སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ང་གཅིག་པ། དབུགས་མི་བདེ་བ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ང་གཅིག་པ། དབུགས་མི་བདེ་བ་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན།དབུགས་མི་བདེ་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་བཞི་ཡིས་བསྟན་གྱིས་ཟུངས། །རྒྱུ་རྐྱེན་མ་ཞུ་བད་ཀན་འཕེལ་ཏེ་དངས་མའི་ལམ་བཀག་ནས། །ལུད་འཕེལ་དབུགས་ལམ་བཀག་པའི་རྒྱུ་ལས་བྱུང༌། །གཉིས་པ་དབྱེ་ན་ཕྲན་ཚེགས་མུན་ཅན་དབུགས་ཆད་དང༌། །ཆེན་པོ་གྱེན་འབྱུང་ཞེས་པ་རྣམས་[རྣམ་]པ་ལྔ། །གསུམ་པ་རྟགས་ནི་སྙིང་ཀའི་[ག་]ལྕིབ་ལོག་[རྩིབ་ལོགས་]རྒྱངས་སམ་གཟེར། །ལྟོ་སྟོང་དབུགས་རྒོད་ཡང་ན་བཞིག་[གཞའ་]བར་འགྱུར། །ཕྲན་འཚོགས་[ཚེགས་]འགྲང་ངོམ་[འགྲངས་ངོམས་]འདུག་རྗེས་དྲག་ཤུལ་བྱས་པས་འབྱུང༌། །མུན་ཅན་གློ་མིག་བད་ཀན་འགགས་པ་ཡིས། །ལུད་པ་མང་ལ་གྲེང་[གྲེ་]བ་ངར་ཅིང་འཛེར། །ཉལ་ན་མི་བདེ་རོ་སྟོད་རྕིབ་ལོགས་གཟེར། །དབུགས་ཆད་བད་ཀན་གློ་མིག་བད་ཀན་འགགས་པ་ཡིས། །གྱིན་[གྱེན་]རྒྱུའི་མཐུ་ཉམས་དབུགས་འབྱིན་མི་དབེ[བདེ་]ན། །སྐད་སྨྲད་[སྨྲ་]གཞུག་འཆད་[ཆད་]གསང་གཏམ་སྨྲ་བ་འདྲ། །ཆེན་པོ་སྐད་འཛེར་བགུལ་[མགུལ་]སྐམ་ང་རོ་ཆེ། །བསྐྱོད་ཚེ་དབུགས་རྒོད་ལུད་པ་མང་དུ་འོང༌། །གྱེན་འབྱུང་བད་ཀན་འབྱུང་ལམ་བཀག་པ་དེས། །ཕྱིར་འབྱིན་བདེ་ཞིང་ནང་དུ་དབུགས་རྔུབ་དཀའ། །བཞི་པ་བཅོས་ཐབས་བུ་ག་འགགས་པའི་བད་ཀན་བསལ་བའི་ཕྱིར། །སྤྱི་དང་བྱེ་བྲག་གཉིས་སུ་བཅོས་པར་བྱ། །སྤྱི་བཅོས་བུ་ག་བསལ་ཕྱིར་རྒྱམ་ཚྭ་ཏིལ་གྱིས་ལུས་ཀུན་བྱུག །ཚ་བ་ཤས་ཆེ་ཆུ་དྲོན་སྣུམ་ཅན་བླུད། །སྐྱུག་སྨན་འཁྲུ་སྨན་འཇམ་པོས་བུ་ག་སྦྱངས་། །སྟར་བུ་རྒྱམ་ཚ་དན་དྷ་[ད་]སྤྱང་ཚེར་བ། །རྒྱ་ཚ་རི་ཤོ་པི་ལིང་རླུང་འཁྲུགས་སེལ། །དེས་སྦྱངས་མ་དག་ནད་ལྷགས་[ལྷག་]དུད་པས་བསལ། །ཨ་དཀར་[ག་]རུ་དང་གུ་ཁུལ་[གུལ་]དཀར་ནག་དང་། །བླ་[གླ་]སྒང་རྡོ་དྲིག་[དྲེག་]སྤངས་[སྤང་]སྤོས་ཨ་རུ་ར། །ཤིང་ཚ་ཧ་རེ་ནུ་[ཎུ་]ཀ་ཤིང་མངར་བྱི་ཏང་ཀ །གླ་རྩི་སྲ་[སྤྲ་]ཚིལ་དུ་བ་མེ་རུ་བསྲེག །ཡང་ན་སྤོས་དཀར་སྡོང་[ལྡོང་][རོས་]ཨ་ཀར་[མར་]སྦྱར་བདུག །རྟ་འམ་བ་གསར་ལྕི་ཁུར་སྦྱར་ལ་བླུད། །ཤིང་མངར་པི་པི་ལིང་དང་ཤིང་ཚ་བ། །བ་ལྕི་སྦངས་སྦྱར་བུ་རམ་སྦྲང་སྦྱར་བཞིན[བྱིན]། །མར་གསར་ཞོ་སྤྲིས་[སྤྲིས་]རླན་གནས་ཤ་རྣམས་བཟའ། །ཉེས་པ་གང་ཆེའི་ཤས་དང་སྦྱར་བཅོས་ཏེ། །རླུང་ཤས་ཅན་ལ་སྣུམ་ཆོས་རི་བོང་ཤ །ཙང་བུ་རམ་གསར་པི་ལིང་སྦྱར་བ་བླུད། །སྐེ་སྟོངས་[སྟོང་]དངས་[དང་]པོ་བསྲེག་ལ་མཁྲིས་ཤས་ཅན། །དུར་བྱིད་ཧུང་[ཧོང་]ལེན་གསེར་མེ་སྦྱངས་ལ་འབྲས་མཆིན་[ཆན་]ལ། །པི་ལིང་ཅུ་གང་ལྒ་མར་སྦྱར་བ་བླུད། །བད་ཀན་སྐྱུག་བཏང་མ་ནུ་ཟུར་པ་དང་། །སྐྱུ་རུ་སྦྲང་རྕི་སྦྱིན་ལ་ཁྲག་གྱུར་རྕ་[རྕེ་]ཆུང་ཐོང་རྕ་གཏར། །གཉིས་པ་བྱེ་བྲག་ཕྲན་ཚོགས་[ཚེགས་]ནད་ལ་བཅོས་མི་དགོས། །ཕྱི་མ་བཞི་ལ་སྟར་བུ་སྐྱུ་རུ་ར། །རུ་རྟ་ཤིང་མངར་ཞོ་སྦྱར་བད་ཀན་དྲང༌། །དེ་འོག་མུན་ཅན་ཙན་དན་ཅུ་གང་དང༌། །ཤིང་མངར་ཀ་ར་དྲི་ཆུ་བར་པས་ཕུལ། །དབུགས་ཚད་ཅུ་གང་ཤིང་རྕ་[ཚ་]སུག་སྨེ་[སྨེ་]ལ་དང༌། །པི་པི་ལིང་དང་ཀ་ར་སྦྲང་སྦྱར་བཏང༌། །ཡང་ཨ་ཀྲོང་སྦྲང་རྩི་རྟ་སྦངས་ཁུ་བས་ཕུལ། །ཆེན་པོ་སྒོང་ཐོག་སྲོ་ལོ་དཀར་པོའི་ཐང༌། །ལོ་བརྒྱད་དྲི་ཆུ་ཀ་རས་རོ་བསྒྱུར་བཏང༌། །གྱེན་འབྱུང་མ་ནུ་སྦྲང་གི་འདི་[ལྡེ་]གུ་བྱིན། །ཀུན་ལ་སྐྱོར་གང་[གོང་]རྩ་དང་ཐོང་རྩ་གཏར། །གོ་ཆེན་གོ་ཆུང་རྐེ་[སྐེ་]སྟོང་ཐུར་མས་གསེར[གསེང༌]། །ཞེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་དབུགས་མི་བདེ་བ་བཅོས་པའི་ལེའུ་སྟེ་ལྔ་བཅུ་གཅིག་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:14 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།