སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་བཅོ་ལྔ་པ། གནས་སྐབས་ཀྱི་སྤྱོད་ལམ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་བཅོ་ལྔ་པ། གནས་སྐབས་ཀྱི་སྤྱོད་ལམ་བསྟན་པ།

དེ་ནས་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་(བསྩལ་)པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །གསུམ་པ་གནས་སྐབས་སྤྱོད་པ་བསྟན་པ་ནི། །

བཀྲེས་བཀག་ལུས་ཞིག་ཉམ་ཆུང་ཡི་ག་འཆུས། །མགོ་འཁོར་དེ་ཟས་ཡང་སྣུམ་དྲོ་ཆུང་སྦྱར། །སྐོམ་བཀག་ཁ་སྐམ་མགོ་འཁོར་སྙིང་ནད་འབྱུང༌། །མྱོས་(སྨྱོ་)འགྱུར་དེ་བསལ་ཆོ་ག་ཐམས་ཅད་ཕན། །སྐྱུགས་བཀག་དང་ཁ་འགག་དང་དབུགས་མི་བདེ། །སྐྱ་སྦབ་(རྦབ་)མེ་དབལ་གཡན་པ་འབྲས་དང་མཛེ། །མིག་ནད་ལུད་པ་རིམས་ནད་འབྱུང་བར་འགྱུར། །སྙུང་(སྨྱུང་)གནས་དུད་རྣོན་ཁ་བཀང་དབོ་བར་བྱ། །སྦྲིད་བཀག་དབང་པོ་མི་གསལ་མགོ་བོ་ན། །གཉའ་བ་རེངས་དང་ཁ་ཡོ་འགྲམ་ཆག་འགྱུར། །དུར་(དུད་)རྣོན་སྣ་སྨན་ཉི་མ་ལྡ་(བལྟ་)བས་གསལ(བསལ)། །གཡལ་བཀག་དེ་འདྲ་ཆོ་ག་རླུང་འཇོམས་ཕན། །ངལ་དུབ་དབུགས་བཀག་སྐྲན་དང་སྙིང་ནད་འབྱུང༌། །མྱོས་(སྨྱོ་)འགྱུར་དེར་ནི་ངལ་གསོ་རླུང་སེལ་ཕན། །གཉིད་བཀག་ལུས་རྙོང་(སྙོམ་)གཡལ་མང་མགོ་བོ་ལྗི(ལྕི)། །མིག་འགྲིབ་ཁ་ཟས་མི་འཇུ་ཤ་ཁུ་དང༌། །ཆང་འཐུང་བསྐུ་མཉེ་བྱ་ཞིང་གཉིད་ལོག་ཕན། །ལུད་པ་བཀག་པས་ལུས་(ལུད་)འཕེལ་དབུགས་མི་བདེ། །ཤ་སྐེམ་སྐྱེགས་(སྐྱིགས་)བུ་སྙིང་ནད་ཡི་ག་འཆུས། །དེར་ནི་ལུད་པ་བསལ་བའི་ཆོ་ག་བྱ། །མཆི་མ་བཀག་པས་སྙིང་དང་མགོ་བོ་ན། །སྣ་ཆུ་འཛག་ཅིང་མགོ་འཁོར་ཡི་ག་འཆུས། །དེ་ལ་ཆང་འཐུང་གཉིད་ལོག་གཏམ་སྙན་ཕན། །ཕྱེན་བཀག་(རྟུག་སྐམས་ཕྱེན་དང་བཤང་བ་འགག །སྐྲན་གཟེར་མིག་རྟུལ་དྲོད་ཆུང་སྙིང་ནད་འགྱུར། །བཤང་བ་བཀག་པས་ཁ་རུ་མི་གཙང་འབྱུང༌། །ཀླད་པ་ན་ཞིང་ཉ་(ཉྭ་)འགྱུར་ཆམ་པས་འདེབས། །སྔར་བཤད་ནད་འབྱུང་གཅིག་(གཅིན་)བཀག་རྡོལ་(རྡེའུ་)ནད་འབྱུང༌། །ཆུ་སོ་ཕོ་མཚན་དཀུ་ན་སྔར་ནད་འབྱུང༌། །དེ་སྨན་རེང་བུ་མས་བཏང་ལུས་བཅིང་དང༌། །བསྐུ་བྱུག་དུགས་དང་སྨན་མར་བསྟན་(བསྟེན་)པར་བྱ། །ཁུ་བ་བཀག་པས་དེད་(དེ་)འཛག་ཕོ་མཚན་ན། །ཆུ་འགག་རྡེའུ་འཕེལ་དང་མ་ནིང་འགྱུར། །མས་གཏོང་ལུས་བཅིང་བུད་མེད་སྤྱད་པར་བྱ། །ཏིལ་མར་འོ་མ་ཁྱིམ་བྱའི་ཤ་ཆང་གཏང༌། །དེ་ལྟར་ཤུགས་དང་བཀག་དང་རྩིར་(བཙིར་)བ་ཡིས། །ནད་ཀུན་འབྱུང་འགྱུར་འཕྲལ་དུ་རླུང་འཁྲུག་(འཁྲུགས་)པས། །དེ་ཕྱིར་དེ་ཡི་ཟས་དང་སྨན་སྐོམ་སྦྱར། །ནད་གང་སྙུང་(སྨྱུང་)དང་ཞི་བས་གཞུ་(བཞུ་)བྱས་ཀྱང༌། །རོ་ནི་ལྡང་སྲིད་ལེགས་སྦྱང་སླར་མ་(མི་)འབྱུང༌། །དེ་ཕྱིར་དགུན་བསགས་གྲང་ནད་དཔྱིད་དུ་(དུས་)སྦྱངས། །སོས་བསགས་དབྱར་སྦྱང་དབྱར་བསགས་སྟོན་དུས་སྦྱང༌། །ལེགས་པར་སྦྱངས་པས་རོ་ཐོན་ནད་མེད་འགྱུར། །རྟག་ཏུ་ཕན་པའི་ཟས་དང་སྤྱོད་ལམ་རྣམས། །ཉམས་ལྡན་བསྟེན་པར་བྱེད་ན་ནད་མི་འབྱུང༌། །ནད་ཀུན་མི་སྐྱེ་སྐྱེས་པ་ཞི་བྱའི་ཕྱིར། །གནས་སྐབས་སྤྱོད་པའི་ཆོ་ག་འདི་ཉིད་བསྔགས། །ཞེས་གསུངས་སོ། །

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལ་(ལས་)གནས་སྐབས་སྤྱོད་པ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།




 

མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 11:19 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།