སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་དགུ་པ། འོར་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་དགུ་པ། འོར་ནད་གསོ་བ།

དེ་ནས་ཡང་མཚོ་[འཚོ་]མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ཁང་[ཁོང་]ནད་འོར་ནད་གསོ་བ་རྟན་[བསྟན་]གྱིས་ཉོན། །འདི་ལས་[ལ་]གསོ་རྒྱུ་སྐྱེན་[རྒྱུ་རྐྱེན་]དབྱེ་བ་དང་། །རྟག་[རྟགས་]དང་བཅོས་ཐབས་རྣམས་[རྣམ་]པ་བཞི་ཡིས་བསྟན། དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག འོར་ནད་གསོ་བ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན། །རྒྱུ་རྐྱེན་ཟས་དུས་རྐྱེན་གྱིས་བསྐྱེད་པ་གསུམ། །རྒྱུ་ནི་ཁ་ཟས་མ་ཞུ་དང་[དྭངས་]སྙིགས་མ་ཕྱེད་པ་དང་། །མཆིན་ཡུལ་ཟུངས་སུ་མ་སོང་ངན་ཁྲག་རྒྱས། །དེ་ཉིད་ཤ་ལྤགས་[པགས་]ཚིལ་བུར་བྱས་པ་[བྱེར་བ་]ཡིས། །ཆུ་སེར་བསྐྱེད་པས་ཆུ་སེར་འོད་[འོར་]དུ་ལྷུང་། །དུས་བསྐྱེད་སྐྱ་རྦབ་རྙིང་ལས་བྱུང་བ་ཡིན། །རྐྱེན་བསྐྱེད་ནད་ཀུན་བཅོས་ཉེས་འཁྲུགས་ལས་བྱུང༌། །གསུམ་པ་དབྱེ་བ་རླུང་མཁྲིས་བད་ཀན་དང༌ཁྲག །དུག་དང་གནད་[བསྣད་]ལས་བྱུང་བ་དྲུག་ཏུ་བཤད། །གསུམ་པ་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་རྟགས་རྩ་གསུམ་[རྣམས྄ཐམས་ཅད་འཁྲུག་ཅིང་ཚ། །ལུས་དང་ཡན་ལག་ཆ་སྙོམ་ལ་ངར་[ངལ་]བ་སྟེ། །དྲོད་ཆུང་དང་ཁ་འགག་ལ་ཟས་མི་འཇུ། །དེ་རྗེས་ལུས་ཀུན་གཡོ་ཞིང་སྐྲངས་པ་སྟེ། །ཁྱད་པར་གདོང་བོལ་བྲང་གསུམ་[གསུས་]ཆུ་པོ་སྐྲང་[སོ་སྐྲངས]། །ཤ་དང་ལྤགས་[པགས་]པའི་བར་དུ་ཆུ་སེར་ཁེངས། །འོག་ཏུ་གང་བཅུག་ཡོན་པོར་སྐྲངས་པ་ཡིན། །གཉིས་པ་བྱེ་བྲག་རྟགས་ལ་རླུང་འོར་ལུས་འདར་རྩེ་[བརྩེ]། །སྐྲངས་སོབ་ཉིན་མོར་གཉིད་ཆེ་མཚན་མོ་ཆུང༌། །མཁྲིས་འོར་(མིག་)ཆུ་ལྤགས་[པགས་]སེར་དྲོས་ན་སྐྲངས། །ཁྲག་འོར་རྩ་རྣམ་[རྣམས་]གཟེར་འཁྱུག་མིག་ཆུ་དམར། །བད་ཀན་ལུས་གྲང་བགྲང་ན་མི་བདེ་ལ། །སྐྲངས་པ་གཉིན་[ཉིན་]ཆེ་མཚན་མོ་ཆུང་བ་ཡིན། །གདོན་[བསྣད་]འོར་མཚོན་རྨ་ལ་བརྟེན་ཚ་ལ་དམར། །དུག་རེག་བསྲོ་ཞོན་[བསེ་ཞོ་]ཁང་[ཁོང་]དུ་སོང་བའི་རྟགས་ཀྱིས་ཤེས། གསུམ་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་གསར་དུས་སྨྱང་[སྨྱུང་]བྱས་འཇུ་སླ་བསྟེན། །བོང་ང་ཐང་ཤིང་དུག་ཉུང་བྱི་ཏང་ག །ཕོ་བ་རིལ་[རིས་]བསྐོལ་ཁུ་བས་འོར་ནད་སེལ། །སེལ་[སེ་]འབྲུ་ལྔ་པས་ཕོ་བའི་མེ་དྲོད་བསྲུང༌། །འབྲས་བུ་གསུམ་དང་ཧོང་ལེན་ཚ་བ་གསུམ། །དུར་བྱིད་སྣོ་[རྣོ་]བ་ལྕགས་སྣོད་བསྐོལ་ཁུ་ལ། །སྤོས་དཀར་སྦྲང་རྩི་བཏབ་པའི་ཁྲུས་ཀྱིས་སྦྱང༌། །སྤོས་དཀར་བྲག་ཞུན་འབྲས་བུ་གསུམ་ཐང་བླུད། །སླེ་ཏྲེས་སྤོས་དཀར་ཐང་ཤིང་ཨ་རུ་ར། །བ་སྤྲུ་[སྤུ་]བ་ཆུར་སྦྱར་བླུད་འོར་རྣམས་་དང་། །འདུས་པ་ཕལ་ཆེར་འདི་ཡིས་སྦྱང་བ་ཡིན། །ཁྱད་པར་རླུང་ལ་(བ་)ཡི་རྣམ་ལྔའི་མར། །ཟས་སྔོན་ཤ་ཁུ་བཏང་རན་དེའི་ཆང་། བཟའ་དང་བྱུག་པ་འཇོམ་[འཇམ་]རྩིར་བཏང་བ་དང༌། །ཁ་རུ་ཚ་ལྒ་ཨ་རུ་མར་སྦྱར་བྱུག །མཁྲིན་[མཁྲིས་]འོར་སྦྱོང་རྗེས་བཟང་དྲུག་འགྲོན་ཐོད་ཐལ། །ཚ་བ་གསུམ་དང་བྲག་ཞུན་སྲོ་[སོ་]མ་ར། །ཀ་ར་སྦྱར་བས་མཁྲིས་འོར་སྐེམ་པར་སྟེ། །དེ་ཡང་ཏིག་ཏའི་སྨན་མར་ཆེ་འབྲིང་སྦྱར། །ཁྲག་འོར་སྦྱང་རྗེས་ག་ཕུར་[པུར་]རྩ་ལྔ་ལ། །ཆུ་སེར་སྨན་བསྒྱུར་སིང་ལྡིང་[སེང་ལྡེང་]ཁུ་བས་ཕུལ། །རྩ་ཁ་བྱེད་[ཕྱེ་]ཙམ་མང་དུ་གཏར་བར་བྱ། །འབྲས་བུའི་སྨན་མར་རྗེས་གཅོད་བྱ་བ་ཡིན། །བད་ཀན་གྲོང་[གྲང་]འོར་སྦྱང་རྗེས་ཐལ་སྨན་རྣོན་པོས་བསྐམ། །གནོད་[བསྣད་]པའི་འོར་ལ་ཁྲག་བྱུང་[དབྱུང་]བསིལ་བས་བྱུག །ཏིག་ཏ་ཧོང་ལེན་ཙན་འདན་[དན་]བྲག་ཞུན་གྱེར་[སྦྱར]། །དུག་བསྐྱེད་པ་ལ་དུག་གི་གསོའ་[གསོ་]བ་སྦྱར། །འོར་ནད་སྤྱི་དང་གསོ་བ་ལྟག་སྤྲད་བྱ།།

གསོ་བྱའི་ནད་འབུམ་ནག་པོ་ལས་འོར་ནད་གསོ་བའི་ལེའུ་(སྟེ་)དགུ་པའོ།།  །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:48 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།