲག་འདྲེས་ཤིང་ནང་རྩ་གཟེར་བ་ཡིན། །རྩི་སྦྱོར་ལུས་ཕྱེད་ན་ཞིང་དེ་ངོས་སྐམ། །མགོ་རྐང་ཚིགས་མིག་ན་ལ་ཕྲུམ་སེར་ཁྱེར། །ཚ་བ་སྐྱེ་ཞིང་མིག་ན་ཆེན་[མཆིན་]དྲི་འཁོར། །བོང་ང་བཙན་དུག་ར་དུག་དངོས་པོ་གསུམ། །དངོས་ལས་སྦྱར་བ་ལྕེ་དང་སེན་རྩི་[རྩ་]སྦྲིད། །རང་གིས་ཚོར་བས་ཁ་མཆུ་སྐྲངས་སྙམ་བྱེད། །རྫས་རྣམས་མདོར་བསྡུས་ཚ་གྲང་སྦྱོར་བ་གཉིས། །ཚ་སྦྱོར་རྩ་གྲིམས་ཆུ་སྨུག་ཀུ་ཡ་འཐུགས[མཐུག་]།རུས་ཚིགས་ན་ཞིང་མགོ་གཟེར་གྲང་ཤུམ་བྱེད། །རོ་སྟོད་ཕོ་མཆིན་གཟེར་ལ་ཁ་ལྕེ་སྐམ། །མཆུ་གས་སོ་ནག་ཁོང་པ་ཚ་འཁྲུག་བྱེད། །ཤེས་པ་ཟིན་[ཟི་]ལ་རྨི་ལམ་ཉག་ཉོག་མང་། །གཙོ་བོར་མཆིན་མཁྲིས་གཉིས་ལ་བབ་པ་སྟེ། །གྲང་སྦྱོར་སྦོ་སྒྲོག་[སྒྲེག་]ཁ་ཟས་[མི་]འཇུ་འཁྲིན[འཁྲེན]། །རྩ་དལ་ཆུ་སྔོ་ལྕེ་ལྕ་[སྐྱ་]གདོང་པ་གཡོ། །རྟེང་[རྟིང་]པར་སྐྲན་དུ་འདྲིལ་ལམ་ཆུ་རུ་ལྡོག །གཙོ་བོར་མ་ཞུ་ཕོ་བར་འབབ་པ་ཡིན། །སྦྱོར་བ་འདྲེས་པ་ཕོ་མཆིན་གཉིས་ཀར་བབས། །གྲང་ཡང་ཚ་འདྲ་ཚ་ཡང་གྲང་ཚུལ་སྟོན། །ན་ལུགས་རིགས་ཀྱི་སྒོ་ནས་བརྟགས་པ་ནི། །མཛེ་ཁྲག་བསེ་ཞོས་ཕལ་ཆེ་[ཆེར་]གཙོར་བྱས་པས། །འགུལ་འཕྲིག་ཟ་བོར་[བེར་]རྩ་འཁྱུག་རུས་རྐང་ན། །གྲེ་བ་མི་བདེ་ཤ་སྦོས་འཐོར་བུ་འོང༌། །ཐ་མ་རུས་བབས་ཕོ་འཛེ་[མཛེ་]སྐེམས་ནས་འཆི། །མོ་འཛེ་[མཛེ་]རྩར་བབས་ཤ་ཁྲག་རུལ་ནས་འཆི། །བསྙོ་[སྨྱོ་]དུག་ཕལ་ཆེ་[ཆེར་]གོ་[གོང་]མོའི་ཁྲག་དང་ནི། །ཐང་ཕྲོམ་འབྲུ་ཡིས་གཙོ་བྱས་མང༌བ་ཡིན། །སྟོད་རྒྱང་[རྒྱངས་]ཤེས་པ་འཕྱོ་མ་[ལ་]ཁ་ཤུན་[ཤུས་]འདེབས། །ལུས་འདར་ཁྲོ་ཚིགས་[ཚིག་]ཁ་ནས་ཅི་ཡང་སྨྲ། །ཡང་ན་འགྱིལ་[འགྱེལ་]ཞིང་བརྒྱལ་དང་ཁ་སོ་འཆའ། །དྲི་[གྲི་]དུག་ཚ་བསིང་སྦུ་[ལྦུ་]བ་རྒྱ་ཤོའི་འབྲས། །འབྲེ་[འདྲེ་]འདར་གླད་[ཀླད་]པ་གྲི་ཁྲགས་[ཁྲག་]སོགས་ལ་སྦྱོར། །གཡང་གྲི་རྦ་[རྦབ་]གྲི་རྟ་གྲི་ཆུ་གྲི་དང་། །ལྕེ་[ལྕེབ་]གྲི་སོགས་ཀྱིས་འཆི་བའི་རྐྱེན་གྱིས་འཆི། །དེ་དག་སྐབས་སུ་མགོ་འཁོར་སྙིང་མི་དགའ། །འཁྱག་ན་སྟོད་གཟེར་དྲན་པ་ཉོག་པ་ཡིན། །རྩ་སྦྲེད་[སྦྲིད་]གཡའ་ཟ་འགྲོ་སྙིང་འདོད་པ་འོང་། །དེ་ལ་ཏིག་ཏའི་ཐང་བཏང་ཉི་མ་ལ་ཉལ་བས། །མིག་ལ་འོད་འཆད་[འཆར་]དྲི་ཆུ་ཁྲག་ཏུ་འོང་། །རྨ་ཁ་རྒྱུ་སྐམས་རིན་ཆེན་དག་དང་སྦྱར། །ཁ་ལ་རྨ་འོང་ཟས་སྐོམ་ཟ་མི་ཤེས། །རྒྱུ་མ་སྐམས་ནས་[ན་]གཟེར་ཆེ་དྲི་མ་འགག །ཟ་རིམས་[རེམས་]ལྟག་དགྱེ་ལྟོ་ཆེ་འཇིང་པ་རིང་[རེངས]། །རྒྱ་ནད་རེངས་འཁམས་[འཁུམས་]ཁྲག་ཏུ་བཤལ་བ་ལ། །རྐང་ལག་རིང་[རེངས་]འཁུམས་མི་ཡིས་བརྐྱང་[བསྐུམ་]དགོས། །སྲིན་བུ་སྣར་[སྣ་]ཟན་རྟགས་[རྟག་]ཏུ་སྲིན་ནད་ལྡང༌། །སྨུག་པོ་འཇུག་[འཇུ་]སྐེམ་འདུས་སྦྱོར་ནད་ཡིན་ནོ། །ཕོ་མཆིན་མི་བདེ་ཁྲག་འཁྲུག་[འཁྲུགས་]སྣ་ཆུ་འཛག །ཤ་སྐམས་ཤེད་མེད་མཆིན་པ་རུལ་ནས་འཆི། །མཁྲིས་པ་མིག་སེར་རི་བོང་འཁྲིས་[མཁྲིས་]པ་ག་པུར་སྦྱར། །མཁྲིས་ཡུལ་རྒྱས་ནས་མིག་སྤྲིན་ཤ་མདངས་སེར། །རིམ་[རིམས་]ནད་རྩ་བྱེར་རིམས་ཀྱི་ན་ལུག[ལུགས་]འདྲ། །ནག་པོ་ཐོག་རྡེག་དུག་སྦྲུལ་མགོ་ལ་སྦྱར། །གླད་[ཀླད་]པ་གཟེར་ཞིང་མིག་སྦྲིད་གསུམ་[གསུས་]པ་སྦོས། །སྔོ་དང་སྦྱར་ཁས་[བས་]གཟའ་འདྲ་རིང་[རེངས་]ཤིང་འགྱིལ་[འགྱེལ]། །རྐང་ལག་བཤལ་ཅིང་མིག་འབོར་སྐམ་ནས་འཆི། །བྱང་པ་ལ་སྦྱོར་ཆུ་འགགས་གཟེར་ནད་ཡིན། །རྩ་མིག་རྒྱུ་ཞབས་གཟེར་ནད་[ལ་]དྲི་ཆུ་འགག །བཞུག་[གཞུག་]ནས་རྩལ་བྱེད་[རྩར་བྱེར་]ཁྲག་སྐྱུག་སྣ་ཁྲག་འཛག །དེ་ལས་[ལ་]སོགས་པ་སྦྱོར་བ་སྣ་ཚོགས་ལས། །དུག་རིགས་མི་འདྲ་སྣ་ཚོགས་དུ་མ་འོང་། །ལྡང་དུབ་[དུས་]སྒོ་ནས་བཏག[བརྟག་]པ་ཞག་གི་དུག །སྦྱོར་[བ་]མ་ཡིན་[སྨིན་]རྣོ་འམ་རྐྱེན་འཕྲད་པས། །མ་ཞུའི་རྐྱེན་འཕྲད་གློ་བུར་ལྡང་བ་ཡིན། །སྨུག་པོ་དང་ནི་རིམ་[རིམས་]དང་འདྲ་བར་ན། །འཕྲལ་དུ་མིག་འགུལ་ལྕེ་མཆུ་གས་པ་དང༌། །ལུས་རིངས་[རེངས་]འགྱིལ་[འགྱེལ་]ཞིང་དྲན་པ་ཉམས་པ་འོང་། །ཟླ་དུག་ཤ་སྐམ་སེན་མོ་བཀྲག་ཉམ་[ཉམས་]ངལ། །མཆུ་སྐམ་སོ་ནག་མིག་འགྲིབ་རྣ་བ་འུར། །ཁོང་སྦོས་ཚིགས་ལ་སྨུག་པོའི་ཐིག་ལེ་འོང་། །ཞོ་འཐུང་སྦོས་ཤིང་ཆང་འཐུང་ཟ་ཟི་འོང༌། །ལ་བུག་[ལོ་དུག་]ཤ་སྐམས་མཆིན་པ་འཕྱིང་[འཕྱོངས་]ནས་ན། །ངུ་སྙིང་འདོད་དང་སྤྲོ་ཐུང་རྣ་བ་འུར། །ལྟེ་[ལྟོ་]ཆེ་མཁལ་མ་གྲང་ཞིང་རྔུལ་ཆུ་འོང་། །སྲིན་བུ་ལྡོག་ཅིང་ཆང་འཐུང་ལུས་ཉམས་[ཉམ་]ཆུང༌། །རྩེབ་[རྩིབ་]ལོགས་འཕོ་ཞིང་སོ་ན་རྟག་[ལྟག་]པ་འགྱེད། །ཕོ་བ་གཟེར་ན་གཉིད་མེད་ཟ་ཕྲུག་བྱེད། །བབ་ས་གནས་ཀྱི་སྒོ་ནས་བརྟག་པ་ནི། །སྙིང་ལ་བབས་ན་ལྕེ་སྡེབ་[ལྡིབ་]ཤེས་པ་འཕྱོ། །རྔུལ་ཆེ་སྦྲེད་[སྦྲིད་]པ་མང་བ་ཤུ་རིངས་[ཤུགས་རིང་]འོངས་[འོང་]། །གློ་བབས་སྣ་འགགས་གཡའ་ལ་སྦྲད་[སྦྲིད་]པ་འོང༌། །གློ་མང་གྲེ་བ་འཛེར་ལ་སྐྱིགས་བུ་མང༌། །མཆིན་པར་བབས་ནས་མིག་ཞུ་མཆིན་དྲི་གཟེར། །འཁྲིས་[མཁྲིས་]སྐྱུག་འཚོགས་པ་[མཚོག་མ་]ལྕི་ལ་ཁ་ཆུ་འོང་། །མཚེར་བབས་མཆུ་ན་སྦོས་ཤིང་རྩིབ་ཐུང་ན། །སྣ་ལྡང་[གདངས་]གྲང་ནང་[ན་]འགྱིང་ཞིང་ཚ་ན་འགྱུང༌། །མཁལ་བབས་མཁལ་རྐད་[རྐེད་]གྲང་ཞིང་མཁལ་རྩ་སྦྲིད། །རྐང་པ་ལྗི་[ལྕི་]མཆུ་[ཆུ་]སྲི་རྣ་བ་འུར། །སྣོད་དུ་ལྷུང་ནས་[ན་]སྒྲེགས་སྐྱུག་ཟས་མི་འཇུ། །རྒྱུ་ལོང་སྦོས་འཁྲོག་ཚ་འགྱུར་[འགྱུང་]འཁྲུ་བ་ཡིན། །ཤར་བབས་འགུལ་འཕྲིག་གྲིམས་ཆུང་ལྕགས་[པགས་]པ་སྔོ། །རྩ་གྲིམས་རྩ་སྣ་འཁྲིད་འཁྱུག་སྦྲིད་པ་མང་། །ཆུ་རྒྱུས་[ལ་]བབས་བཤུལ་རིངས་[རེངས་]ཡན་ལག་འཁུམ། །རུས་བབས་ཚིགས་པ་ན་ཞིང་མཉེས་ན་ཡང་། །ཚིགས་ཁ་ཡ་སྐྲང་བརྐྱང་བསྐུམ་དཀའ་བ་དང༌། །རུས་པ་ཐམས་ཅད་སྐོམ་[སྐམ་]ཁོལ་བྱེད་ནས་ན། །དེ་ནས་བྱེ་བྲག་སོ་སོའི་ནད་རྟགས་རྣམས། །གཞན་དོན་ནོར་ནས་ངོས་[ངེས་པ་]ཟིན་དཀའ་བབས[བས]། །ཕྱི་ནང་གསང་གསུམ་ནན་ཏན་བྱ་སྟེ་བཏོན། །དེ་ཡིས་མི་ནོར་ངེས་པར་གཏན་ལ་ཕེབས། །མི་ཐུབ་འཆི་ལྟར་[ལྟས་]ཤ་ཟན་[ཟད་]མུར་ཁོང་[གོང་]རྡིབ། །དངས་[དང་]ཁ་འགགས་སམ་ཟས་སྐོམས་[སྐོམ་]ཟོས་ཚད་སྐྱུག །ལྕེ་རྣིལ་སེན་མོ་བཀྲག་ཤོར་ལུས་སྟོབས་ཟད། །རྔམ་པ་ཐུང་ཞིང་ལུས་ཀུན་འབྲུག་[འབྲུམ་]པས་ཁྱབ། །གནད་[གནས་]ལྔ་སྐྲངས་དང་སྨྱོ་དུག་སྨན་མི་ལེན། །ནང་གྲོལ་རུལ་འཁྲུ་ཟུངས་ཁྲག་འཁྲུ་དང་སྐྱུག །དེ་འདྲའི་རྟགས་སླེབས་མི་འཚོ་སྤང་བར་བྱ། །ལྔ་པ་གསོ་བའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་དུག་ནད་སྨན་གྱིས་གསོའ་[གསོ་]བ་དང་། །དུག་ནད་དུག་གིས་གསོའ་[གསོ་]དང་སྔགས་ཀྱིས་གསོ། །དང་པོ་སྨན་གྱིས་གསོའ་[གསོ་]ལ་ཚ་གྲང་སྦྱོར་བ་གཉིས། །ཚ་སྦྱོར་ལུས་ཟུངས་གསར་རྙིང་སྟོབས་དང་སྦྱོར། །གང་ཡང་དང་པོ་སྨན་གྱིས་གཞི་བཟུང་ལ། །གསར་དང་ཟུངས་བཟང་བསྡུགས་པར་[བསྡུ་བསད་]སྦྱངས་པས་བཅོས། །ཟུངས་ན་[ངན་]རྙིངས་ན་བཅོས་ལུས་རིང་བས་ཀྱང་། །ཟུངས་ཡེ་མི་གནོད་བསྡུ་བསད་ཅིག་ཆོད་[བྱ]། །དང་པོ་གཞི་བཟུང་ཚོད་[ཚོགས་]བསག་གནོད་འདྲེ་བཅོས། །སྔ་གྲོ་[དྲོ་]སྨན་བསྟེན་ཕྱི་དྲོ་ཟས་ནི་བསྐྱེད། །ཉ་ཕག་བཤུལ་ཤ་སྔོ་ངད་རུལ་སྐྱུག་[སྐྱུར་]སྤངས། །བ་ལ་[ལང་]སྣ་[གནའ་]རྒོ་ཤ་པར་[གསར་]ཁུར་མང་དང་། །འབྲས་དང་ཡོས་ཐུག་ཇ་དང་ཆུ་སེར་[བསིལ་]བསྟེན། །ཟངས་[ཟུངས་]ངན་དྲོད་ཆུངས་[ཆུང་][རྒས་]རྣམས་ལུག་ཤ་གསར། །སྐོམ་[སྐམ་]ཡིབ་ཆང་པར་[གསར་]ཚ་སྟོབས་སྦྱར་ནས་བཏང་། །མེ་ཉི་ངལ་དུབ་ཉལ་པོ་རྟ་ཞོན་རྒྱུག །སྨྲ་བརྗོད་རླན་གྲང་ཉིན་གཉིད་དྲག་ཤུལ་སྤངས། །ཚ་ཅན་ཨ་རུ་གསེར་མདོག་གཅིག་[ཆིག་]ཐང་བཏང་། །གྲང་བ་ཅན་ལ་འབྲས་གསུམ་པི་ལིང་ཐང་། །ཞག་བདུན་བར་དུ་སྔ་གྲོ་[དྲོ་]འཆོར་[ཁྱོར་]རེ་བསྟན་[བསྟེན]། །དེ་ཡིས་འདུ་བ་སྙོམས་ཤིང་ནད་གཟུགས་[ཟུངས་]འབྱེད། །དངུལ་འཆད་[རྔུལ་ཆད་]ལུས་ཡང་དང་ཁ་བདེ་བ་དང་། །ལས་ལ་སྙིང་འཇུག་འདོད་ན་ནད་ཟུངས་བྱེད་[འབྱེད]། །དེ་ཡང་གསར་དང་མ་བྱེར་པ་ལ་བསྡུད་[བསྡུ་]མི་དགོས། །རྙིང་དངས་[ཤིང་]བྱེར་བ་ཅན་ལ་བསྡུ་བ་དགོས། །སྡུད་བྱེད་སྨན་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་ལུག་ཁྲག་འོ་མ་གཉིས་བཙོས་ལ། །འདི་བ་[ལ་]ལུག་ར་[རུ་]སྨུག་པོ་བཏབ་པས་སྡུད། །ཡང་ན་ཉུངས་ཀར་བོང་ང་རེ་རལ་ཨ་རུ་ར། །ཛ་[ཛཱ་]ཏི་ན་[ནཱ་]ག་གསུམ་པ་[པུཥྤ་]བ་གླང་ཁྲག །ལྕིམ་[ལྕུམ་]རྩ་མ་རུལ་གླད་[ཀླད་]པ་ཚ་[ཚྭ་]དང་སྦྱར། །མི་ཕྱུག་[ཕྱུགས་]གསོན་ཁྲག་སེ་བ་སྐྱོང་[སྐྱེར་]པ་དང་། །འ་འབུ་[འོམ་བུ་]གསུམ་གྱི་བར་ཤུན་སྦྱར་ནས་ཀྱང་། །ཆུ་ཆུང་ཉུང་[ཉུངས་]དཀར་ཕྱེ་མ་སྦྱར་བ་བཏང་། །ཡང་ན་དཀར་པོ་གཅིག་[ཆིག་]ཐུབ་རིལ་དང་དབང་པོ་ལགས[ལག] །ཉུང་[ཉུངས་]དཀར་ཕག་ཁྲག་ཧ་ལ་ཀ་ར་སྦྱར། །ཡང་ན་ཕག་ཁྲག་དབང་ལགས་[ལག་]ཉུང་[ཉུངས་]ཀར་དང་། །གའུ་གླད་[ཀླད་]པ་སྦྱར་ནས་མ་འདུས་འདུས་པར་བཏང་། །འདུས་རྟགས་ལུས་ལྕི་སྒྱིད་སྐྱུར་དང་ཁ་འགག །ཁ་ལྕེ་སྐམ་ལ་ཕོག་[ཕོ་]བ་ཚ་རུལ་[བྱེད]། །དེ་ཡི་རྟགས་མེད་མ་འདུས་སྨན་ཐུན་བསྐྱེད། །ཕོ་བར་རུས་དུག་[དུགས་]རྒྱུ་ཞབས་བྱེད་[བྱེ་]དུགས་བྱ། །མཐིལ་བཞི་བསྐུམ་[བསྐུ་]མཉེ་བྱས་ནས་མན་ངག་སྨན། །དུག་སྣ་གསུམ་དང་ཨ་རུ་བདུན་འགྱུར་བཏང་། །དེ་ཡིས་དུས་ངེས་འདུས་ནས་གཉེན་པོས་བསད། །མ་འདུས་བསད་པ་རི་དགས་[དྭགས་]ཁྱིས་[ཁྱུ་]དོར་[གཏོར་]འདྲ། །བྱེར་བ་མི་བསོད་བཅོས་དཀའ་ཡུན་དུ་སྦྱོར་[སྦྱོང་]། །འདུས་ན་ཆུའི་མོ་[མེ་]ཏོག་འདྲ་སྟེ་ཆོམས་པར་སླ། །གཉིས་པ་བྱེ་བྲག་སོ་སོའི་བསྡུ་བྱེད་ནི། །རླུང་ལ་ཛ་[ཛཱ་]ཏི་མཁྲིས་ལ་གུར་གུམ་དང་། །བད་ཀན་ལྕིམ་[ལྕུམ་]རྩ་འདུས་ནད་ལི་ཤི་རྩི། །དྲག་ཤུལ་ཉ་ཕག་ཆང་གིས་[གི་]རླངས་པ་ཡི[ཡིས]། །ཉེ་ལ་[ཉེས་པ་]གསུམ་ལ་བབས་ལ་སྡུད་པར་བྱེད། །སྟོད་བྱེར་མ་བུ་[ནུ་]བཞི་ཐང་དིགས་[བྱེར་བ་]བསྡུད[སྡུད]། །བང་[བོང་]ཁྲག་གི་སྐན་[གྲོ་སྲན་]སྣོད་ལ་བྱེར་བ་སྡུད། །མི་དོམ་འཁྲིས་[མཁྲིས་]པ་དབང་པོ་ལག་པའི་[པ་དང་]། །མཚེར་[ཚར་]འབྲུམ་བཞི་པས་ཡན་ལག་བྱེར་བ་སྡུད། །ར་འཚེར་[མཚེར་]རྟ་སྙིང་མཁལ་མ་ཞོ་ཤ་སྟེ། །འཕྲ་མན་[ཁྲ་མེན་]སྦྱོར་བས་ཚིགས་ལ་བྱེར་བ་སྡུད། །ག་པུར་ཅུ་གང་གུར་གུམ་སྦྱོར་བ་སྟེ། །རྒྱལ་བློན་གསུམ་གྱིས་གྲེ་བར་བྱེར་བ་བསྡུད[སྡུད]། །ཏིག་ཏ་སླེ་ཁྲེས་[ཏྲེས་]གསེར་གྱི་མེ་ཏོག་སྟེ། །ཏིག་ཏ་གསུམ་ཞོས་[པོས་]སོ་ལ་བྱེར་བ་སྡུད། །གཉིས་པ་འདུ་[འདུས་]ནས་བསད་པའི་ཐབས་ལ་གསུམ། །སྔོ་སྦྱོར་རྩི་བསྒྱུར་[སྦྱོར་]རིན་ཆེན་སྦྱོར་དང་གསུམ། །སྟོབས་བཟང་ཚད་པ་ཆེན་[ཆེ་]ན་ཕོ་བ་བཟང་། །དེ་ཡི་གཉིས་[གཉེན་]པོར་བདུད་རྩི་སྔོ་སྦྱོར་བསྔགས། །རོ་[རེ་]རལ་ཧུང་[ཧོང་]ལེན་འོམ་བུ་སྤང་རྩི་དོ། །འཁོར་དུ་རྣམ་པར་སེར་པོ་ཁྲག་རྐང་དང་། །ཏིག་ཏ་སྤང་རྒྱན་སྐྲ་བཟང་གང་ག་[གཱ་]ཆུས་[ཆུང་]། །རམ་ཉེ་བསྐོལ་ཁུ་སུམ་ཡར་རྒྱུན་དུ་བསྟན[བསྟེན]། །ཚ་བ་ཤིན་ཏུ་ཆེ་ཞེན་རྣམ་པར་དང་། །རེ་རལ་སྤངས་[སྤང་]རྩི་འོམ་བུ་ཧུང་[ཧོང་]ལེན་དང་། །ཏིག་ཏ་གཙོ་བོ་དྲུག་ལ་དེ་ཡི་འཁོར། །བྲག་ཞུན་བོང་ང་ཞིབ་བཏགས་གྲང་སེང་[བསིངས་]བྱ། །གང་ལ་བབས་པའི་ཁ་འཛིན་གྲོགས་གཏོང་སྟེ། །དོན་ལ་བཟང་དྲུག་ཤ་ལ་ཨ་རུ་ར། །རུས་ལ་སྤྱི་བཞུར་རྩ་ལ་དོམ་འཁྲིས་[མཁྲིས་]དང་། །ཕོ་བས་[བར་]འཇུ་ཚོད་སྦྱར་ལ་རྒྱུན་དུ་བཏང་། །འཇུ་བསྐའ་[དཀའ་]སྐབས་སུ་རྒྱམ་ཚ་གསུམ་པ་བཏང་། །ཚ་བ་སྟོབས་[སྟོབས་]ཆག་ཉམས་སྣོད་འདུས་རྟགས་བྱུང་ན། །ཨ་རུ་ལྕིམ་[ལྕུམ་]རྩ་དུར་བྱིད་བསྣན་ནས་སྦྱར་[སྦྱང་]། །ཡང་ན་གོང་རྕོ་[གཙོ་]བོ་དྲུག་དང་སྤང་རྒྱན་དཀར། །སེ་སྐྱེར་བྲག་སྤོས་ཐ་རམ་གང་ག་[གཱ་]ཆུ[ཆུང་]། །གང་བབས་ཁ་འཛིན་བཅོས་[བཅས་]པའི་ཐང་བསྟེན་ཏེ། །སྙིང་ལ་ཞོ་ཤ་གློ་ལ་སྲོ་ལོ་དང་། །མཆིན་ལ་གུར་གུམ་མཚར་[མཚེར་]ལ་ལི་ཤི་དང་། །མཁལ་མ་ཙི་ཏྲ་ཀ་དང་རུས་ལ་སྤྱི་བཞུར་དང་། །རྩ་ལ་འབྲི་ཏ་ས་འཛིན་བཏང་བ་ཡིན། །ཡང་ན་སྔོན་[སྔོ་]ཡི་མང་སྦྱོར་ཐུན་མོང་ལ། །གཙོ་བོ་གཉེན་པོ་གྲོགས་དང་དམག་མི་དང་། །ཕྱག་བསྙན་[བརྙན་]ཁ་འཛིན་བཅས་པ་སྦྱོར་བ་ནི། །ནད་བཞི་[གཞི་]དོན་སྣོད་ཤ་རྩ་རུས་པ་དང་། །གྲོ་[གྲེ་]བ་གང་ལ་བབས་པའི་སྣ་ཁྲིད་སྦྱར་བ་སྟེ། །སྔོ་ཡི་གཙོ་བོ་དྲུག་དང་གཉེན་པོ་ནི། །བོང་ང་གསུམ་དང་ཁུར་རྩ་ཨ་བོ་དང་། །གྲོགས་ནི་གང་ག་[གཱ་]ཆུང་དང་ལུག་མིག་པ། །སྟག་ཤ་བྱི་ཚེར་གོ་སྙོད་པར་པ་ཏ་ཁྲག་རྐང་ལྔ། །དམག་མི་སྲོ་ལོ་རེ་སྐང་[སྐོན་]ཁྱི་ལྕེ་བ། །ཁྱི་ལྕེ་དང་ནི་ཧོ་[དེ་]བ་སུམ་བཅུ་[ཅུ་]ཏིག །དར་ཡ་ཀན་དང་སྒོང་ཐོག་ལྕང་མ་བརྒྱད། །ཕྱག་བསྙེན་[བརྙན་]སེ་རྒོད་སྐྱེར་ཤུན་ལུག་རུ་དང་། །སྦྱོར་བ་པྲི་ཡང་ཀུ་དང་ལྕགས་ཕྱེ་དང་། །སྲོ་ལོ་ཨ་ཀྲོང་སྟར་[བུ་]ནད་གཞི་ལ། །རླུང་ལ་རུ་རྟ་མཁྲིས་ལ་གསེར་མེ་ཏོག །བད་ཀན་མ་ནུ་ཁྲག་ལ་བ་ཤ་ཀ །ཆུ་སེར་སེང་ལྡིང་[ལྡེང་]དོན་ལ་བཟང་དྲུག་དང་། །ཤ་ལ་ཨ་རུ་ཡུ་[ཡུང་]བ་རྩ་ལ་དོམ་འཁྲིས་[མཁྲིས་]དང་། །འབྲི་རྟ་[ཏ་]རུས་ལ་རྡོ་བཞི་མཚལ་དཀར་དང་། །གྲེ་བ་ལི་ཤི་སྤངས་[སྤང་]རྒྱན་ཨ་རུ་རྣམས། །གང་ལ་བབས་པ་དེ་ཡི་སྣ་ཁྲིད་སྦྱར། །བསྡུས་གྲངས་ཡུན་སྲིང་སུམ་ཡར་བསྟེན་པར་བྱ། །དེ་ལས་[ལ་]སོགས་པའི་སྔོན་[སྔོ་]སྦྱོར་གང་ལ་ཡང༌། །པི་པི་ལིང་དང་བྲག་ཞུན་དུག་འདོན་དང་། །ནུས་པ་བསྐྱེད་ལ་འཛུ[འཇུ་]བ་བླ་[སླ་]བར་བྱེད། །སྐྱུར་ར་[སྐྱུ་རུ་]དང་ཨ་རུ་གཉིས་གཉིས་བཏང་བ་ཡིན། །ལུས་ཟུངས་བསྲུང་ནས་ནུས་པ་བསྐྱེད་པ་ཡིན། །ཚད་མགོ་ཆོག་[ཆོགས་]ནས་ཐང་བཏང་མ་འཁྲུ་ནས[ན]། །ལྕིམ་[ལྕུམ་]རྩ་ཨ་རུ་མཆུ་བསྙུང་[སྙུང་]དུར་བྱིད་བསྣན། །གཟེར་ཟུག་གང་བྱུང་གཙོ་བོ་དྲུག་གིས་བསྡུ། །ཚ་བ་ཆོག་[ཆོགས་]དཀའ་སྔོ་སྦྱོར་དེ་རྣམས་གང་ལ་ཡང༌། །སྦལ་རྒྱབ་མཚལ་དང་ཡུ་གུ་ཤིང་གིས་ཁ་ཚར་བཏག[གདབ]། །ནད་ཐོག་སྨན་སོང་ལུས་ཡང་དོན་[དང་]ཁ་བདེ། །སྙིང་རྩ་སེང་ལ་[ན་]ནད་མགོ་ནོན་པ་ཡིན། །ཡང་ན་ནད་བསླང་འཐབ་ཅིང་ན་བ་ལ། །རྗེས་ལ་གང་[གོང་]གི་རྟགས་ལྡན་ཕབ་ཆེ་[ཕལ་ཆེར་]འོང་། །བསྲེང་ཅིང་[བསྲིངས་ཀྱིན་]བཏང་ནས་གནོད་ན་མི་འཕྲོད་སྤངས། །རྒས་སམ་ཟུངས་ངན་དྲོད་ཆུ་[ཆུང་]དང་ཁ་ཞན། །དེ་ལ་གཉིས་པ་རྩི་སྦྱོར་བྱེད་པ་ནི། །རྒྱལ་བློན་ཉི་ཤུ་རྩ་བདུན་སྦྱོར་བ་སྟེ། །བསེ་རུ་མུ་ཏིག་ལྕགས་བྱེ་[ཕྱེ་]ཚ་ལ་མཚལ། །ལྔ་པ་དེས་ནི་དབྱིག་དུག་འཇོམས་པར་བྱེད། །ཨ་སྨྲི་[མྲྀ་]ཏ་དང་གྷི་ཝང་བཟང་པོ་དྲུག །དེ་རྣམས་བསྣན་པས་རྩི་དུག་འཇོམ་[འཇོམས་]པ་ཡིན། །འོམ་བུ་རེ་རལ་སེ་རྒོད་སྐྱེར་བར་ཤུན། །དེ་བཞིན་སྔོ་ལ་སྦྱར་བའི་དུག་སོལ་[སེལ་]ལ། །ཙན་དྷན་[དན་]སྤྱི་བཞུར་བོ་ངོས་[བོང་ང་]དུག་དངོས་འཇོམ[འཇོམས]། །མི་དོམ་ཕག་འཁྲིས་[མཁྲིས་]ཕྱ་ཚན་རྣམ་གསུམ་གྱིས། །རིན་ཆེན་རྩི་སྦྱོར་དངོས་དང་ཤར་[ཤ་]སྦྱོར་འཇོམས། །གང་གི་རྟགས་བྱུང་དེ་ཡི་གཉེན་པོ་བསྐྱེད། །སྟགས་[སྟག་]ཤ་གོ་སྙོད་ཁྱི་ལྕེ་ཤིང་མངར་ཚོས། །ཡུང་བ་གླ་རྩི་དྲི་ཆེན་བྲག་ཞུན་དང་། །མི་ཤི་[ཤ་]ལྕགས་ཞུན་བྱེ་མ་ཀ་ར་སྦྱར། །སིང་ལྡིང་[སེང་ལྡེང་]ཁུ་བ་ཕུལ་བས་དུག་རྣམས་འཇོམ[འཇོམས]། །ཚ་བ་ཆེ་ན་དེ་སྟེང་ག་བུར་བསྣན། །ཡང་ན་རིན་ཆེན་གཉེན་[པོ་]བྲག་ཞུན་དང༌། །ཚ་ལ་ཨ་རུ་གསུམ་སྦྱོར་རྡོ་སྦྱོར་ལ། །ཟེ་ཚ་རྨ་བྱའི་ཤ་དང་པི་ལིང༌བཏང་། །ཤ་སྦྱོར་རོ་ཚན་གསུམ་དང་མི་རའི་འཁྲིས[མཁྲིས]། །སྔོ་སྦྱོར་ལྡུམ་བུ་གསུམ་དང་བོང་ང་དཀར། །རྩི་ཡི་གཉེན་པོ་གླ་རྩི་བཟང་པོ་དྲུག །གང་གི་རྟགས་བྱུང་གཉེན་པོ་ཆེར་བསྐྱེད་ལ། །དེའི་འཁོར་དུ་བསེ་རུ་ཆོས་སྨན་ཡུང་བ་དང༌། །དཔའ་བོ་དཀར་སེར་ཁྱུང་སྡེར་དཀར་སྨུག་དང༌། །འོམ་བུ་སྐྱེར་པ་བྲག་སྤོས་ཤིང་མངར་ཚོ[ཚོས]། །ལྕགས་ཕྱེ་སེལ་[སེང་]ཕྲོམ་རྣམ་པར་སྲོ་[སོ་]མ་ར། །མཚལ་དཀར་སྤང་རྒྱན་རམ་བུ་ཀ་རའི་ཕྱེ། །རབ་ལ་ག་བུར་འབྲིང་ལ་ཙན་དན་དང་། །ཐ་མ་གྷི་ཝང་ཚ་བའི་སྟོབས་དང་སྦྱར། །ནང་ནུབ་བྲག་ཞུན་ཁུ་བས་འབུལ་[འཕུལ་]ལ་བཏང༌། །ཡང་ན་བྲག་ཞུན་དབྱིབས་[དབྱིག་]དུག་གླ་རྩི་དུག །རྨ་བྱའི་ཤ་ནི་རྡོ་དུག་ཤ་སྦྱར་ལ། །མིག་[མི་]དང་ར་ཡི་མཁྲིས་པ་རོ་ཚན་གསུམ། །སྔ་[སྔོ་]སྦྱོར་རེས་[རེ་]རལ་བོང་ང་དཀར་པོ་དང་། །དེ་ལ་བཟང་དྲུག་དོན་ལ་དེ་བཞིན་དྲུག །དེ་འཁོར་ག་བུར་ཙན་དན་གྷི་ཝང་དང་། །དེ་ནི་ཚ་བའི་གཉེན་པོ་ཡིན་ལ་ཕྱི་གཉེན་ལ། །བསེ་རུ་ཨ་རུ་ར་དང་ཚོས་[ཆོས་]སྨན་དང་། །ཡུང་བ་སྤང་རྩི་འོམ་བུ་སྐྱེར་པ་བཞི། །ཁྱི་ལྕེ་བྲག་སྤོས་ཤིང་མངར་ཧུང་[ཧོང་]ལེན་དང༌། །སྲོ་ལོ་སིང་[སེང་]ཕྲོམ་རྣམ་པར་བ་ལེ་ཀ །སྲོ་[སོ་]མ་ར་ཙ་སྤང་རྒྱན་གང་ག་[གཱ་]ཆུང༌། །དཔའ་བོ་དཀར་སེར་ལྕང་ལྡེར་[ཁྱུང་སྡེར་]དཀར་སྨུག་དང༌། །ཚ་བ་[ལ་]ལྕགས་ཕྱེ་མཚལ་ཚོས་རམ་བུ་རྣམས། །ཀ་ར་སྦྱར་བས་དུག་ཚད་རོལ་དུ་གསོད། །ཡང་ན་མི་དོམ་སྤྲིནའུ་[སྤྲེའུ་]ཕག་ནི་[ནེ་]ཙོའི་མཁྲིས། །རྨ་བྱའི་མཁྲིས་དྲུག་རེ་རལ་རོ་ཚན་གསུམ། །བསེ་རུ་ཡུང་བ་གླ་རྩི་ཨ་རུ་ར། །ཨ་སྨྲི་[མྲྀ་]གྷི་ཝང་འོ་[འོམ་]བུ་བོང་ང་དཀར། །ཙན་དྷན་[དན་]དཀར་དམར་ཡུངས་ཀ་[ཀར་]སྐྱེར་ཤུན་དང༌། །ཚ་ལ་བྲག་ཞུན་གངས་ཆུས་བསིངས་ལས་[བསིངས་པས་]དབུལ། །ཡང་ན་དོམ་དང་རྨ་བྱའི་མཁྲིས་པ་དང༌། །མཁྲིས་པ་སྣ་ཚོགས་ཁྱུང་སྡེར་ཨ་རུ་ར། །སྦལ་སྦྲུལ་ཟེར་མོའི་སྟོད་ཤ་མཆིན་མཁྲིས་བཅས། །གྷི་ཝང་ཙནྡ་[ཙན་དན་]གང་བབས་བཟང་དྲུག་དང༌། །གང་ག[གཱ་]ཆུང་རྣམས་ཀ་ར་སྦྱར་ལ་བཏང༌། །ཡང་ན་མིང་[མི་]ཕག་ཕྱི་མཁྲིས་སོ་མ་ར། །གླ་རྩི་ཤིང་ཀུན་སྤང་རྒྱན་ཁྱི་ལྕེ་དཀར། །རེ་རལ་སྐྱེར་པ་སྒོག་སྐྱ་ཆང་[ཆར་]ཉུང་རྣམས། །རིལ་ལུ་[བུ་]སྦྱར་བས་དུག་རྣམ[རྣམས་]འཇོམ[འཇོམས་]པར་བྱེད། །སྦྱོར་བ་དེ་རྣམས་དུག་གི་གཉེན་པོ་སྟེ། །དུག་ཚད་རོལ་དུ་གསོད་པའི་གདམ་[དམ་]པ་ཡིན། །ཚ་བ་ཐོན་དཀར་[དཀའ་]སྨན་དྲེད་བསོད་ནམས་ལྡན་པ་ལ། །རིན་པོ་ཆེ་ཡི་སྦྱོར་བས་བསད་པ་ནི། །གསེར་གཡུ་མུ་ཏིག་བྱི་རུ་ཙནྡ་[ཙན་དན་]གཉིས། །རྡོ་དྲག་[དྲེག་]ཅུ་གང་གུར་གུམ་ཨུ་དཔལ་[ཨུཏྤ་]དང་། །ཀ་ར་སྦྱར་བཏང་ཡང་ན་མུ་ཏིག་དང༌། །ཉ་བྱིས་[ཕྱིས་]བྱ་[བྱི་]རུ་བསེ་རུ་དཀར་པོ་དང༌། །གླ་རྩི་མི་དོམ་མཁྲིས་ཙན་དྷན་[དན་]དཀར་པོ་དང་། །ཅུ་གང་གུར་ཀུམ་ཕྱེ་མ་ཀ་ར་དང་། །རླུང་ལ་རུ་ཏ་[རྟ་]མཁྲིས་ལ་ཏིག་ཏ་དང་། །བད་ཀན་མ་ནུ་ཁྲགས་[ཁྲག་]ལ་བ་ཤ་ཀ །ཆུ་སེར་སྲོ་[སོ་]མ་དོན་སྣོད་གང་ལ་བབས། །བཟང་དྲུག་ཕོ་བ་སིང་[སེ་]འབྲུ་པི་པི་ལིང་། །ལྒང་པ་སྡིག་སྲིན་ཁ་བསྒྱུར་བཏང་བ་ཡིན། །ཁྱད་པར་དབྱིག་ལ་སྦྱོར་[སྦྱོངས་]དང་དཀར་ཀུན་སྤོང་། །རྡོ་དུག་འགྲིལ་ལ་མར་ནག་མར་རྙིངས་སྤངས། །ཤ་དུག་འདྲིད་[འདྲིལ་]འགྲོ་བས་ཉ་ཕག་རྡུལ་སྐྱུར་[རུལ་སྐྱུར་]སྤང་། །ཕྱི་[རྩི་]ཡི་དུག་ལ་གཏར་ཁྲག་ཚོད་མ་སྤངས། །དུག་རྣམ་[རྣམས་]གཉིས་[གཉེན་]པོ་སྨན་གྱིས་མ་སོད་པར། །གཏར་བཤལ་སྐྱུགས་དང་མེ་བཙའ་བྱས་གྱུར་ན། །ནད་བྱེར་དོན་ལ་འགྲོ་དང་སླང་[སློང་]བས་སྤོངས། །དེ་ལྟར་གཉེན་པོ་སྨན་གྱིས་གསོ་བའི་དུས། །ནིད་རླང་[ནད་རླངས་]རླུང་ལས་[ལ་]ཞོན་ནས་རྩ་མིག་འཁྲུག །གཟེར་འཁྱུག་[འཁྱུག་]སྐྲོངས་[སྐྲངས་]དང་ཚ་སྦྲིད་བྱུང་བར་བྱེད། །གཟེར་པར་[སར་]གཙོ་བོ་དྲུག་པོ་བསྲོ་བས་བདུག །ཡང་ན་རེལ་ལྗགས་[རེ་ལྕག་]ཤོ་མང་རྩ་བ་དང་། །སྤང་རྩི་དོན་[དོ་]བོ་བཙོས་པས་བདུག་པར་བྱ། །ཡང་ན་གང་ནའི་དངོས་པོ་བཙོས་པས་བདུག །ལྟོར་[ལྟོ་]བ་སྐྱོངས་ནས་[སྐྲངས་ན་]མཆོད་ན་[རྟེན་]སྤུ་ཡིས་བདུག །རུས་ཚིགས་ཁྲག་ཁུང་སྐྲངས་ན་བྱང་ལྟར་[ལྟས་]འགྲིབ་[གྲིབ་]ཁུང་པ། །ཁྲུ་གང་བྲུས་པའི་འོག་གི་ས་ཡིས་བདུག །ཐུར་བརྐྱང་[རྐྱང་]རླངས་ཐོན་ཙམ་གཅིག་ཅ་[རྩར་]འདུས་གཏར། །སྒལ་ཚིགས་རྩིབས་[རྩིབ་]མ་གཟེར་ས་མེ་ཡིས་མནན། །དེ་ལྟར་ནད་རླུང་[རླངས་]མ་ཐོན་ཕྱིན་[ཕྱིར་]གྲམ་ན། །ནད་རིམས་[རེམས་]གསོ་དཀར་[དཀའ་]རོ་མི་ཐོབ་[ཐོན་]པ་ཡིན། །སོད་རྗེས་ནད་མགོ་ཆོམ་ནབ་[ཆོམས་ནས་]རོ་འདོན་པས། །སྤྱི་དང་བྱེ་བྲག་སྦྱང་བ་རྣམ་པ་གཉིས། །སྤྱི་རུ་ནད་མ་རུལ་ན་ཕོ་ལོག་སྐྲངས་དུ་འགྲོ། །གང་ལྟར་ཡིན་ཡང་གར་བབས་བཤལ་གྱིས་སྦྱངས། །སྔོན་འགྲོ་ཡུན་མ་རིང་ན་འདུས་པར་བྱེད། །ཁྲུས་དང་བསྐུ་མཉེ་བྱས་ནས་སྟེང་རླུང་མནན། །མ་ནོན་ཁ་ཡན་གཟེར་འཁྱུག་བྱུང་ན་མེ་ཡིས་མནན། །མ་ནོན་ནད་བྱེར་འགྲོ་བས་དམུ་སྐྲན་འོང་། །ཕོ་ལོང་སྲིན་འཁྲུག་[འཁྲུགས་]ཟུག་ཆུང་རིལ་ལུས་[བུས་]འདུལ། །སྣ་སེལ་འབྲས་བུ་གསུམ་དང་པྲི་ཡང་ཀུན་[ཀུ]། །ལྕིམ་[ལྕུམ་]རྩ་བྲག་ཞུན་སྐྱེར་པའི་ཐང་བཏང་ལས[ལ]། །དངོས་གཞི་ཨ་རུ་སྐྱུ་རུ་གསུམ་གསུམ་དང་། །དན་ཧ་[ད་]ཚོགས་[ཚོམས་]གཅིག་དོང་ཁ་ཚིག་[ཚོམས་]གཅིག་དང་། །བྱི་ཏང་ཀའི་རིལ་ལུ་[བུ་]རྟ་ཆུས་ཕུལ། །དབྱིག་དུག་ཤིང་ཀུན་ཁ་རུ་ཚ་དང་ཆུ་དག་དང་། །ཟི་ར་མ་ནུ་བཏང་ལ་རྡོ་དུག་ལ། །ཟི་[ཟེ་]ཚ་ཚ་ལ་པི་པི་ལིང་བཏང་ངོ་། །རྩི་དུག་སྤོས་དཀར་གུར་གུམ་དོམ་མཁྲིས་དང་། །དུར་བྱིད་ཀ་ར་བཏང་ལ་ཤ་དུག་ལ། །ཀ་པེད་སྲོ་[སོ་]མ་ར་ཙ་[ཛ་]ཆུ་སྲིན་སྡེར། །དུར་བྱིད་ཀ་ར་བཏང་ངོ་ནད་སྟེང་དུ། །མཁྲིས་[ཁྲིད་]པའི་ཁ་བསྒྱུར་བཤལ་གྱིས་སྦྱང་བ་ཡིན། །བཤལ་བུངས་ཆུང་ན་ཨ་རུའི་ལྕག་གིས་བསྐུར། །མཆིན་པ་ན་ན་བྲག་ཞུན་ཁུ་བས་བསྐུར། །ཕོ་ལྒང་[བསྒངས་]ན་ན་རྒྱམ་ཚིག་[ཚའི་]ལྕག་གིས་བསྐུར། །ཡང་ན་ཨ་རུ་སྐྱེར་ཤུན་སྲོ་[སོ་]མ་ར། །དོང་ཁ་འབྲི་རྟ་[ཏ་]པ་[ས་]འཛིན་སྤང་རྒྱན་དཀར། །ལྕིམ་[ལྕུམ་]རྩ་འདུས་[བསྡུས་]ཁུར་དུར་བྱིད་བཏབ་པས་སྦྱངས། །ཡང་ན་ཐོར་[ཐར་]ནུ་དུར་བྱིད་རྨ་བྱའི་ཤ །ཧུང་[ཧོང་]ལེན་ཚ་ན་བྲག་ཞུན་གྲང་[གངས་]ཐིགས་བསྒྱུར། །རིལ་བུ་ཕྱེ་མ་གང་བདེ་ལག་ལེན་བལྟ། །གཉིས་པ་བྱེ་བྲག་སོ་སོའི་སྦྱངས་པ་ནི། །རྩེ་[རྩ་]ལ་བབ་ན་རྩ་བཤལ་སྦྱངས་པ་སྟེ། །ཤ་ལྤགས་[པགས་]རུས་ལ་བབས་ན་རྔུལ་དུ་བྱུང༌[དབྱུང་]། །ནད་འདི་ཟུངས་ལ་ཡུན་དུ་ཞེན་པའི་ཕྱིར། །བསྡུ་གསད་སྦྱང་གསུམ་ཟུངས་དང་བསྟུན་པ་སྐྱེད[གཅེས]། །སྦྱོང་བསྐོར་[ཚར་]རེའི་བར་དུ་ལུས་ཟུངས་གསོ། །ཟུངས་ངན་ནད་རྙིངས་བསྡུ་གསད་ཅིག་[གཅིག་]ཏུ་དྲིལ། །ཨ་རུ་བྲག་ཞུན་བོང་ང་དཀར་སེར་དམར། །ཅུ་གང་གུར་གུམ་གྷི་ཝང་ཆོས་སྨན་དང༌། །རེ་རལ་ཡུང་བ་དོམ་མཁྲིས་སེ་འབྲུ་དང༌། །སེ་རྒོད་སྐྱེར་པ་ཡུངས་དཀར་ཕྱེ་མ་སྦྱར། །བྲག་ཞུན་ཁུས་ཕུལ་བསྡུ་གསད་གཅིག་ཆོད་བྱ། །ཡང་ན་བོང་ང་གསུམ་དང་ཨ་རུ་ར། །གྷྲི་ཝང་བསེ་རུ་དཀར་པོ་ཙནྡ་[ཙན་དན་]གཉིས། །དོམ་མཁྲིས་གླ་རྩི་ཚ་ལ་རེ་རལ་དང༌། །ཡུང་བ་འོམ་བུ་སྐྱེར་ཤུན་ཀ་ར་སྦྱར། །བྲག་ཞུན་སེང་ལྡིང་[ལྡེང་]ཐང་གིས་ཕུལ་ལ་བཏང༌། །ཡང་ན་ཨ་རུ་ར་དང་དུག་འཇོམས་བོང་ང་གཉིས། །སྐྱེར་ཤུན་དབྱེར་བ་རྒྱུད་པའི་གྷི་ཝང་དང་། །ཚ་བ་འཇོམས་པའི་བསེ་རུ་བསུས་བྱས་ནས། །ནད་གཞི་དོན་དང་བསྟུན་ནས་སྦྱོར་ལུགས་ཡིན། །གསོ་བྱེད་འབུམ་གྱི་རིན་ཆེན་ལྟར་[ལྟ་]བུར་སྦྱར། །གངས་ཆུ་དྲི་ཆུ་ཆར་ཆུ་གསུམ་གྱིས་ཕུལ། །ཡང་ནི་[ན་]མི་དོམ་རྨ་བྱའི་མཁྲིས་ལས་[པ་]དང་། །རྨ་བྱ་མེད་ན་བྱ་ཕོ་མཚལ་བུའི་[ལུའི་]མཁྲིས། །དཔའ་བོ་དཀར་སེར་ཁྱུང་སྡེར་དཀར་སྨུག་གཉིས། །བོང་ང་གསུམ་དང་རེ་རལ་རྒྱམ་ཚ་རྣམས། །ཐོ་རང་[རངས་]ཐུན་རེ་གང་[གངས་]ཆུས་ཕུལ་ལ་བཏང༌། །ཚ་སྦྱོར་གྲང་སྦྱོར་ཐུན་མོངས་[མོང་]སེལ་བར་བྱེད། །སྐྱུག་ན་བསྲུང༌ལ་ཡང་ན་ཨ་རུ་ར། །བོང་ང་གསུམ་དང་དཔའ་བ་[བོ་]དཀར་སེར་དང་། །ཁྱུང་སྡེར་དཀར་སྨུག་གཉིས་དང་རི་ཤོ་དང་། །དུར་བྱིད་བོང་ང་དཀར་པོ་སེ་རྒོད་དང་། །རྒུ་ཐུབ་གླ་རྩི་རེ་རལ་ཚ་ལ་དང༌། །ཡུང་བ་དོམ་འཁྲིས་[མཁྲིས་]ཕྱ་ཚན་གསུམ་པོ་དང་། །ཆོས་སྨན་འོམ་བུ་ཕྲག་[བྲག་]ཞུན་སྐྱེར་པ་དང༌། །གྷི་ཝང་བསེ་རུ་ཙནྡ་[ཙན་དན་]དཀར་པོ་རྣམས། །དེ་ལ་ཉེས་པ་བབས་པའི་ཁ་འཛིན་ནི། །རླུང་ལ་རུ་རྟན་[རྟ་]མཁྲིས་པ་ཏིག་ཏ་དང་། །བད་ཀན་པི་པི་ལིང་དང་ཁྲག་ལ་ཚོས། །ཆུ་སེར་སྲོ་[སོ་]མ་ར་ཙ་[ཛ་]དོན་ལྔ་ལ། །བཟང་དྲུག་ཚ་ལ་ལི་ཤིང་[ཤི་]སྐྱེར་[སྦྱར་]བྱས་ལ། །ཟུག་ལ་མ་སྐྲག་ནད་དང་འཐབ་པ་ཡིན། །ཡང་ན་གྷི་ཝང་བོང་ང་ཨ་རུ་ར། །གུར་གུམ་ཅུ་གང་མི་དོམ་ཉ་ཡི་མཁྲིས། །སྦལ་སྦྲུལ་ཟེར་མོང་[མོའི་]སྟོད་ཤ་མཆིན་མཁྲིན་[མཁྲིས་]བཅས། །པག་[སག་]རྩི་ཕག་ཚིལ་ཀ་ར་གངས་ཆུས་འཐུལ[འཕུལ]། །ཡང་ན་རྨ་བྱ་དོམ་འཁྲིས་[མཁྲིས་]གྷི་ཝང་དང་། །རིམ་བསྐྱེད་ཀུན་དང་བྲུམ་ལ་[སྦྲུལ་ཤ་]སྟོད་ཤ་གཉམ[མཉམ]། །ཨ་རུ་བོང་ང་དཀར་པོ་སྦྲུལ་ཤ་ཉམས་[མཉམ]། །བཟང་དྲུག་གང་ལ་བབས་པ་འདྲེ་ལོག་སྦྱོར། །བྲག་ཞུན་སྤྱི་བཞུར་ཐང་གིས་ཕུལ་ལ་བཏང་། །མཆོག་ཏུ་ཟུངས་ན་[ངན་]ཤ་ཟད་སྐྱེ་བ་བཟང་། །ཡང་ན་རྨ་བྱའི་མཁྲིས་པ་བཙོད་[རྩད་]ལ་གཅིག །དགུ་ཐུབ་བཞི་དང་གླ་རྩི་བརྒྱད་ཆ་དང་། །རེ་རལ་བཅུ་དྲུག་བྱི་སྐུ་[ཀུ་]ཀུན་དང་མཉམ། །སག་རྩི་ཆ་གཅིག་མི་དང་ཉ་ཡི་མཁྲིས། །ལ་[ལོ་]བརྒྱད་དྲི་ཆུས་རིལ་བུ་བྱས་ལ་བསྟེན། །དེ་དག་ཀུན་གྱིས་བསྡུ་གསོད་ཅིག་ཆོག་[ཆོད་]ཡིན། །སྙིང་[རྙིངས་]ཚད་ཟུངས་ལ་རྩི་ལྟར་ཞེན་པའཇི་[ཕྱིར]། །དར་དྲག་ཡུན་ཐུང་དེ་ཡིས་མི་སོལ་[སེལ་]བས། །ཕོ་བའི་མེ་ཉམས་ཚད་རོ་ལུས་པ་སྟེ། །ཐུན་བསྐྱུང་ཡུན་རིང་རོལ་དུ་སོད་པ་ཡིན། །སྒབས་[སྐབས་]སུ་རྒྱུན་བཤལ་བཏང་ཞིང་ནད་རོ་སྦྱངས། །ཤིང་[ཤིན་]ཏུ་ཟུངས་ངན་འཇ་[འཇམ་]རྩི་ནི་རུས་སྤེལ། །རང་བཤལ་རོལ་[རང་]རྔུལ་བྱུང་ན་སྦྱང་མི་དགོས། །གྲང་སྦྱོར་བཅོས་པ་བྱི་བྲུན་པི་པི་ལིང་། །སྒ་སྐྱ་ཚ་ལ་འོམ་བུ་རམ་རྩི་དང་། །རྒྱ་སྐག་བུ་རམ་ཆ་སྙོམས་ཆུ་བསྐོལ་ཕུལ། །སྐབས་སུ་དུར་བྱིད་སྤོས་དཀར་པི་པི་ལིང་། །ཨ་རུ་སྒ་སྐྱ་སྦྱར་བས་ནད་རོ་སྦྱང་། །སྐྱ་རྦབ་སྐྲངས་ན་སྲད་དཀར་རྩ་བ་བསྣན། །དེ་རྗེས་མུ་ཟི་ཟངས་ཐལ་འགྲོ་[འགྲོན་]ཐལ་དང་། །ཚ་བ་གསུམ་ཐལ་གོ་[གོང་]སྟེང་བསྣན་ཏེ་སྐེམ། །སྐྲན་དུ་འདྲིལ་ན་ཟིལ་[ཟེ་]ཚ་ཡ་བག་ཤ[བཀྵ]། །ཡང་ན་ཚ་བ་གསུམ་དང་འགྲོན་ཐལ་བསྣན། །ཚ་ལ་ཨ་རུ་སྐྱེར་ཤུན་བུལ་ཏོག་སྦྱར། །ཡང་ན་གྲོན་[འགྲོན་]ཟངས་ཚ་བ་གསུམ་སོགས་ཐལ། །གང་ཏིག་[གངས་ཐིགས་]བུལ་ཐོག་[ཏོག་]ཚ་ལ་མི་རུས་བཙལ[བཙའ]། །མི་མཁྲིས་བྲག་ཞུན་ཡོན་[ཡུང་]བ་ཁུར་རྩ་དང༌། །རྣམ་སྣང་དྲི་ཆེ་གར་བབས་བཟང་པོ་དྲུག །ཨ་རུ་ཐུན་བསྐྱེད་ཆུ་བསྐོར་[བསྐོལ་]ཡུལ་[ཕུལ་]བས་གྲང་དུ་[དུག་]ཡོད[གསོད]། །འཁྲུང་[འཁྲུར་]མ་དོད་ནས་[འདོད་ན་]དུར་བྱིད་པི་པི་ལིང་། །ཚ་ལ་བ་ཆུར་སྦྱར་བས་ནད་རོ་སྦྱངས། །ཡང་ན་ཅང་ཟི་[ཅོང་ཞི་]འཕྲུལ་གྱི་ཐལ་སྨན་སྦྱར། །རྗེས་ལ་ཨ་རུ་དན་རྟག་[རོག་]རིལ་ལུ་[བུ་]བཏང་། །རྟིང་དུ་གྲང་ཡང་ཚ་ཆུལ་[ཚུལ་]སྟོན་ན་ཚ་བ་གསུམ། །ཐལ་བ་ཚ་འཇོམས་སྤྱི་སྨན་གང་འཕྲོད་བཏང་། །ཁ་ཟས་ལུགས་[ལུག་]གི་ཤ་གསལ་[གསར་]ཡིབ་སྐོམ་[སྐམ་]དང་། །ཆང་འཇམ་ཟས་སྤྱོད་དྲོད་ལ་བསྟན་[བསྟེན་]པར་བྱ། །གཉིས་པ་བྱེ་བྲག་བཅོས་ཐབས་འཇུག་སྒོ་རྫས་རིགས་དང་། །ནད་རིགས་ལྡང་དུས་བབས་སྒོ་ལྔ་ཡིན་ཏེ། །དང་པོ་འཇུག་སྒོའི་རིགས་ཀྱིས་བཅོས་པ་ནི། །དུད་པ་ཉི་ཟེར་རླངས་དུག་རྣམ་གསུམ་པ། །གཙོ་དྲུག་སྤང་རྒྱན་སྐྱེར་པའི་ཐང་སྟེང་ན[དུ]། །བོང་ང་བྲག་ཞུན་བསྣན་པས་དུད་པ་འཇོམས། །གཙོ་བོ་དྲུག་གི་ལུམས་ཀྱིས་ཕྱི་ནས་བདུག །དེ་རྗེས་དམར་པོ་གསུམ་གྱི་སྨན་མར་བསྟེན། །ཉི་ཟེར་རླུངས་[རླངས་]ལ་བདུད་རྩིའི་རླང་ལུམ་[རླངས་ལུམས་]བྱ། །ཀོར་ལེན་[ཀོ་ལེར་]ན་སྐྲངས་བྱེར་བྱུང་ཐོན་རྟགས་ཡིན། །རྗེས་ལ་གཙོ་བོ་དྲུག་གི་སྨན་མར་སྦྱར། །རིགས་[རིག་]པ་ཕྱི་ནང་རྨ་དང་ཁོང་ནས་བཅོས། །དྲི་ཆེན་དྲི་ཆུང་བཙིང་[བཙིར་]བའི་ཁུ་བ་ལ། །གུར་གུམ་གླ་རྩི་ཤིང་ཀུན་སྒོག་སྐྱ་སྦྱར། །དེ་ཡིས་ཁྲུས་བྱ་མུ་ཟི་ག་པུར་དང་། །སྲོ་[སོ་]མ་ར་ཙ་[ཛ་]སྤོས་དཀར་བུལ་ཏོག་དང་། །གླ་རྩི་ཤིང་ཀུན་བྱང་པ་གཡེར་མ་དང་། །དུད་པ་ཞིབ་བཏག་[བཏགས་]སྦང་དཀར་[གར་]བྱུགས་པས་ཤུ་བ་འགོགས། །ཡང་ན་བཟང་དྲུག་མུ་ཟི་གླ་རྩི་དང་། །བོང་ང་དཀར་པོ་སྤོས་དཀར་ཨ་རུ་ར། །ར་ལུགས་[ལུག་]བསེ་རུ་གསུམ་གྱི་གཞོབ་མར་བཀུ[བསྐུ]། །ཁྱི་ལྕེ་སྤྱང་ཚེར་སྔོན་བུལ་[བུ་]ལྕིམ་[ལྕུམ་]རྩ་ལྒ། །པི་པི་ལིང་དང་ཟིལ་[ཟེ་]ཚ་སྦྲང་རྒོད་སྦྱར། །བྱུགས་པས་མཛེ་འབྲས་ལྷོག་པ་སེལ་བར་བྱེད། །མཚེར་[མཚེ་]དང་བ་ལུ་འཁྱོར་[ཁྱོར་]རེ་ཤུག་འབྲུ་ལ། །བྲེ་གང་ཁུ་བ་བཏོན་དང་ལྡན་[ཙན་དན་]སྨུག །བཙེར་[བཙིར་]བའི་མར་ཁུ་ཕུལ་གླ་རྩི་དང་། །ཨ་རུ་ར་དང་སྔོན་བུ་འབྲས་བུ་གསུམ། །ཙན་དྷན་[དན་]དཀར་པོ་དབང་པོ་ལག་པ་དང་། །སྙིང་ཞོ་ཟླ་གོར་ཞོ་ཤ་བ་ལེ་ཀ །ཆུར་བསྡུས་ཁུ་བ་མི་ཚིལ་འབྱོར་[ཁྱོར་]གང་དང་། །ར་ཡི་ཁྲག་དང་སྦྱར་ནས་བུག་[བྱུག་]པ་ཡིན། །ཨ་རུ་རུ་རྟ་བོང་[ང་]དཀར་པོ་དང་། །མཛེ་ཚ་དོམ་དང་བ་གླང་མཁྲིས་པ་རྣམས། །རྨར་བླུག་ར་ཚིལ་དབེ་[འཇིབས་]བྱ་ཤ་རོ་ཆེ་ན། །ལྕགས་བསྲེགས་མེ་ཏོག་སྒོ་ངས་ཞག་གསུམ་མནན། །དེ་འོག་མུ་ཟི་དུར་བྱའི[བྱིད་]ཐལ་[ཐར་]ནུ་དང༌། །རྒྱ་ཚིལ་དཀར་པོ་རུ་[རུས་]པའི་ཐལ་བས་མནན། །ཤ་རོ་ཆོད་ནས་ར་རུ་བསྲེག་པ་དང་། །ཕ་བ་གོལ་གོལ་[དགོ་དགོ་]ཉིད་སྐྲད་[རྙིང་ཀྲད་]གསོལ་[གསོམ་]ཐལ་བ། །ཨ་མྲི་[མྲྀ་]ཏ་དང་སྦྱར་ནས་རྨ་ལ་བླུག[བྱུག་]།ཚ་བའི་རྨ་ནི་མེས་ཚིགས་[ཚིག་]འདྲ་སྟེ་མཆེད་ནས་འགྲོ། །དེ་ལ་བསིལ་གསུམ་ག་པུར་གྷི་ཝང་དང་། །ཨ་རུ་ར་དང་གླ་རྩི་ལྤགས་[ལྕགས་]ཕྱེ་རྣམས། །ར་ཡི་ཁྲག་དང་སྦྱར་ནས་བྱུག་པ་ཡིན། །བཟང་དྲུག་ཙན་དྷན་[དན་]དཀར་དམར་ཨ་རུ་ཏ[ར]། །གླ་རྩི་དཔའ་བོ་དཀར་སེར་སྤངས་[སྤང་]རྩི་དོ། །བསྲོ་[སྲོ་]ལོ་ཏིག་ཏ་ཞིམ་ཐི་དང་བ་གླང་མཁྲིས་པ་དཀར་[ཀ་]ར་སྦྱར། །ཁོང་དུ་བཏང་ཞིང་ར་ཁྲག་ར་ཤ་བསྟེན། །གཉིས་པ་རྫས་ཀྱི་སྦྱོར་བའི་སྒོ་ནས་བཅོས་པ་ནི། །རིན་ཆེན་སྤྱི་ཡི་གཉེན་པོ་བྲག་ཞུན་དང་། །ཨ་རུ་མུ་མེན་མུ་ཟི་ཀུན་ལ་གཅེས། །ཁྱད་པར་མཁྲིས་པ་བསྐྱེད་པ་གསེར་ལ་ཏིག་ཏ་ཟར་མ་བསྣན། །ཟངས་ལ་ཚ་ལ་མཁར་མ་[འཁར་བ་]སྒོག་སྐྱ་བསྣན། །རྔུལ་[དངུལ་]ཆུའི་གཉེན་པོར་སྟར་བུ་བ་ཆུ་བཏང་། །ཕོ་བ་ལོང་ཁར་འདྲིལ་བས་སྨན་འགྲོ་བཏང་། །ཞ་ཉེ་མཛོ་མར་རྣ་བ་བ་སྤུའི་གཞོབ་གཉིས་བསྣན། །ཡང་ན་དབྱིག་དུག་ས་གསར་དངུལ་ཟངས་ལྕགས། །མུ་ཏིག་གཡུ་བྱ་[བྱུ་]རུ་ཙན་དྷན་[དན་]དཀར་དམར་དང་། །ཨུ་དཔལ་[ཨུཏྤལ་]ཅུ་གང་གུར་གུམ་ཀ་ར་སྦྱར། །རང་རང་ངོས་འཛིན་གོང་གི་མདེལ་[མདེ་]ཁ་བསྒྱུར། །ཡང་ན་དབྱིག་གི་དུག་ལ་ར་ཁྲག་ར་ན་[རཏྣ་]སྤངས། །སྲན་མ་ཙམ་རེ་ཞག་བདུན་དགུར་བཏང་ལ་བསྡུ། །དེ་ནས་བསད་སྨན་བཟང་དྲུག་བསེ་རུ་ཨ་བི་ཤ[ཥ]། །ཨུད་པལ་[ཨུཏྤལ་]གླ་རྩི་གྷི་ཝང་ཀ་ར་དང་། །ར་ཡི་མཆིན་པ་སྦྱར་ལ་བཏང་[གཏང་]བར་བྱ། །ཡང་ན་བོང་ང་དོམ་སྦྲུལ་མཁྲིས་པའི་རིལ་ལུ་[བུ་]བཏང་། །སྡོ་སྦྱིར་[རྡོ་སྦྱོར་]སྤྱི་ཡི་གཉེན་[པོ་]ཚ་བ་གསུམ། །ཟིལ་[ཟེ་]ཚ་རྒྱམ་ཚ་ཚ་ལ་རྨ་བྱའི་ཤ །ཁྱེད་[ཁྱད་]པར་སྦལ་རྒྱལ་ཏི་ཚ་ཅོང་ཞིང་[ཞི་]མཚལ་བཏང་བས། །མཆིན་སྐྲན་མཁྲིས་སྐྲན་སྐྱེ་རྒྱུན་འགག་སྐྲངས་སེལ། །མུ་ཟིའི་གཉེན་པོ་ཆང་བཟང་པི་པི་ལིང་། །ཡུ་གུ་ཤིང་[དང་]སྒོ་[སྒོག་]སྐྱ་སྦྲང་རྩི་བསྒྱུར། །ཡང་ན་གྲང་སྦྱོར་འཇོམས་པའི་སྨན་སྟེང་ན[དུ]། །ཟིལ་[ཟེ་]ཚ་རྒྱས་[རྒྱ་]ཚ་བསྣན་པས་འཇོམས་པར་ངེས། །ཡང་ན་རྒྱ་[ཚ་]རྒྱམ་ཚ་ཁ་རུ་ཚ། །ཟིལ་[ཟེ་]ཚ་ཚ་ལ་ཚ་བ་གསུམ་སྦྱར་བཏང་། །ཤ་སྦྱོར་སྤྱི་ཡི་གཉེན་པོ་དོམ་འཁྲིས་[མཁྲིས་]དང་། །མི་རྟའི་ར་[རོ་]ཚན་དང་ནི་སྟག་ཤ་བ། །འོམ་བུ་བོང་ང་དཀར་པོ་ཚ་ལ་ཡིན། །ཁྱད་པར་ར་ལ་གུར་གུམ་ཨ་རུ་ར། །ཨ་བི་ཤ་[ཥ་]གསུམ་གཞིར་བཞག་གུར་གུམ་བསྣན[དང་]། །གཟེ་རྨོང་[སྲེ་མོའི་]སྨོང་[སྨ་]ར་བྱ་མོ་ནག་མོའི་ཤ་མནན་[བསྣན་]ནོ། །ཁྱིད་[ཁྱི་]ཡི་ཤ་ལ་དུད་པ་བྱབ་[བྱ་]བལ་དང་། །བསེ་རུ་ཙནྡ་[ཙན་དན་]དཀར་པོ་བཏང་བ་ཡིན། །ཡང་ན་འབྲི་མོག་ཁུར་རྩ་ར་ཁྲག་འཇོམས། །ཉ་ལ་སྦྱར་ན་སྐྱར་མོས་ཕོ་སྟོད་མི་བདེ་ཞི། །ལུས་པོ་འཇིག་སྙམས་[སྙམ་]བྱེད་པ་སྦལ་རྨིགས་ཤ་ཡིས་འཇོམས། །སྡོག་[སྡོམ་]ལ་སྦྱར་ན་སྐྱ་སྦབ་[རྦབ་]ལྟར་སྐྲངས་དེ་ལ་སྲད་དཀར་ཐང་། །སྡིག་པར་ལྕོང་མོ་སྦྱར་མགོ་ནག་གཉེར་ཆུང་ཁེབ[ཁེབས]། །རྨིགས་པ་སྦལ་[པ་]དཔའ་བོ་སེར་པོས་འཇོམ[འཇོམས]། །དེ་ལ་གོང་མོ་མཛོ་[མཛེ་]ཁྲག་ཏིག་ཏ་དང་། །སྦང་[སྤང་]རྩི་དོ་དང་རི་བོར་[བོང་]མཁྲིས་པ་དང་། །དོམ་མཁྲིས་ཕྱ་ཚན་གསུམ་དང་སྦྱར་བས་བཏང་། །གྷི་ཝང་སྦྱར་ན་ཁྱི་ལུད་དྲི་ཆེན་བཏང་། །སྤུ་དུག་བྲག་ཞུན་ག་བུར་གུར་གུམ་མནན[བསྣན]། །ཡང་ན་རྒྱ་ཚྭ་རྒྱ་སྐག་བྲག་ཞུན་དང་[བཏང༌]། །མཆིན་པའི་དུག་ལ་ཟེར་[ཟེ་]ཚ་མུ་ཟི་བོང་ང་དཀར། །སྤྱི་སྨན་གཞིར་གཞིག་[བཞག་]དེ་རྣམས་མདེལ་[མདེ་]ཁ་བསྒྱུར། །ཤ་སྦྱོར་སྦང་བྱེད[རྦ་བྱེ་]མགོ་[ཨོག་]དཀར་ཤ་ནི་ཀུན་ལ་གཅེས། །ཡང་ན་ཤ་སྦྱོར་གྷི་ཝང་ཉ་སྤྲེལ་མཁྲིས། །གླ་རྩི་བྲག་ཞུན་ཆོས་སྨན་སྦྱར་ལ་བཏང༌། །ཡང་ན་སྔོ་སྦྱོར་དགུ་པ་བཏང་བ་སྟེ། །རྒྱལ་པོ་རེ་རལ་བློན་པོ་བྲག་སྤོས་དང་། །ཙུན་[བཙུན་]མོ་ཧ་བོ་རེ་རལ་གསུམ་ལ་སྐྱེར་པའམ། །འོམ་བུ་པྲི་ཡང་སྐུ་[ཀུ་]དང་ལྡུམ་བུ་གསུམ། །རྩི་མར་སྤང་རྒྱན་སྟག་ཤ་དར་ཡ་ཀན། །ཐེམ་[ཐེངས་]འགའ་བཏང་སྟེ་སྔོ་ཡི་ཐང་དང་འདྲ། །སྦྱང་[སྦྱར་]དུག་ཀུན་སེལ་ཁྱད་པར་ཤ་དུག་འཇོམས། །སྤུ་སྦྱོར་རྩ་དང་སྐྲ་ལ་བབས་པ་སྟེ། །དུད་པ་སྦྱངས་བསྐྲད་[བྲང་ཀྲད་]ལྟག་སྤུའི་གཞོབ་ལས་[ལ་]སོགས། །རྗེས་ལ་རྣོན་པོ་གསུམ་གྱི་བཤལ་བཏང་སྤུ་རོ་སྦྱར[སྦྱང་]། །རྨ་བྱའི་སྒོང་དུག་བྱ་མཚལ་མཁྲིས་པ་དང༌། །སྤུ་ཤུན་[པུ་ཤུད་]ལྕོག་གིས་[ཅོ་གའི་]སྒོང་[སྒོ་]ངས་འཇོམས་པར་བྱེད། །རྩི་དུག་གཉེན་པོར་གླ་རྩི་ཨི་[ཨ་]བི་ཤ[ཥ]། །བསེ་རུ་བཟང་དྲུག་ཆོས་སྨན་གཅེས་པ་ཡིན། །ཁྱད་པར་གླ་རྩི་གཉེན་པོ་ཡིན་པས་སྒོས། །ཡང་ན་ལྷ་ཡི་བདུད་རྩིས་འཇོམས་པར་བྱེད། །དུག་དངོས་བོང་ང་དཀར་སེར་དམར་པོ་གསུམ། །ཨ་རུ་ཧ་བོ་ཕྱ་ཚན་གསུམ་དང་ཡང་[ཡུང་]བ་དང༌། །རྒྱ་ཚ་བུལ་ཏོག་དྲི་ཆུ་དག་གིས་འཇོམས་པར་བྱེད། །སྔོ་སྦྱོར་གཉེན་པོ་འོམ་བུ་ལུག་མིག་པ། །ཁུར་རྩ་སྤྲ་ཐོག་བོང་ངའི་ལོ་[མས་]འཇོམས། །ཡང་ན་གསེར་ཏིག་སྤྲ་ཐོག་ཨུག་ཆོས་དང་། །གྷི་ཝང་བསེ་རུ་བསིལ་གསུམ་གླ་རྩི་དང་། །བཙོད་[རྩད་]དང་ཀ་ར་དྲི་ཆུས་ཕུལ་བས་འཇོམས། །ཁྱད་པར་ཐང་ཕྲོམ་རེ་རལ་བ་ཤ་ཀ །ཡང་ན་རྒྱ་ཚ་སྒོག་སྐྱ་ནུ་ཞོས་འཇོམས། །སྐྲ་སྨིན་འབྱི་ནས་གསུས་པ་ཆེ་བ་ན། །འོལ་མོ་སེ་ལ་བ་ལེ་བ་ཤ་ཀ །ཞོ་ཤ་སུག་སྨེ་[སྨེལ་]ཅུ་གང་ཏིག་ཏས་འཇོམས། །དུར་བྱིད་ཐར་ནུ་དན་དྷ་[ད་]ལས་[ལ་]སོགས་ཏེ། །འཁྲུལ་[འཁྲུ་]བྱེད་གཉེན་པོས་རྒྱུན་དུ་སྦྱངས་སུ་འོང་། །དང་པོ་སེལ་[སེ་]འབྲུ་དྲོད་བསྐྱེད་བར་དུ་ཚ་[ཚྭ་]བསྣན་བཞུ། །ཨ་རུ་ལྕིམ་[ལྕུམ་]རྩ་ཐ་མ་རོ་སྦྱོང་འཁྲུ་བ་གཅོད། །འཁྲུ་བའི་དུག་ལ་ཤལ་བཏོང་[བཤལ་བཏང་]གནོད་འགྲོ་བས། །དེ་ཕྱིར་ཨ་རུ་ལྕིམ་[ལྕུམ་]རྩས་བཀྲུ་བ་ཡིན། །འདི་གཉིས་འཁྲུ་ལ་མི་གནོད་དུག་འཇོམས་སྨན། །སྔོ་སྦྱོར་ཀུན་ལ་རེ་རལ་གཅེས་པ་ཡིན། །གསུམ་པ་ན་ལུགས་སྒོ་ནས་བཅོས་པ་མཛེ་དུག་ལ། །རྩ་སྦྱངས་དྲག་པོས་སྦྱོངས་རྗེས་བ་ཤེས་[ཤས་]ཚས་བྱ་ལ། །སྐྱེར་པ་གྷི་ཝང་སྤང་རྩི་ཨ་རུ་ར། །བོང་ང་ཏིག་ཏ་བྲག་ཞུན་ཞིབས་[ཞིམ་]ཐིག་གངས་ཆུ་ཡི། །ཐང་བཏང་ཕྱེ་མ་རེག་པའི་སྐབས་སུ་བཤད་ལྟར་བཏང་། །རིལ་ལུ་[བུ་]དངོས་དང་པོ་ཞག་ལྔ་ར་འོས་བཏང་། །ཨ་རུ་རྨ་བྱའི་མདོངས་དངོས་མུ་ཟི་དང་། །ཅང་[ཅོང་]ཞི་ཀ་ར་ཁྱི་ལྕེ་ཅུ་གང་ཀ་ར་དང་། །མི་ཚིལ་ར་ཚིལ་སྦྲང་སྦྱར་རི་ལུ་བཏང་། །སྨན་རྩིས་བཅོས་པས་མཁྲིས་པ་སྣ་ཚོགས་དང་། །དངུལ་ཐལ་དུར་ཐོད་སྡོང་[ལྡོང་]རོས་ཁྱི་ལུད་དང་། །ར་ཐུག་བྲེ་[སྦྲེ་]དང་དྲི་ཆེན་ཨ་སྨྲི་[མྲྀ་]ཏ། །སྦྲང་དང་ར་ཁྲག་བུ་མོ་ལོ་ལོན་དྲི་ཆུས་བྱུག །སྨྱོ་བའི་དུག་ལ་སྤངས་[སྤང་]རྒྱན་བཟང་དྲུག་སྦྱར། །སྒོག་གཅིག་པ་[ས་]ཚུར་གུར་གུམ་ཨ་བོ་དང་། །རེ་རལ་རིམ་བསྐྱེད་ཨ་བ་སྦྱར་ལ་བཏང་། །འབྲས་བུ་གསུམ་པོ་ཆང་དུ་སྦང་ཁུ་བཏང་། །རུས་སྣའི་ཁུ་མ་[བར་]ཤིང་ཀུན་པི་པི་ལིང་། །ཁ་ཚར་བཏབ་བཏང་བདུན་དྲུག་ནུ་དབྲག་བསྲེག །འབོག་ན་སེལ་[སེ་]འབྲུ་སྒོག་སྐྱ་དོ་འབྲས་ལ། །སྨན་མར་སྦྱར་བཏང་རྗེས་ལ་གང་[གོང་]བཞིན་བསྲེག །དྲི་[གྲི་]རྒོད་དུག་ལ་བུ་མོ་ལོ་ལྔ་འམ། །ལོ་དགུ་ལོན་པའི་དོན་ལྔ་དབང་པོ་ལྔ། །ཡུང་བཞི་[གཞི་]མར་ཁུ་སྦྱར་ནས་སྔགས་འདི་གདབ། །ཨཱོ་[ཨོཾ་]ཏྲིག་ལེ་ཧྲིང་[ཧྲིང་]སཱ[སཱ་]ཧཱ། །ཞག་གསུམ་ཟས་བཀུག་བཏང་[གཏང་]བར་བྱ། །རྨ་ཁ་རྒྱུ་སྐམ་ཤུ་[ཤུག་]ལོས་རྒྱུ་ཞབས་བདུག །གྲད་སྙིང་[ཀྲད་རྙིང་]ཨ་བ་ར་[རྭ་]གཞོབ་ཁུར་བསྐང་བཅས[མཁུར་བཀང་བཅང་]། །ཨ་བི་ཤི[ཥ་]དང་རྨ་བྱའི་མཁྲིས་པ་དང་། །རྟེལ་[རྟེའུ་]ལོ་སྟག་གི་ཤ་དང་གཙོས་[གཙོད་]ཁྲག་སྦྲང་སྨྱོན་རིལ་ལུ་[བུ་]སྦྱར། །ཟ་རམས་[རེམས་]ལྟག་དགྱེ་ཉ་དང་ཆུ་བྱའི་ཁྲག །བཙོས་ཁྲ་[གཚོད་ཁྲག་]རྕོད་[རྩད་]དང་གླ་རྩི་སྦྱར་ནས་བཏང་། །རྒྱ་ནད་རིངས་[རེངས་]འཁུམས་དོམ་མཁྲིས་ཨ་རུ་ར། །ཤིང་རྟ་བོང་ང་རྨིགས་པ་སྡིག་པ་དཀར་པོའི་ཤ །མཛོ་མོའོ་མར་དང་སྦྱར་ནས་བཏང་བ་ཡིན། །སྲིན་བུ་རྩ་[སྣ་]ཟན་སྲིན་སྨན་ཁྱུར་ལ། །བྱ་ཁྱུང་ལྔ་ཡི་རིལ་ལུས་[བུས་]འཇོམས་པར་བྱེད། །སྨུག་པོ་འཇུ་སྐེམ་སྨུག་པོའི་སྤྱི་སྨན་དང་། །མང་སྦྱོར་ཆེན་མོ་ལྟག་པ་སྤྲད་པས་འཇོམས། །མཁྲིས་པ་མིག་སེར་དང་པོ་ཁྲག་བཤལ་ནི། །ར་ཁྲག་ཁྱི་ལུད་དྲི་ཆེ་[ཆེན་]སྦྱར་བའི་བཤལ། །དེ་འོག་སྐྱེར་ཤུན་ཁུ་བ་ཕུལ་ཕྱེད་སྦྱིན་ཆུ་བསྐོར[བསྐོལ]། །ལན་བཞི་ཙམ་གྱིས་སྟོད་འདྲེན་སྐྱུག་འདྲེན་བཏང་། །ཞིབ་བྱིད་[ཞི་བྱེད་]སྦྲང་དང་ར་[རྭ་]གཞོབ་ཆུང་[ཆུ་]སྦྱོར་བཏང་། །དེ་ནས་ཞག་བཞི་ལེན་[ལོན་]ནས་གང་བབས་གཏར། །རིམས་ནད་རྩར་བྱེད་[བྱེར་]སྔོ་ཐང་ཆེན་མོ་བཏང༌། །དེ་ནས་ཕྱེ་མ་བཏང་རྗེས་འབྲོས་ལམ་བསྲེག །ནག་པོ་ཐོག་བརྟན་[བརྡེག་]གཉེན་པོ་གྷྲི་[གི་]ཝང་གསུམ་ཆ་སྟེ། །ཤ་སྦྱོར་སྤྱིའི་གཉེན་པོ་ར་སྤྲེལ་མཁྲིས་གསུམ་སྦྱར། །འཁྱམ་པོ་གཟའ་ནད་གཉེན་པོ་གུ་གུལ་ནག །རེ་རལ་ཨ་རུ་གསེར་མདོག་དུས་[དུད་]པ་བྱ་བལ་མ། །དཀའ་བ་གསེར་སྐུད་རྒྱ་ཚ་[ཚྭ་]ཀ་ཤོ་ཀན་དྷ་[ཀམྡྷ་]དང་། །ར་སྤུས་[སྲུས་]རྩ་བ་ལྕིམ་ཚ་[ལྕུམ་རྩ་]རྒྱས་སྣེ་བུལ་ཏོག་འཇོམས། །ཆ་ནི་རིམ་བཞིན་ཅིག་བདུན་དྲུག་སྦྱར། །བ་ཆུའི་རིལ་ལུ་[བུ་]ཕྱེ་མ་སྨན་མར་སྦྱར། །དང་པོ་བཞི་ལ་[འོག་མ་]མདུན་[བདུན་]དུ་བཏང་། །རིལ་ལུ་[བུ་]བདུན་རེ་ཚ་བ་གླང་ཆུ་གྲང་ན་ཆང་གིས་འཕུལ། །མཚོན་མ་[ཆ་]གསལ་ཤིང་ཧོས་རྩི་ལས་[ལ་]སོགས། །ལོ་ཟླ་ཞག་དང་ཕྱི་ནང་སྦྱོར་པའི་རིགས། །ནད་རིགས་མི་འདྲ་སྣ་ཚོགས་སྟོང་འགྱུར་ཡང་། །ཞག་བདུན་བསྟེན་ན་ངེས་པར་འཚོ་བར་འགྱུར། །སྒོ་དང་སྦྱར་ནས་ཕོ་ལོག་སྡུད་གསོད་སྦྱར་[སྦྱང་]བ་དུས་གཅིག་བྱེད། །གསེར་[གཟེར་]ནད་ཆུ་འགག་གླ་རྩི་བོང་ང་དཀར། །ཆུ་སྦྲུལ་ཡང་[ཡུང་]བ་ཐ་ཀར་རྡོ་རྗེ་དང་། །འབྲི་མོག་ཁུ་[ཁུར་]རྩར་ར་ཁྲག་སྦྱར་བས་འཇོམས། །དེ་འོག་རྩ་སྦྱོངས་རྗེས་ལ་ཆུ་སྨན་བསྟེན། །བཞི་པ་ལྡང་བ་དུས་ཀྱི་སྒོ་ན་[ནས་]བཅོས་པ་ནི། །ཞག་བདུན་[དུག་]གཉེན་པོ་བཞི་བདུན་གང་[གོང་]དང་འདྲ། །ཟླ་དུག་སྔོ་སྦྱོར་བདུད་རྩིའི་སྦྱོར་པས་སེལ། །ལོ་ཡི་དུས་[དུག་]ལ་རིན་ཆེན་རྩི་སྦྱོར་བསྟེན། །ལྔ་པ་བབས་པ་[ས་]གནས་དང་སྦྱར་ཏེ་བཅོས་པ་ནི། །སྙིང་ལ་བབས་ན་མུ་ཏིག་བདུན་པ་སྟེ། །ཅུ་གང་གུར་གུམ་ར་[རེ་]རལ་འདམ་བུ་དང་། །དབང་ལག་བོང་ང་དཀར་པོ་ཀ་ར་སྦྱར། །ཡང་ན་ཙན་དྷན་[དན་]ལྔ་སྟེ་གུར་གུམ་དང་། །ག་དུར་ཏིག་ཏི་[ཏ་]སྙིང་[སྙི་]བའི་མི་[མེ་]ཏོག་དཀར། །ཡང་ན་ཤ་སྦྱོང་[སྦྱོར་]ལྔ་སྟེ་རི་བོང་སྙིང་། །ཏེ་ལོའི་གླད་[ཀླད་]པ་སྲེག་པའི་སྒོ་ང་དང་། །ག་བུར་སྣམ་[རྣམ་]སྣང་ཀ་ར་དཀར་པོ་བསྟེན། །གློ་བར་བབས་ན་ག་པུར་དགུ་པ་བསྟན་[བསྟེན]། །ཙན་དྷན་[དན་]དཀར་དམར་ཅུ་གང་གུར་གུམ་དང་། །བ་ལེ་ཀ་དང་རྒུན་འབྲུམ་རྒྱ་ཚ་དང་། །བྱིན་[བྱི་]ཐང་ཀ་དང་ཀ་ར་སྦྱར་བ་ཡིན། །ཡང་ན་ཤ་སྦྱོར་བརྒྱད་དེ་དོམ་ཤ་གླ་བའི་སྙིང་། །སྲེག་པའི་ཀླད་པ་སྲིན་བྱའི་གླད་[ཀླད་]པ་དང་། །ཧུང་[ཧོང་]ལེན་ག་པུར་ཁྲུ་གང་འོག་གི་ས། །དྲི་ཆུ་སྦྱར་ནས་བཏང་བས་བརྒྱད་པ་ཡིན། །མཆིན་བབས་གུར་གུམ་བཅུ་གཉིས་ཅུ་གང་དང་། །ཏིག་ཏ་ན་[ནཱ་]ག་གེ་སར་པུས་པ་[པུ་ཥྤ་]གཉིས། །བ་ལེ་ཀ་དང་ཨུ་དཔལ་[ཨཏྤལ་]ལི་ཤི་དང་། །པྲི་ཡང་ཀུ་དང་ཤིང་ཚ་ཤིང་མངར་ཀ་ར་སྦྱར། །ཡང་ན་ག་པུར་གུར་གུམ་ཨ་ཀ་རུ། །ལི་ཁྲི་མཚལ་དང་ཏིག་ཏ་ཧུང་[ཧོང་]ལེན་དང་། །རེ་[རེ་]རལ་གྲོང་[གྲོ་]ཆང་སྲོ་ལོས་བསིལ་[བསིངས་]པ་སྦྱར། །མཚེར་བབས་ལི་ཤི་བཅུ་གཅིག་ཅུ་གང་དང་། །གུར་གུམ་སུམ་སྨེལ་ཏིག་[ཏ་]རྡོ་དྲེག་བ་ཤ་ཀ །སྟག་སྡེར་དོམ་མཁྲིས་གླ་རྩི་ཨུད་དཔལ་[ཨུ་ཏྤལ་]ཀ་ར་སྦྱར། །ཡང་ན་སེལ་[སེ་]འབྲུ་དགུ་པ་ཤིང་ཚ་གུར་གུམ་དང་། །པི་ལིང་ཀ་ཀོ་ལ་དང་རུ་ཏ་[རྟ་]བོང་ང་དང་། །བ་ལེ་ཀ་དང་མཁྲིས་ཆེན་ཀར་[ཀ་]ར་ཆུ་གྲང་དབུལ། །ཡང་ན་ཤ་སྦྱོར་བཅུ་གཉིས་བསྟེན་པ་སྟེ། །ནད་[ནས་]ཟན་པུ་ཤུད་གླད[ཀླད་]པ་ར་ཡི་འཚེར་[མཚེར་]པ་དང་། །གླ་བའི་སོ་དང་སྟག་གི་ཤ་དང་རུས་[རུ་]རྟ་དང་། །བ་ལེ་ཀ་དང་ར་ཡི་སྙིང་ལ་སོགས། །ག་པུར་བསྲེག་པའི་བྲུན་དང་ཀ་ར་སྦྱར། །མཁལ་མར་བབས་ན་ད་བྱིད་བཅུ་དྲུག་ནི། །ཞོ་ཤ་གསུམ་དང་གུར་གུམ་ཛ་[ཛཱ་]ཏི་ལི་ཤི་སུག་སྨེ[སྨེལ]། །ཀ་ཀོ་ལ་དང་རྒྱ་མཚོའི་སྦུ་[ལྦུ་]བ་བུ་[པུ་]ཤེལ་རྩེ་དང་། །མཚེད་[མཚེ་]ཚིགས་སྲིན་བུ་དུག་མོ་ཉུང་དང་ཐ་ཀར་རྡོ་རྗེ་དང་། །སྲོ་[སོ་]མ་ར་ཙ་ཀ་ར་བཅུ་དྲུག་སྦྱར་ནས་བཏང་། །སྣོད་དུ་བབས་ན་བཤལ་ལས་ལྷགས་[ལྷག་]པ་མེད། །ཕྱི་[ཕྱེ་]མ་སེལ་[སེ་]འབྲུ་སྦྱོར་བས་སེལ་བ་སྟེ། །སུག་སྨེ་[སྨེལ་]རྒྱ་ཚ་རྒྱམ་ཚ་སླེ་ཁྲེས་[ཏྲེས་]དང་། །སྟག་[སྟར་]བུ་མ་ནུ་ཙི་ཏྲ་ཀ་དང་ད་ཏྲིག་དང་། །སྡིག་སྲིན་ཤིང་ཚ་ལ་[ལང་]ཐང་ཙེ་དང་ཨ་ཀ་རུ། །ཉུང་གཞིའི་མར་མུ་གང་[གངས་]ཆུས་སྦྱར་བ་ཕུལ། །ཁྱེད་[ཁྱད་]པར་ཕོ་བར་བབས་ན་སེལ་[སེ་]འབྲུ་དྲུག་པ་སྟེ། །ཤིང་ཚ་ལི་ཤི་རྒྱམ་ཚ་གུར་གུམ་དང་། །གོ་རྙོད་[སྙོད་]ཀ་ར་སྦྱར་ནས་བཏང་བ་ཡིན། །རྒྱུ་མར་བབས་ན་གླ་རྩི་དྲུག་པ་ཡིན། །བོང་ང་དཀར་པོ་རེ་རལ་འདམ་འབུ་[བུ་]དང་། །ཅུ་གང་ཀ་ར་མཚལ་དཀར་སྦྱར་ནས་བཏང་། །ལོང་བུ་[དུ་]བབས་ན་སྒོག་སྐྱ་བཞི་པ་སྟེ། །གཅིག་སྐྱེད་[སྐྱེས་]བྱི་ཏང་ཀ་དང་ཨ་རུ་ར། །གུར་གུམ་སྦྱར་ནས་བཏག་[བཏགས་]ཏེ་བཏང་བ་ཡིན། །ལྒང་པར་བབས་ན་སྡིག་སྲིན་དྲུག་པ་ནི། །རྒྱ་ཚ་སུག་སྨེ་[སྨེལ་]གླ་རྩི་ཉི་ལྒ་[དགའ་]དང་། །ཨ་རུ་ར་དང་སྦྱར་ནས་བཏང་བ་ཡིན། །མཁྲིས་པར་བབས་ན་ག་པུར་བདུན་པ་སྟེ། །གུར་གུམ་ཅུ་གང་ཏིག་ཏ་ཤིང་མངར་དང་། །བ་ལི་[ལེ་]ཀ་དང་ཧུང་[ཧོང་]ལེན་ཀ་[ར་]སྦྱར་ནས་བཏང་། །ཤ་དང་ལྤགས་[པགས་]བབས་རྡུལ་[རྔུལ་]དབྱུང་མང་དུ་བྱ། །དབྱུང་ཐབས་དང་པོ་གསུམ་སྦྱོར་བྱ་བ་སྟེ། །བཟང་[པོ་]དྲུག་[གིས་]དོན་ཚད་འབུལ་[འཕུལ་]བར་[བྱེད]། །ཚ་བ་གསུམ་གྱིས་སྣོད་ཚད་འབུལ་[འཕུལ་]དབུལ་[བར་བྱེད]། །འབྲས་བུ་གསུམ་གྱིས་ཕྱི་ཚད་འབུལ་[འཕུལ་]བར་བྱེད་པ་ཡིན། །སུམ་ཆར་སྦྱར་ནས་ཐོ་རངས་ཕུལ་ཕྱེད་བཏང་། །སྔ་དྲོ་རུས་ཁུས་ཕུལ་ལ་རྔུལ་དབྱུང་བྱེད། །དེ་རྗེས་ཉིན་ཕྱེད་ཆབ་ཚས་ཕུལ་བར་བྱེད། །དེ་ནས་རྒྱ་སྣེའི་སྦྱོར་བ་ཤེས་[ཤིས་]པ་སྟེ། །དུད་པ་བྱ་བལ་མ་དང་གུ་གུལ་ནག་པོ་གཉིས། །ཆ་མཉམ་དེའི་བརྒྱད་འགྱུར་རྒྱང་[རྒྱ་]སྣེ་ཀ་ཤོ་ཀན་དྷ་[ཀམྡྷ་]དང་། །བ་ཆུས་རིལ་ལུས་[བུ་]དྲིལ་བ་ཆང་གིས་ཕུལ། །གོས་དབྱིབས་[བྱིབས་]ནངས་པ་གཅིག་ལོན་རྣེ་བུ་[སྣེའུ་]བཙོས་པས་བདུག །རྔུལ་རྗེས་རླུང་སྒོ་བགེགས་ཕྱིར་བལ་དང་ཕྱིའི་[ཕྱེས་]ཆ་ཕྱ་[ཕྱི]། །ཁམས་གསོ་ཤ་གསར་ཚོགས་[ཚོ་]ཁུ་བསྟན་[བསྟེན་]པ་ཡིན། །ནད་ཟུངས་སྦྱར་ནས་གསུམ་ལྔ་ཅི་རིགས་འདོན། །གསར་[ཚད་]རྙིང་བ་སྤུར་འདོན་པའི་དཔྱད་མཆོག་ཡིན། །རུས་ཞེན་སྤུ་[སྤྲ་]བས་ཁོལ་བུར་གྲམ་པ་ལ། །རྔུལ་གྱིས་མི་འདྲོད་[འདྲོངས་]རླངས་ལུམས་བྱེད་ནས་འདོན། །ཚ་བ་ཆེ་བ་བདུད་རྩི་ལྔ་དང་གྲང་རླུང་ལ། །མི་རུས་བཙའ་མ་ས་ལ་ཐབ་བཅས་དང་། །རླུང་སྒོ་དུད་ཁུང་བཞག་ལ་སྣོད་ཟངས་སུ། །བསྐོལ་ཞིང་ཁྲི་ལ་འཕྱར་[ཕྱ་ར་]རྒྱང་[བརྒྱངས་]གླ་ལོག་པོ། །ཤིན་ཏུ་འདོན་དཀའ་རང་བྱུང་ཆུ་ལུམ་[ལུམས་]བྱ། །རྩ་ལ་བབས་ན་ནང་རྩ་རྩ་ནས་སྦྱོངས། །ཕྱི་རྩར་བབས་ན་ཁ་ཕྱེ་ཙམ་དུ་གཏར། །དེ་རྗེས་ཨ་རུ་གཡག་མཁྲིས་ཉུང་བཞི་[གཞི་]མར། །ཅོང་ཞི་བུ་མོ་ལོ་བརྒྱད་ལོན་ཆུས་སྦྱོང་། །གསུམ་པ་དུག་ནད་དུག་གིས་བཅོས་པ་ནི། །སྣ་ཁྲིད་ནང་ཡན་གྲོགས་པོ་རྩལ་དང་ལྡན། །གསོས་པའི་མཚོན་ཆ་རྣམ་པ་གསུམ་དུ་བསྟན། །རིན་ཆེན་ནང་ཡན་གསེར་དངུལ་བྱི་རུ་ཟངས། །མུ་ཏིག་བྲན་[སྲན་]མ་ཙམ་རེ་ན་[ནང་]ཡན་དཔྲ་[དཔྲལ་]ལ་ལྡེག །གཡུ་དྲུག་གྲོགས་སུ་གྲོགས་པ་[རྡོ་དྲེག་]ལྔ་ཡིན་ནོ། །གསོད་པའི་མཚོན་དུ་བསེ་རུ་དཀར་པོ་བསྣན་པས་འཇོམས། །རྡོ་ལ་ནང་ཡན་གང་ཐིག་[གངས་ཐིགས་]ཆུ་རྡོ་སྲན་འབྲུ་ཙམ། །གཡུ་དང་ཅོང་ཟི་[ཞི་]མཚལ་དཀར་རྣམ་པ་ལྔ། །ཚ་བ་གསུམ་གྱི་གྲོགས་ལ་ཟིལ་[ཟེ་]ཚ་མཚོན། །ཤ་ལ་ནང་ཡན་བུ་མོ་རེའུ་ཁྱི། །མཆིལ་པ་རྨ་བྱའི་ཤ་ལྔ་བྲག་ཞུན་གྲོགས། །གསོད་པའི་མཚོན་དུ་བོང་ང་དཀར་པོ་བསྐུར། །སྐྱུར་[གྱུར་]དུག་དངོས་ལ་ནང་ཡན་དུག་སྣ་ཅི་ཚོགས་ལ། །གྲོགས་སུ་ཨ་རུ་བདུན་འགྱུར་མཚོན་དུ་དྲི་ཆུ་བསྐུར། །རིལ་ལུ་[བུ་]བྱས་བཏང་སློང་སྡུད་ངོ་བོ་འཇོམས། །དཔེར་ན་སྲུང་མ་བདུད་དུ་བབས་པ་ལྟ་བུ་ཡིན། །གཙོ་བོ་གང་ཡིན་ངོ་ཡིས་ཟིན་པ་ན། །གཙོ་བོ་གང་ཡིན་སྲེན་[སྲན་]མ་ཙམ་སྟེ་ནང་ཡན་དུ། །དེ་བས་ཆེ་ན་དགྲར་ལྡོག་ཆེར་མི་བཏང་། །སྦྱོར་བ་འདིས་ནི་འདུ་བ་གྲོལ་བ་ཡིན། །སྨན་དང་ལྟག་པ་སྤྲད་ཀྱང་ཤིས་པ་ཡིན། །དུག་ནད་སྔགས་ཀྱིས་གསོ་བ་འདི་ལྟ་སྟེ། །ཨཱོ་[ཨོཾ་]ཀ་ལི་ཀུ་ཀུ་རི་ཧང་ཧཱུང་། །འབུ་འཛུ་དྷ་[བྷ་]སི་ཏི་[ཏི་སེ་]ད[དྷདི་]ན་ད་[དྷ་]བྷིས། བྷ་གང་འུང་།ཨ་ན་བྷིས།དྷིས་[རྡེས་]གང་འུང་།བྷིས་པ་རི་ཀ་བུང་[འུང་]། །བྷིས་གང་འདི་[དྷི་]བྷིས། །ཧ་ར་ཧ་ར་མེ་ཧཱུང་[ཧཱུཾ་]ཁྱི་ས[སཱ་]ཧཱ། སྲབ་བྷ་ར་བྷིས། ལི་[ལ་]ཧི་ཀ་རོ་ཨ་མྲི་[མྲྀ་]ཏ། ཀ་རི་པ་ནི་ན་ཧ[ཧེ]། མ་ཧ་[ཧཱ་]དྷེ་ཧོ[དེ་རོ]། ནེ་[ནི་]ལེན་ཀན་ཧོ་[དྷ་]ཧོ་[ཏོ་]ཧོར་ཙ། ཧ་རི་བྷིས། ནན་ཏི་བྷིས། དུག་ཡོད་དགོས་[དོགས་]པའི་ཟས་ཟ་ན། །དང་པོ་འདི་ལ་བརྒྱ་རེ་བཟླས་ནས་བཟའ། །ཨཱོ་[ཨོཾ་]ཤེད་ཤེད་ས[སྭཱ་]ཧཱ། ཟོས་རྗེས་སྔགས་འདི་བརྒྱ་ཏེ་བཟླས་པ་ཡིན། །ཨཱོ་[ཨོཾ་]ཤེར་ཤེར་[ཤེད་ཤེད་]བི་ཤེད་ས[སྭཱ་]ཧཱ། །བཙན་དུག་བྱུང་ན་སྔགས་འདི་སྨན་བཏབ་བཏང་། །ཨོ་[ཨོཾ་]ཀྲུག་ལེ་ཧྲི་ཁ།ཉི་ཤུ་རྩ་རེས་རང་ཉིད་སྲུང་བ་སྟེ། །ཨཱོ་[ཨོཾ་]ཀ་ལི་ན་འབིབས་ཡན་ཆད་ཡིན། །བརྒྱ་འམ་སྟོང་གིས་གཞན་གྱི་དུག་ནད་སེལ། །བཙན་དུག་ཤ་དུག་སྦྱར་དུག་མ་ལུས་སེལ། །ཙེག་འཕྲོག་གསེར་གྱིས་བྲིས་ནས་བཏག་[བཏགས་]པས་ཐུབ། །དེ་ནི་གསོ་བའི་ལོག་གནོན་བསྟན་པ་ནི། །ཟས་དང་སྤྱོད་ལམ་འཁྲུལ་ནས་ལོག་པ་དང་། །གདོན་གྱིས་ལོག་དང་བླ་གཉེན་[གཉན་]འཐོར་བུ་ལོག །འདུ་བ་ལོག་དང་གཅོང་དུ་ལོག་པའོ། །ཟས་སྐྱོན་ལོག་པ་སྐྱོན་ཉིད་ལྡོག་འགྱུར་ན། །ལོང་[ལོག་]དུས་གསོད་ཅིང་སྦྱངས་པས་རོ་མི་ལུས། །གདོན་གྱིས་ལོགས་[ལོག་]པ་མོ་ཕྱ་[ཕྱྭ་]རིམ་འགྲོས་[གྲོས་]བཅོས། །བླ་གཉའ་[གཉན་]འཐོར་བུ་གང་བྱུང་ནད་རྣམ་[རྣམས་]བསལ། །མགོ་དང་གླད་[ཀླད་]པ་ན་ན་ག་པུར་དགུ་པ་ནི། །ཅུ་གང་བྲག་ཞུན་ཏིག་ཏ་ཨ་རུ་ར། །བཙན་དུག་ཙུང་[ཙན་དན་]ཡུང་བ་བ་ལེ་བ་ཤ་ཀ །ཕུག་རོན་སྒོང་མར་སྦྱར་ལ་ར་མཁྲིས་ཆུ་ཡིས་དབུལ། །གཉེན་པོ་བཞི་སྦྱར་གཡག་མཁྲིས་བ་སྤྲུ་དང༌། །གླ་རྩི་ལྕམ་པ་སྐྱེས་པའི་ཆུ་ཡིས་ཕུལ། །ཡང་ན་ཧོ་[རྡོ་]སྦྱོར་དྲུག་པས་སེལ་བ་སྟེ། །གང་ཏིག་[གངས་ཐིགས་]སྦལ་རྒྱབ་ཚ་ལ་ཅོང་ཞི་དང་། །ཕ་ཝང་ལོང་བུ་འཁྲུག་[འབྲུག་]རུས་སྦྱར་བས་སེལ། །མིག་དམར་ཚ་འགྲིབས་བྱུག་སྨན་ག་སྤུར་[པུར་]དང་། །གླ་རྩི་མར་དཀར་པག་[སག་]རྩི་ཨ་རུ་ར། །སྐྱེར་པ་ནུ་ཞོ་སྦྱར་བྱུག་གཏར་ཁ་བྱ། །ཡང་ན་འབྲས་བུ་སྐྱེར་པ་གོ་སྙོད་ཨ་འབྲས་དང་། །ཀ་ར་བ་མར་སྦྱར་བས་བྱུག་པར་བྱ། །མིག་འགྲིབས་དོམ་[མཁྲིས་]གླང་རོག་མཁྲིས་པ་བཏང་། །གྲེ་བ་འགགས་ན་བ་གླང་མཚེར་སྐམ་པ། །ལི་ཤི་ཆུ་གྲང་སྦྱར་ནས་བཏང་བ་ཡིན། །ཡང་ན་མཚེར་པའི་སྦྱོང་[སྦྱོར་]བ་སྤང་རྒྱན་བོང་ང་དང་། །སེ་བའི་མེ་ཏོག་འཕང་མའི་བསྡུས་ཐང་བཏང་། །ཡང་ན་སྤང་རྒྱན་ཅུ་གང་ལི་ག་དུར། །རུ་ཏ་[རྟ་]སེལ་[སེ་]འབྲུ་སྲོ་ལོ་སྲིན་བྱའི་ཤ །ཡང་ན་ཨ་རུ་བདུན་ནམ་གཅིག་བསྲེག་ཐང་། །ཡང་ན་སེ་རུམ་[རུལ་]ཁུ་བ་སེ་རྒོད་པར་[བར་]ཤུན་དང་། །གླ་རྩི་བསྡུས་པའི་གདུས་ཐང་བཏང་བ་ཡིན། །གློ་སྙིང་གདུང་ན་གྷི་ཝང་གསུམ་སྦྱར་བཏང་། །གཡེར་མ་ཀ་ར་གསུམ་གྱི་སྦྱོར་ཐང་བཏང་། །སྙིང་འཕྱོང་[འཕྱོ་]སྟབས་སིང་[སྟབ་སེང་]མང་[ཆང་]དུ་སྦངས་ཁུ་ལ། །ཛྭ་[ཛཱ་]ཏི་བཏབ་དུ་[བཏང་]བདུན་པ་མེ་ཡིས་མནན། །གློ་བསྐམ་མང་ལུ་བུར་དཀར་ཏིང་ཁྲོལ་བཏང་། །མཆིན་པ་ན་ན་བ་མཁལ་སྨུག་པོའི་ཐང་། །མཁལ་གཟེར་པི་པི་ལིང་ངམ་ཞོ་ཤའི་ཐང་། །ཕོ་བ་སྦོས་ན་རྒྱམ་ཚ་ཤིང་ཚ་དང་། །རུ་རྟ་གསུམ་གྱི་ཐང་བཏང་སེལ་བ་ཡིན། །ཕོ་ལོག་གླང་ཐབས་ནད་ལ་སོགས་འཆའ་[སོ་ཆ་]དུར་བྱིད་དང་། །དོམ་འཁྲིས་[མཁྲིས་]ཨ་རུའི་ཐང་བཏང་རྒྱ་བཤལ་བྱ། །ཡང་ན་རེ་རལ་དྲུག་པའི་ཐང་བཏང་སྟེ། །ཨ་རུ་གུར་གུམ་རྒྱ་ཚ་ཐལ་ཚ་བཏང་། །ཡང་ན་རྒྱ་ཚ་ཁ་རུ་ཚ་དང་རུ་[རྭ་]ཚ་དང་། །ཐལ་ཚ་དྲི་ཆུའི་ཚ་ཐང་བཏང་པས་སེལ། །ཕོར་[ཕོ་]བར་འགྲིལ་ན་རྒྱམ་ཚ་སེལ་[སེ་]འབྲུ་སུག་སྨེ་[སྨེལ་]དང་། །དེ་ཡི་ཐང་བཏང་ཨ་རུ་གོ་སྙོད་དང་། །མི་ཤ་མར་ནག་བསྐོལ་བའི་དྲོད་སྣུམ་བདུག །ཁྲག་ཏུ་འཁྲུ་སྐྱུག་ཕྱ་ཚན་ཅུ་གང་དང་། །ག་པུར་གུར་གུམ་རེ་རལ་རིམ་པས་བསྐྱེད། །ཁྱེ་འུས་འཐུང་བའི་ནུ་ཞོ་སྦྱར་ལ་བཏང་། །ཆུ་འགགས་གླ་རྩི་གཟེ་མའི་གདུས་ཐང་བཏང་། །རྒྱུན་འགགས་སྨད་འདྲེན་བིག་པན་ཁུ་བས་བཏང་། །སྐྱུག་གམ་འཁྲུ་ན་ལྕིང་[ལྕི་]བའི་སྦྱོར་བ་ནི། །འཚེའུ་སྐྱོ་ཁུ་[མཚེའུ་སྐྱོང་གི་]ཁྲུ་གང་འོག་གི་ས། །བེའུ་ནུ་འཐུང་ལྕི་བ་ཆུ་སྦྱར་ནས། །བཙག་ཁུར་སོ་མ་ར་ཙ་[ཛ་]བཏབ་ལ་བསྐོལ་ལ་བཏང་། །འཁྲུས་འབྱམས་ལུག་ཤའི་ཚོགས་[ཚོ་]ཁུ་ནས་ཟན་བྲུན་བཏབ་བཏང༌། །གཞན་ཡང་གཅོད་སྨན་འཚོགས་ཚད་ཞོ་འབྲས་སྦྱར། །སྨན་ཟས་འཇུ་དཀའ་སྦང་སྐམ་བསྲོས་པས་བདུག །རྒྱམ་ཚ་པི་པི་ལིང་གི་བསྡུས་ཐང་བཏང་། །ཤ་ཟོས་ན་ན་ཁུ་ཁྲག་སྐྱུག་ན[བྱ]། །ཤ་ཁུ་སྣ་མང་ཚ་[ཚྭ་]བཏབ་དགོངས་མོ་བཏང་། །ནང་པར་ར་ཁྲག་དྲོད་མོ་ཚུག་[ཚུགས་]ཚད་བཏང་། །ཅུ་གང་དེ་རྗེས་སེ་འབྲུ་ལྔ་པ་སྦྱར། །ནང་བློན་[ནད་རླངས་]ཁོལ་བུར་གཟེར་ན་ཅེར་ཁན་དྷ[སྐྱེར་ཁཎྜ]། །མདའི་[རྟ་ཡི་]ཕྱ་ཚན་ཆུ་སྦྱར་ཡང་ཡང་བཏང་། །ཁོལ་བུར་གཟེར་འཕོ་མ་ནུ་བཞི་ཐང་བཏང་། །གཉའ་བ་རིངས་[རེངས་]ན་གསེར་[སེར་]ཤའི་ཐང་བཏང་གླང་གི་གཉས་[གཉའ་]ཤས་བདུན་[བདུག]། །ཡན་ལག་རིང་[རེངས་]ན་གླ་རྩི་བཞི་པ་སྟེ། །བོང་ང་སྤང་སྤོས་ཛ་[ཛཱ་]ཏི་བཞི་སྦྱར་ནས། །མོ་ལོ་ལྔ་ཡི་ཆུ་ཡིས་སྦྱར་ནས་བཏང་། །དེ་རྗེས་རིམ་[རམ་]པའི་གདུས་ཐང་བཏང་བ་ཡིན། །མཚན་བཅོས་[ཚན་བཙོས་]སྔོ་ཐང་ཁུ་བ་བྲན་པས་བདུག །ལྷུ་ཚིགས་སྦྱིན་[སྦྲིད་]ན་ཉུང་མ་བཅོས་[བཙོས་]ཁུ་སྦྱར། །ར་ཡི་འོ་མ་ཉ་ཁུ་རྒོད་གཡག་ཤ །ཁུ་བ་བུ་[བུད་]མེད་སྦྲུམ་མའི་ཆུས་ཕུལ་བཏང་། །སྲེན་[པྲན་]རྩེ་རུས་ཚིགས་ན་ན་མི་ཕྱུག་[ཕྱུགས་]ནེ་སེག་གང་རུས་[རུང་]ཐང་བཏང་ངོ་། །ཆུ་སེར་སྐྱེས་ན་རུ་རྟ་བཞི་པ་ནི། །ཙི་ཏྲ་ཁ་དང་བོང་ང་དཀར་པོ་དང་། །གཡག་གི་མཁྲིས་པ་འབྲས་བུ་ཐང་ཕུལ་ལོ། །མཛེ་འབྲས་འབྲུམ་པ་བྱུང་ན་ཙནྡ་[ཙན་དན་]དམར་པོ་དང་། །རྕོད་[བཙོད་]དང་མར་ཁུ་སྦྱར་ནས་བྱུགས་པ་ཡིན། །ལྤགས་[པགས་]པ་ཚ་ཚག་བྱེད་ན་ཅུ་གང་རེ་རལ་དང་། །གང་[གངས་]ཆུས་བྱུག་སྟེ་ཡང་ན་སེ་སྐྱེར་གྱི། །བར་ཤུན་བསྲོ་[སོ་]མ་ར་ཙ་[ཛ་]བྱུག་ནས་གཙོ་བོ་དྲུག །ཆུ་དང་སྦྱར་བས་[བའི་]ལྕག་གིས་རྒྱབ་[བརྒྱབ་]པ་ཡིན། །དེ་ལས་སྦོས་དང་གཉིད་གཡེར་[ཡེར་]སྣ་ཁྲག་འཛག་པ་དང་། །རྔུལ་འབྱམས་ལ་སོགས་ཚ་བ་སྤྱི་བཅོས་འཁྲུལ[འཕྲུལ]། །གཞན་ཡང་དབུགས་མི་བདེ་ན་ཁུར་བསྐུར་ཞིང་། །རོ་སྟོད་མི་བདེ་རྡོ་བ་འཕང་ལ་འདེག །རོ་སྨད་ན་ན་རྟ་ཞོན་འདུར་བ་དང༌། །རྐད་[རྐེད་]པ་ན་ན་ས་ཕག་ཁུར་ལས་སོགས། །ལུས་སྦྱོངས་དལ་བུས་རྩ་ནད་རང་སར་འགྲོལ། །འདུ་བ་ལོག་ན་རླུང་མཁྲིས་བད་ཀན་གསུམ། །བཅོས་གཞུག་ཕལ་ཆེར་ཕོ་བའི་མེ་འཆོར་དགོས[དོགས]། །མཆིན་ཚད་སྐྱེ་ཞིང་ལོང་དུ་རླུང་འཕེལ་བྱེད། །དེ་ལ་དྲོད་བསྐྱེད་སེལ་བུ་[སེ་འབྲུ་]མེ་ཐུང་[ཐུར་]དང་། །ལུག་ཤ་གསར་འཇམ་བཏང་བས་སྨ་[སྨད་]རླུང་སེལ། །རྗེས་ལ་འཐར་[ཐོར་]བུའི་རླུང་སྐྱེས་གཉིད་མེད་ཅིང༌། །གཡལ་མང་འབོག་སྨྱོས་འཕྱོ་འདར་འབྱུང་སྲིད་པས། །རུས་ཐ་[ཐང་]ཚོད་[ཚོ་]ཁུ་བུར་ཆང་བསྐུ་མཉེ་བྱ། །ཐལ་དྲེག་[དྲགས་]ཟུང་[ཟུངས་]ཟད་རླུང་འགྱུར་ཚ་བར་ལྡོག །དང་པོ་རང་ནས་[གནས་]རླུང་སྐྲན་གྱུར་སོང་མོངས་[མང་]། །ཕལ་ཆེན་[ཆེར་]དམུ་སྐྲན་གཅོང་དུ་ལོག་པ་ཡང་[མང་]། །སྐྲན་དུ་ལོག་ན་རྒྱ་ཚ་རྒྱམ་ཚ་དང་། །ཤིང་ཚ་མཛེ་ཚ་བིག་པན་ཚ་བ་གསུམ། །རུ་རྟ་ཨ་བྱག་སྲོ་ལོ་ཨ་རུ་ར། །ཆང་སྦྱར་སུམ་ཡར་བཏང་ནས་སྐྲན་བཤིག་སྦྱང་། །ཡང་ན་འབྲས་བུ་གསུམ་དང་སེལ་[སེ་]འབྲུ་དང་། །སྐྱུ་རུ་ཤིང་ཚ་དབྱི་མང་[མོང་]ཚ་བ་གསུམ། །སྤང་རྩི་བུར་[བུ་]རམ་སྦྲང་དང་སྦྱར་ལ་བཏང་། །དམུ་ཆུར་ལོག་ནས་དང་པོ་མགོ་སྐྲངས་དུས། །རེ་རལ་རི་ཤོ་ཁྱི་གླད་[ཀླད་]ར་འོ་སྦྱར། །ཁོང་དུ་བཏང་དང་ཕྱི་ནས་བྱུག་པ་བྱ། །གྷན་དྷ་[གནྡྷ་]པ་ཏྲ་རྒྱ་རུ་ཙི་ཀྲ་[ཏྲ་]ཀ །དོམ་མཁྲིས་འབྲས་ཀྱི་ཆུ་ཡིས་ཕུལ་ལ་བཏང་། །མཚེ་ཡི་ཐལ་བ་ར་དམར་[མར་]སྦྱར་བས་བྱུག །ཆུར་སྨིན་བཤལ་སྦྱང་སེ་འབྲུ་སྐྱུ་རུ་ར། །འགྲོན་ཐལ་ཤིང་མངར་རྒྱ་ཚ་པི་པི་ལིང་། །ཤིང་ཚ་ཨ་རུ་སྦྲང་དང་ཉུང་མ་ལས། །སྦྱར་བའི་རིལ་ལུ་[བུ་]གསུམ་གསུམ་བཏང་པས་སྐེམས། །དམུ་སྐྲན་གསོ་བའི་སྐབས་དང་འཁྲུལ་[འཕྲུལ་]ནས་བཅོས། །བཅོས་རྗེས་ཕྱིར་མི་ལྡོག་པའི་རྗེས་གཅོད་ཐབས། །ཟས་སྤྱོད་གང་འཕྲོད་སླང་[བླང་]ནས་སྨན་དཔྱད་སྐྱར་[བསྐྱར]། །སྨན་འདྲེས་[དྲེད་]ནད་ལ་མི་རྐོ་སྨན་དཔྱད་སྤོར། །གང་ཕན་སྨན་ལ་སྐྱོར་ན་སྨན་དྷ་[རྟ་]སྒྱུར། །དུག་ནད་ལུས་ལ་ལོ་ཟླར་ཞེན་པའི་ཕྱིར། །ཡང་ཡང་བསྐྱར་ནས་ཚ་བ་རྩད་ནས་འདོན། །ཞེན་ཆེ་དག་ལ་སྦྱོངས་རྗེས་ཆུ་ཚན་བྱ། །འབྲིང་ལ་འཁྲི་[ཁྲི་]ལུམས་ཐ་མ་རྔུལ་དུ་དབྱུང་། །ཟས་སྤྱོད་གནོད་པས་མི་ལྡང་རྕོད་[རྩད་]ཐོན་པས། །ཨ་རུ་དོམ་མཁྲིས་བོང་ང་བྲག་ཞུན་བཞིས། །ཆུ་བསིང་ཟླ་ཕྱེད་བསྟེན་པས་ལུ་[ལོག་]མི་བསྲིད[སྲིད]། །དེ་རྗེས་གཙོ་བོ་དྲུག་དང་དམར་པོ་གསུམ། །འབྲས་བུ་གསུམ་དང་སེལ་[སེ་]འབྲུའི་སྨན་མར་ལ། །བཟང་དྲུག་མངར་གསུམ་སྦྱར་ལ་བཏང་[གཏང་]བར་བྱ། །དེ་ཡིས་ལུས་བརྟན་ཕྱིར་མི་ལྡོག་པར་བྱེད། །ཡང་ན་སྤང་རྒྱན་དཀར་པོ་ཙནྡ་[ཙན་དན་]དང་། །རེ་རལ་མེ་ཏོག་ཕུག་རོང་[རོན་]བྲུན་ལ་སོགས། །སྨན་མར་སྦྱར་ལ་མངར་[མངལ་]ཁྲག་ཕག་ཚིལ་དང་། །རིལ་མ་སྦྲང་དང་སྦྱར་ནས་བཏང་བ་ཡིན། །ཉ་ཕག་བཤུལ་ཤ་རུལ་སྐྱུར་དང་པོའི་རྟ། །རྟ་རྒྱུག་བུད་མེད་ལོ་ཡི་དུས་བར་བསྲུངས། །དེ་ཡིས་ཚེ་སྲོག་འཚོ་བའི་གཉེན་པོ་ཡིན། །ཞེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་སྦྱར་དུག་བཅོས་པའི་ལེའུ་སྟེ་བརྒྱད་ཅུ་གྱ་བརྒྱད་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 2:47 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།