སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་གྱ་ལྔ་པ། བརྗེད་བྱེད་བརྒྱལ་གདོན་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་གྱ་ལྔ་པ།  བརྗེད་བྱེད་བརྒྱལ་གདོན་གསོ་བ། 

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལས་[ལ་]སོགས་གསོ་བ་འཛིན་པ་ཀུན། །བརྗིད་[བརྗེད་]བྱེད་རྒྱུ་རྐྱེན་དབྱེ་བ་རྟགས་དང་བཅོས། །དང་པོ་སྨྱོ་བྱེད་གདོན་པ་[དང་]འདྲ་བ་ལ། །དབྱེ་བ་རླུང་མཁྲིས་བད་ཀན་དུག་གདོན་ལྔ། །རྟགས་ནི་བྱུང་ཚུལ་སྙིང་གདར་[འདར་]མགོ་བོ་འཐོམ། །རྔུལ་འབྱུང་སྦོབ་[སྦོ་]ཞིང་སྟོབས་ཆུང་རུས་ཤིང་ན། །ཁ་སྣ་ཆུང་[ཆུ་]མང་ནད་ལྡང་དུས་ན་འགྱིལ[འགྱེལ]། །སོ་འཆའ་ཡན་ལག་གཡོན་[གཡོབ་]ལ་འདར་ཞིང་འཁྲིག[འཕྲིག] །སྦུབ་[ལྦུ་]བར་སྐྱུག་ཅིང་མུན་པར་ཞུག་[ཞུགས་]པ་འདྲ། །རླུང་འགྱུར་[གྱུར་]རྐང་ལགས་[ལག་]རིང་[རེངས་]ཤིང་ཡང་ཡང་ལྡང༌། །མཁྲིས་པ་བཞིན་སེར་ཁ་སྐམ་ཞུ་དུས་ལྡང་། །བད་རྐན་[ཀན་]ཚིགས་རིང་འཁྲུལ་མེད་[ཁྱད་པར་]ཁ་སྣབས་མང༌། །དུག་གྱུར་ནད་རྟགས་མི་གསལ་ཤེས་པ་འཁྲུལ། །གདོན་གྱུར་སྤྱོད་པ་མི་བཟོད་འགྱུར་ཞིང་འཆམ། །བཅོས་ཐབས་སྣ་ཤལ་[བཤལ་]ནི་རུས་ཧིས་[རུ་ཧ་ཡིས་]བཅོས། །སྐྱུག་ཁྲུས་རྣོན་པོས་བུ་ག་ནད་བཀག་སྦྱངས། །འུག་པ་བྱ་རོག་བྱ་རྒོད་ཟེར་མོང་[མོ་]སྦྲུལ། །ཁྱི་སྤྲེ་རྟ་ཡི་ཤ་ཁུ་བོན་[སྒྲོ་]བྲུན་བདུག །ཝ་ཁྱི་བྱི་མའི་[ལའི་]མཁྲིས་པ་སྣ་སྨན་བཏང་། །བད་ཀན་དེ་ཡི་རླུང་ལ་སྣ་སྨན་ཤིས། །བ་ཡི་སྣ་[རྣམ་]ལྔ་མཁྲིས་པའི་ནད་ལ་ཤིས། །ཆུ་དག་རུ་རྟ་མར་རྙིང་སྦྲང་སྦྱར་བཏང་། །འབོག་ཡུན་རིང་ལ་སོར་མོ་ཉི་ཤུ་བསྲེག །འཇམ་རྩི་བུར་ཆང་བཏང་ཞིང་རླུང་གསང་བསྲོ། །སྲོག་རྩ་མྱོས་བྱེད་དོན་གང་[གསང་]མེ་ཐུར་ནི། །ནུ་མ་གཡོན་ནས་མཆིན་[མཆན་]འོག་ཚོན་གང་བསྲེག །བྱེ་བྲག་གསོ་བ་སྨྱོ་བྱེད་གདོན་དང་འདྲ། །རླུང་ལ་འཇམ་རྕི་མཁྲིས་ལ་བཤལ་གྱིས་སྦྱངས། །བད་ཀན་ནད་ལ་སྟོང་[སྟོད་]འདྲེན་སྐྱུག་པ་གཅེས། །ལར་ན་སྨྱོ་བྱེད་བརྗིད་[བརྗེད་]བྱེད་གང་ལ་ཡང་། །ཁྲག་མཁྲིས་ཚ་བའི་ཕུགས་བཅས་བཅོས་མི་ལེན། །དེ་བས་དང་པོ་བཤལ་བཏང་ཆ་བ་སྦྱར[སྦྱང་]། །དེ་འོག་ཟས་སྨན་དྲོད་བཅུད་མེ་ཡིས་གསོ། །སྨྱོ་དང་བརྗོད་[བརྗེད་]བྱེད་ཕལ་ཆེན་[ཆེར་]གདོན་ཡིན་ལ། །བསྐངས་[བསྐང་]བཤགས་ཁྲུས་གཏོར་བདེན་བདར་ཞིང་[ཞི་]བས་བསྟེན། །སྟེང་གདོན་དཔེ་བཅོས་འོག་གདོན་ཆུ་གཏོར་དང་། །ཀླུ་གཏོར་མདོས་དང་གཏོར་མས་བྲིད་ལ་བཅོས། །དེས་མ་ཐུབ་ན་ཐ་མ་གནན་[མནན་]དང་བསྲེགས། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་བརྗིད་[བརྗེད་]བྱེད་རྒྱལ་[བརྒྱལ་]གདོན་གསོ་བའི་ལེའུ་སྟེ་གྱ་ལྔ་པའོ།། །།


མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 2:49 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།