སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ང་དགུ་པ། བལ་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ང་དགུ་པ། བལ་ནད་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ།དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །བལ་ནད་བཅོས་ཐབས་འདི་ལ་རྒྱུ་རྐྱེན་དབྱེ་བ་དང་། །རྟགས་དང་བཅོས་ཐབས་བཞི་ཡིས་བསྟན་པར་བྱ། །རྒྱུ་རྐྱེན་མེ་དྲོད་མི་སྙོམས་ཆུང་བ་དང་། །དྲོད་རླངས་ཆེ་བའི་ཡུལ་དུ་ཆུང་[ཆུ་]མང་འཐུང་། །ཟས་ཚོད་མི་ཟིན་ཟ་རིད་ཤིང་ཐོག་འབྲུ། །ཟས་བཅུད་ལུས་ཀྱི་མེ་དྲོད་ཕྱིར་ལ་བསྟོན[བཏོན]། །ཕྱི་ཡུལ་དྲོད་རླངས་ཆེ་བས་མཆིན་ཚད་བསྐྱེད། །ལུས་ཀྱི་ཆུ་ཁམས་ཐུར་ཕུལ་འཁྲུ་བར་འགྱུར། །གཉིས་པ་དབྱེ་བ་རླུང་འཁྲིས་[མཁྲིས་]ཁྲག་དང་བད་ཀན་བཞི། །གསུམ་པ་རྟགས་ནི་སྙིང་ཁ་རྕིབ་ལོགས་བཤང་དགུ་[ལམ་]གཟེར། །ལུས་སྙོམ་ཁོང་པ་སྦས་[སྦོ་]ལ་ཟས་མི་འཇུ། །མ་སྨིན་ཆུ་སྦྱོར་སྨིན་པ་དེ་ལས་བཟློག[ལྡོག] །རླུང་གྱུར་སྦུ་[ལྦུ་]བ་སྒྲ་བཅས་བུར་ཁུ་འདྲ། །ཆུ་འཁྲུ་སྐབས་སུ་འགགས་ནས་གོང་བུར་འབྱུང་། །ཁ་སྐམ་རྒྱུ་མ་བཅད་ཙམ་གཟེར་ལ་བ་སྤུ་ལྡོག།མཁྲིས་གྱུར་སེར་ནག་སྔོ་ལ་དྲི་མ་ཆེ། །བཤང་ཁ་ཟ་ཞིང་ལུས་རྔུལ་སྐོམ་ལ་དང་[དད]། །ཁྲག་གྱུར་ཁྲག་ཏུ་འཁྲུ་ལ་བཤང་[གཞང་]ཁ་རུལ། །བད་གྱུར་འཁྲུ་དཀའ་གཉིད་ཆེ་ཡི་ག་འཆུས། །བཞི་པ་བཅོས་ཐབས་མ་སྨིན་དང་པོའི་དུས། །ནང་ནུབ་ཆུ་ཚན་བཏུང་ཞིང་བསྙུང་བ་[སྨྱུང་བར་]བྱ། །སེལ་[སེ་]འབྲུ་བིལ་བ་ད་ཏྲིག་ཟུར་པ་ལྒ། །འུ་སུའི་ཐང་གིས་སྨིན་བྱེད་འཁྲུ་བ་གཅོད། །བཤང་འགྱིང་བྱི་ཏང་ཀ་དང་འབྲས་བུ་གསུམ། །པི་པི་ལིང་བསྐོལ་ཁྲུས་དང་[བཏང་]ནི་རུས་སྦྱངས། །འབྲས་སམ་ཕྱེ་སྤོད་བྲན་པའི་ཐུགས་[ཐུག་]པ་བླུད། །ལུག་དང་བ་གླང་སྐམ་པའི་[སའི་]ཤ་གསར་དང་། །དར་སར་[གསར་]ཆང་སར་[གསར་]བསྐོལ་གྲང་མེ་དྲོད་སྦྱར། །ཟས་སྤྱོད་བསིལ་དྲོད་མཉམ་ནས་སྙོམས་པ་གཅེས། །བླ་ལྒང་གླ་སྒང་]བོང་ང་དཀར་པོ་བིལ་བ་ལྒ། །ཤིང་ཀུན་དུག་མོ་ཉུང་ཁུ་བསྡུས་འཇམ་བླུད། །བིལ་བ་འུ་སུ་བླ་[གླ་]སྒང་བ་ལེ་ཀ །དོང་ག་བསྐོལ་གྲང་ཁུ་བ་བླུད་པར་བྱ། །འཁྲུ་བ་མ་སྨིན་མི་བཅད་ཉེས་པ་ཆེ། །སྟོབ་[སྟོབས་]ཆུང་ཟས་སྤྱོད་གཟབ་ལ་བཏང་སྙོམས་བྱ། །རླུང་གྱུར་བིལ་བ་སྒ་དང་པི་པི་ལིང་། །བུ་རམ་ཏིལ་མར་སྦྱར་བཏང་འོ་དྲེན་[དྲོན་]བླུད། །མཁྲིས་གྱུར་དུག་མོ་ཉུང་དང་བོང་ང་དཀར། །འབྲས་ཁུ་སྦྲང་དང་སྦྱར་ལ་བླུད་པར་བྱ། །བོང་ང་དཀར་པོ་དུག་ཉུང་བ་ལེ་ཀ །སིལ་[བིལ་]བ་བླ་སྒ་[གླ་སྒང་]འབྲས་ཁུ་སྦྲང་སྦྱར་བླུད། །ཁྲག་གྱུར་ཏིལ་ནག་ར་ཡི་འོ་མའམ། །ཡང་ན་ཙན་དན་འབྲས་ཁུ་སྦྲང་སྦྱར་བཏང་། །ཧུང་[ཧོང་]ལེན་སྐྱེར་ཤུན་རྒྱ་སྐག་པི་པི་ལིང་། །སྨན་མར་འབྲས་ཀྱི་ཐུག་པ་སྦྱར་ལ་བཏང་། །བད་ཀན་ལས་གྱུར་བིལ་བ་ཨ་རུ་ར། །ལྒ་དང་བླ་[གླ་]སྒང་བསྐོལ་བའི་ཁུ་བ་བླུད། །པ་ཏྲ་བླ་[གླ་]སྒང་བིལ་བ་མོན་ཅ་[ཆ་]ར། །ལྒ་དང་འུ་སུ་བུ་རམ་དར་བཅས་བཞིན[བྱིན]། །བཅོས་རྗེས་གཅིན་མང་བཤལ་[བཤང་]བ་ཉུང་ལ་སྐའ[སྐ]། །ཕྱེན་གྱི་སྒྲ་ཐོན་ཟས་འཇུ་ནད་བྱང་རྟགས། །ཟས་དང་སྤྱོད་ལམ་གཟབ་པས་འཚོ་བར་འགྱུར། །ཅེས་གསུངས་སོ། །

            གསོ་བྱའི་ནད་འབུམ་ནག་པོ་ལས་བལ་ནད་བཅོས་པའི་ལེའུ་སྟེ་ལྔ་བཅུ་དགུ་པའོ།།  །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:06 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།