སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ང་བརྒྱད་པ། གཅིན་སྙིའི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ང་བརྒྱད་པ། གཅིན་སྙིའི་ནད་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྕལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །གཅིན་སྙིའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་། །རྟགས་དང་བཅོས་ཐབས་བཞི་ཡིས་བསྟན་པར་བྱ། །རྒྱུ་རྐྱེན་ལན་ཚ་[ཚྭ་]མངར་བསིལ་ལྗི་[ལྕི་]བའི་ཟས། །བུ་རམ་ཉ་ཤ་དར་བ་ཆང་འབྲུ་མར། །རླན་ཅན་མལ་འདུག་བད་ཀན་ཚིལ་འཕེལ་བས། །ལྒང་པར་ཟགས་པས་ཟ་ཁུ་འཕེལ་བར་བྱེད། །གཉིས་པ་དབྱེ་བ་རླུང་འཁྲིས་[མཁྲིས་]བད་ཀན་རྣམས་[རྣམ་]པ་གསུམ། །བད་ཀན་ཟ་ཁུག་[ཁུ་]ཆང་ཆུ་བུར་ཤིང་སྨུག །དཀར་[གར་]པོ་འབྲས་ཕྱེ་ཁུ་ཆུ་ཕྱེ་མ་སྙོགས། །བསིལ་དང་ཉུང་འབྱུང་སྣབས་འདྲ་བཅུ་རུ་བཤད། །མཁྲིས་པའི་ཟ་ཁུ་ནས་ཚིག་སྣག་ཚ་དང༌། །སྔན་པ་[སྔོན་པོ་]སྐྱར་[སྐྱེར་]ཁུ་བཙོད་ཁུ་ཁྲག་འདྲ་དྲུག །རླུང་གྱུར་རྐང་ཞག་གླང་ཆེན་སྦྲང་འདྲ་བཞི། །ཆུ་སེར་བད་ཀན་འདྲེས་མར་དམར་སྨུག་དང་། །ཟ་ཁུ་ཉི་ཤུ་གཅིན་སྙིའི་ནད་རིགས་ཡིན། །གསུམ་པ་རྟགས་ནི་སྔོན་[མངོན་]ཚུལ་མལ་སྟན་གཉིད་ལ་རྩི། །རྔུལ་མེད་[མང་]དྲི་མནམ་སྐྲ་དང་སེན་མོ་རང་[རིང་]། །ཁ་མངར་[མངལ་]གྲེ་བ་རྐམ་[རྐན་]སྐམ་བསིལ་ལ་རྩི། །མཐིལ་བཞི་ཚ་ཞིང་གཅིན་མདོག་རྙོག་ཅན་འོང༌། །གཅིན་ཤུལ་དྲི་བྲོ་སྦྲང་མའི་འདུན་[འདུ་]ཚོགས་འདུ། །སྔོན་[མངོན་]ཚུལ་མི་གསལ་མདོག་ལ་ངེས་པ་མེད། །བད་གྱུར་ཁ་ཟས་མི་འཇུ་དང་ཁ་འགགས། །གཉིད་ཆེ་ལུད་པ་མང་ཞིང་སྐྱུག་པར་བྱེད། །མཁྲིས་གྱུར་ལྒང་པ་ཕོ་མཚན་ཟུག་ཅིང་གཟེར། །ཁ་སྐམ་ལུས་ཚད་འཁྲུ་ཞིང་རིམས་ཀྱིས་འདེབས། །རླུང་གྱུར་སྙིང་འཕར་གཉིད་ཆུང་དབུགས་མི་བདེ། །འདར་གཟེར་ཟས་ལ་རྔམ་ཞིང་ལུད་པ་མང༌། །མ་བཅོས་ཡལ་བར་དོར་ན་ཐོར་པ་བཅུ་རུ་འབྱུང་། །ཁམ་ཕོར་དབུས་དམའ་[མཐའ་]མཐོའ་[མཐོ་]རུ་[རུས་]སྦལ་ནད་དུ་ཟུག །དགུ་[སྒུར་]པོ་དྲ་བ་ཅན་ནི་རྩེ་རིང་འོང་། །མེ་དབལ་ཚ་དམར་སྲན་ཆུང་འདྲ་བ་དང་། །ཉུངས་དཀར་མང་[འདྲ་]དང་བིང་དང་རིལ་[བ་ད་ར་]ནི་འབུར། །སྦུ་[ལྦུ་]བཅས་ཁོང་འབྲས་ཆེ་ལ་ཆུང་གིས་བསྐོར། །དངོས་སུ་གནད་སྟེང་ཚིག་[ཚིགས་]ཀྱི་ཁ་རུ་འོང་། །བཞི་པ་བཅོས་ཐབས་ཟ་ཁུ་བད་ཚིལ་གཙོ་ཆེར་བཅོས། །འབྲུ་རྙིང་སྐམས་པོའི་[སའི་]ཤ་ལ་སོགས་པ་ཡི། །ཡང་ཞིང་རྩུབ་པའི་ཟས་སྐོམ་སྤྱོད་ལམ་བསྟེན། །བ་གཅིན་ལྕི་བ་རུས་སྦལ་ལས་བྱུང་ཁ་ཟས་སྤངས། །དལ་[ངལ་]དུབ་མང་དུ་སྤྱད་དང་གཉིད་མི་ལོག །ཡང་ཞིང་རྩུབ་པའི་སྨན་གྱིས་དྲི་[དྲིལ་]ཕྱིས་བྱ། །ཡོང་[ཡུང་]སྐྱེར་སྐྱུ་རུ་གཟེ་མའི་བསྡུས་ཐང་བཏང་། །འབྲས་གསུམ་ཆང་སྦངས་སྐམས་ཕྱེ་སྦྲང་སྦྱར་བཟའ། །བད་ཀན་ལས་གྱུར་ཟ་ཁུ་སྐྱུག་དྲང་ལ། །སེང་ཕྲོམ་བླ་ལྒང་[གླ་སྒང་]ཨ་རུ་ལྒ་ཐང་བཏང་། །པ་ཏྲ་ལི་བྱི་ཙེར་[ཚེར་]བྱི་ཏང་ཀ་ཡི་ཐང༌། །སེང་སྡེང་[ལྡེང་]སྐྱེར་པ་བྱི་ཏང་ཀ་ཡི་ཐང༌། །གང་རུང་སྐག་ཐང་སྦྲང་རྩི་སྦྱར་ལ་བཏང་། །མཁྲིས་པའི་ཟ་ཁུ་སྦྱང་རྗེས་ཤ་ཁུ་བཏང་། །སྐྱེར་པ་ཨ་རུ་སྦྲང་དང་སྦྱར་བའམ། །སླེ་ཁྲེས་[ཏྲེས་]སྐྱུ་རུ་སྦྲང་དང་སྦྱར་ལ་བཏང་། །དུག་མོ་ཉུང་དང་སྐྱེར་པ་ཙི་ཏྲ་ཀ །འབྲས་བུ་གསུམ་གྱི་བསྐོལ་ཁུ་མར་སྦྱར་བླུད། །རླུང་གྱུར་འབྲས་བུ་གསུམ་དང་སྒྲོན་ཤིང་དང༌། །སྐྱེར་པ་བླ་[གླ་]སྒང་མར་དང་སྦྱར་ལ་བཏང་། །ཟུངས་དང་འདྲེས་ཕྱིར་ཤིན་ཏུ་གསོ་བ་དཀའ། །བླ་གཉིས་[གཉན་]ཐོར་པ་གཅིན་བླུད་རྨ་ལྟར་གསོ། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་གཅིན་སྙིའི་ནད་བཅོས་པའི་ལེའུ་སྟེ་ལྔ་བཅུ་ང་བརྒྱད་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:07 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།