སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་དོན་གཉིས་པ། སུར་ཡའི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་དོན་གཉིས་པ། སུར་ཡའི་ནད་བཅོས་པ། 

དེ་ནས་ཡང་འཚོ་མཛད་སྨན་གྱི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །སུར་ཡའི་ནད་ལས་[ལ་]གྱུར་ཚུལ་དབྱེ་བ་དང་། ། རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན། །གྱུར་ཚུལ་ཟས་སྤྱོད་རྐྱེན་གྱིས་དབྱེ་[འཕེལ་]བ་དང༌། །མཚོན་ཁྲག་འཁྱིལ་དང་འཁྲམ་[འགྲམས་]ཁྲག་གཏར་མ་ཐོན། །དུག་རིམ་[རིམས་]ཚ་བ་གསལ་[རྩར་]བབ་མ་འཆུན་[གཏར་]པས། །ངན་ཁྲག་ཆུ་སེར་དོན་སྣོད་རྩ་མིག་འདུས། །སྐྲང་ཞིང་རྣག་སྟེ་འབྲས་བཞིན་འགྱུར་བ་ནི[ཡིན]། །གཉིས་པ་དབྱེ་བ་གློ་མཆིན་མཁལ་མ་ཕོ་ལོང་ལྔ། །བཞི་[གསུམ་]པ་རྟག་[རྟགས་]ནི་གློ་ཡི་སུར་ཡ་མཆིན་[མཆན་]འོག་སྐྲངས། །སྟོད་གཟེར་གློ་མ་[མང་]མཆིན་པ་མཆིན་སྟེང་སྐྲང་། །སྟོང་[སྟོད་]བརྒྱང་ཉལ་མི་ཤེས་ལ་མཁལ་མ་ན་[ནི]། །མཁལ་སྟེང་སྐྲངས་ཤིང་དྲི་ཆུ་སྲི་བ་ཡིན། །ཕོ་ལོང་སྦོས་འཁྲོག་བྱེད་ཅིང་སྟེང་དུ་སྐྲངས། །ཀུན་ཀ་[ཀྱང་]སྨིན་ནས་རྣག་ཁྲག་ཤེས་[ཤེ་]རུལ་འཛག །སྐབས་སུ་སོག་[གསོག་]ཅིང་གློ་རྡོལ་ལྡང་བར་བྱེད། །བཞི་པ་བཅོས་ཐབས་སྐྱུ་རུ་སླེ་ཁྲེས་[ཏྲེས་]འབྱེད་ཐང་བཏང་། །དེ་ཡི་རྗེས་ལ་གང་ཉེའི་རྩ་ལ་གཏར། །དེ་འོག་ལྟོ་དང་རྩ་ནས་དག་པར་སྦྱང༌། །བྲག་ཞུན་འོམ་བུའི་ཁན་དྷ་[ཁཎྜ་]དམིགས་ལ་བྱུང་[བྱུག]། །བདུད་རྩི་ལྔ་ཡི་ལུམ་[ལུམས་]ཀྱིས་སྐྲང་ན་[པ་]འདུལ། །ཡང་ན་མེ་ཏོག་སྣ་ཚོགས་ལུམ་[ལུམས་]སུ་བཞག །མ་ཞི་བྱ་བྲ་འབམ་པོ་སྤྲུལ་[སྤྲུ་]མ་ཡི། །ལུམ་[ལུམས་]བྱས་རྣག་ཏུ་བཀུག་ལ་སྨིན་ནས་བརྡོལ[བརྟོལ]། །སྦང་མའི་འཇིབ་བྱ་ཧྲེམ་ན་ལུམ་[ལུམས་]དང་སྤེལ། །དོན་སྣོད་རྣག་འབྱམས་དངུལ་ཆུའི་རིལ་ལུས་[བུས་]སྐེམ། །གར་བབ་གནས་དང་སྦྱར་བའི་ཕྱེ་མ་སྦྱར། །འབའ་སམ་མར་ལ་ར་[རྭ་]སྣ་འཁྲིས་[མཁྲིས་]སྣ་དང༌། །བཟང་དྲུག་སྦྲང་དང་སྦྱར་བས་སྐེམ་པར་བྱེད། །རྗེས་གཅོད་རྩ་སྒོ་རྨ་སྟེང་མེ་བཙའ་བཞག །ཅེས་གསུངས་སོ།།

གསོ་བྱེད་[བྱའི་]ནད་འབུམ་ནག་པོ་ལས་སུར་ཡ་བཅོས་པའི་ལེའུ་སྟེ་དོན་གཉིས་པའོ།། །།



མཐའ་མའི་འདོན་ཐེངས་།: 04.01.2024 ཉིན། 3:59 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།